ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

བོད་ལུགས་གསོ་རིག་གི་རིག་གནས་མྱོང་རོལ་སློབ་གྲྭའི་ནང་བསྐྱོད་པ།

2019-04-23 སྣང་རྡོས་བསྒྲིགས།
        བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་མས(གཡས)ལྷ་ས་སློབ་འབྲིང་གི་སློབ་མར་སྨན་རྩྭ་དབྱེ་སྟངས་སློབ་པ།(ཟླ་4ཚེས་18ཉིན་པར་བླངས)ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།
        ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་ནས། ཟླ་4ཚེས་18ཉིན། བོད་ལུགས་གསོ་རིག་གི་རིག་གནས་སྤེལ་རེས་དང་མྱོང་རོལ་བྱེད་སྒོ་བོད་ལྗོངས་ལྷ་ས་སློབ་འབྲིང་དུ་སྤེལ་ཡོད། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་མའི་ལས་དོན་པུའུ་དང་ཧའར་པིན་བཟོ་ལས་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་དགེ་སློབ་དང་དེ་བཞིན་ཞོར་གཏོགས་སྨན་ཁང་གི་སྨན་པ་སྒྲིག་འཛུགས་དང་གདན་ཞུ་བྱས་ནས་ལྷ་ས་སློབ་འབྲིང་དུ་བསྐྱོད་དེ་གཞོན་ནུ་ལོ་ཆུང་ཚོར་སྨན་བཅོས་ཤེས་བྱ་འགྲེལ་བཤད་བརྒྱབ་པ་དང་། བོད་ལུགས་གསོ་རིག་སྐོར་གྱི་རིག་གནས་ཁྱབ་གདལ་བཏང་བ་མ་ཟད་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་ཏེ། བོད་ལུགས་གསོ་རིག་སྐོར་གྱི་རིག་གནས་དར་སྤེལ་བཏང་ཡོད།
        བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་གི་ཡོན་ཀྲང་གཞོན་པ། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་བོད་ལུགས་གསོ་རིག་ཚན་ཁག་གི་ཀྲུའུ་རིན་གཞོན་པ་དགེ་རྒན་ཆེན་མོ་པད་མ་ནོར་བུས(གཡོན)ལྷ་ས་སློབ་འབྲིང་དུ་སློབ་མར་སྨན་བཅོས་གནང་བ།(ཟླ་4ཚེས་18ཉིན་པར་བླངས)ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས།
འབྲེལ་ཡོད་རྩོམ་ཡིག