ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

པདྨ་ཚེ་བརྟན་གྱི་སྒྲུང་ཐུང་《ཨོ་རྒྱན་གྱི་ཚེམས》ཞེས་པར་རྩོམ་རིག་བྱ་དགའ་ཐོབ་པ།

2015-04-29 宽太措
tibet.cn ཀ +

བོད་རིགས་གློག་བརྙན་འཁྲབ་ཁྲིད་པའམ་རྩོམ་པ་པོ་པདྨ་ཚེ་བརྟན།

བོད་ཀྱི་འཁྲབ་ཁྲིད་པ་དང་རྩོམ་པ་པོ་གྲགས་ཅན་པདྨ་ཚེ་བརྟན་གྱི་སྒྲུང་ཐུང《ཨོ་རྒྱན་གྱི་ཚེམས》ཞེས་པར༢༠༡༡ལོའི《མཚོ་སྔོན་པོ》རྩོམ་རིག་བྱ་དགའ་ཐོབ་ཅིང་། སྒྲུང་ཐུང་དེ་༢༠༡༡ལོའི་《མཚོ་སྔོན་པོ》ཞེས་པའི་དེབ་གྲངས་ལྔ་བའི་སྟེང་བཀོད་པ་དང་། 《༢༠༡༡ལོའི་ཀྲུང་གོའི་ལོ་རེའི་སྒྲུང་ཐུང》དང《༢༠༡༡ལོའི་ཀྲུང་གོའི་སྒྲུང་ཐུང་ལོ་འདེམས》སོགས་འདེམ་དཔེ་གང་མང་དུ་ཚུད་ཡོད་པ་རེད།

རྒྱུས་ལོན་པ་ལྟར་ན། ཧྥ་རན་སིས་ད་ལོའི་ལོ་མཇུག་ཏུ་པདྨ་ཚེ་བརྟན་གྱི་སྒྲུང་འབྲིང་དང་སྒྲུང་ཐུང་ཕྱོགས་བསྡུས་ཧྥ་རན་སི་པར་གཞི་དཔེ་སྐྲུན་བྱེད་རྩིས་ཡོད་པ་རེད།

འབྲེལ་ཡོད་རྩོམ་ཡིག