སྐབས་བདུན་པའི་ཀྲུང་གོའི་བཟོ་རྩལ་མཛེས་རིས་སློབ་དཔོན་གྱི་དཔྱད་འདེམས་མཇུག་འབྲས་ཉེ་དུས་ཡོངས་བསྒྲགས་བྱས་པ་དང་། རྒྱལ་ཡོངས་ཀྱི་ཞིང་ལྗོངས་དང་གྲོང་ཁྱེར་31གི་མཛེས་རིས་པ་201གི་ཁྲོད་ནས་བཟོ་རྩལ་མཛེས་རིས་སློབ་དཔོན་89འདེམས་ཐོན་བྱུང་ཡོད་པ་རེད།
ནོར་བུ་སྲི་ཐར་ལགས་དང་ཁོང་གི་བརྩམ་བྱ།
དེའི་ཁྲོད་བོད་ལྗོངས་ཀྱིས་འོས་སྦྱོར་རེ་ཞུ་བྱས་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན་པ་ནོར་བུ་སྲིད་ཐར་ལགས་ལ་ཕུལ་དུ་བྱུང་བའི་ལག་རྩལ་དང་ཁྱད་དུ་འཕགས་པའི་མཛེས་རྩལ་གྱི་གྲུབ་འབྲས་ཐོག་ནས་ཀྲུང་གོའི་བཟོ་རྩལ་མཛེས་རིས་སློབ་དཔོན་གྱི་གོ་མིང་རག་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ནོར་བུ་སྲིད་ཐར་ལགས་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྨན་གསར་ལུགས་ཀྱི་ཐང་གའི་རྒྱུད་འཛིན་པ་ཡིན་ཞིང་། ཁོང་གིས་བཙུགས་གནང་བའི་བོད་ལྗོངས་ཐང་གའི་སྒྱུ་རྩལ་གླིང་ནི་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་བོད་ཀྱི་༼༼ སྨན་གསར་ལུགས་ཀྱི་༽ ཐང་གའི་སྲུང་སྐྱོང་ཚན་པ་ཞིག་ཡིན། མིག་སྔར་བོད་ལྗོངས་ཐང་གའི་སྒྱུ་རྩལ་གླིང་ནང་སློབ་མ་40ལྷག་ཡོད་ཅིང་སློབ་གླིང་དེ་ནས་སློབ་ཐོན་ཟིན་པའི་ལྷ་བྲིས་པ་300ལྷག་ཟིན་གྱི་ཡོད་པ་རེད།