ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱི་གློག་བརྙན་བརྩམས་ཆོས་གསར་བ《ཆུ་བོ》ཞེས་པ་ཕབ་སྐྲུན་མཇུག་སྒྲིལ།

2015-04-29

ཉེ་སྔོན། མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་གློག་བརྙན་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན《ཆུ་བོ》ཞེས་པ་དེ་ཕབ་སྐྲུན་མཇུག་སྒྲིལ་བ་རེད། འདི་ནི་ཁོས་ཁེར་རྐྱང་གི་འཁྲབ་ཁྲིད་བྱས་པའི་གློག་བརྙན་ཐོག་མ《དབུས་ལམ་གྱི་ཉི་མ》རྗེས་སུ་རང་གིས་རྩོམ་སྒྲིག་དང་འཁྲབ་ཁྲིད་བྱས་པའི་གློག་བརྙན་བརྩམས་ཆོས་གཉིས་པ་ཡིན།

གློག་བརྙན་ཆུ་བོའི་འཁྲབ་ཁྲིད་པས་ཕབ་སྐྲུན་ཡུལ་དངོས་ནས་འཁྲབ་ཁྲིད་བྱེད་བཞིན་པ།

རྒྱུས་ལོན་པ་ལྟར་ན། གློག་བརྙན་འདི་གྲ་སྒྲིག་ནས་ཕབ་སྐྲུན་ལེགས་འགྲུབ་བྱས་པའི་བར་ལོ་གསུམ་འགོར་ཡོད། གློག་བརྙན་ཕབ་སྐྲུན་ལ་ཆེད་ལས་འཁྲབ་སྟོན་པ་མ་ཡིན་པའི་འཁྲབ་སྟོན་པ་གདན་ཞུ་བྱས་ཏེ། འབྲོག་ཁུལ་གྱི་བོད་མི་དཀྱིས་མའི་ཁྱིམ་ཚང་གི་འཚོ་བར་དོ་སྣང་བྱས་ཤིང་། མཚོ་སྔོན་གྱི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནས་ཕབ་སྐྲུན་བྱས་ཡོད།

འཁྲབ་སྟོན་པ་ཆུང་ཆུང་དབྱངས་ཅན་ལྷ་མོ།

འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་ནི་མཚོ་སྔོན་ཐུན་ཏེ་རྫོང་གི་མི་ཡིན་ལ། སྔ་རྗེས་སུ་མཚོ་སྔོན་དགེ་ཐོན་སློབ་ཆེན་མཛེས་རྩལ་སྡེ་ཁག་དང་པེ་ཅིན་གློག་བརྙན་སློབ་གླིང་ཕབ་སྐྲུན་སྡེ་ཁག་ཏུ་སློབ་སྦྱོང་བྱས་ལ། མིག་སྔར་ཆེད་ལས་གློག་བརྙན་པར་གྱུར་ཡོད། 2002ལོ་ནས་བཟུང་གློག་བརྙན་གསར་རྩོམ་ལ་ཞུགས་ཤིང་། རྒྱལ་ནང་གི་གློག་བརྙན་མང་པོ་ཞིག་ཕབ་སྐྲུན་བྱས་མྱོང་ཡོད་པ་མ་ཟད། གློག་བརྙན 《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》གྱི་མཛེས་རྩལ་པ་དང《འཚོལ》གྱི་བརྙན་ལེན་པའི་འགན་འཁུར་མྱོང་།

ཁོའི་གློག་བརྙན་བརྩམས་ཆོས་ཐོག་མ་སྟེ《དབུས་ལམ་གྱི་ཉི་མ》ཞེས་པར་སྐབས ༣༠ བའི་ཝིན་ཀི་ཧྭའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་བྱ་དགའ་ཐོབ་ལ། སྐབས ༣༥ བའི་ཞང་ཀང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་དམིགས་བསལ་གཟེངས་བསྟོད་བྱ་དགའ་དང་སྐབས་རེ་བཞི་བའི་ལའོ་ཅ་ནོ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྟེང་དེང་རབས་འཁྲབ་ཁྲིད་པའི་འགྲན་རྩོད་བྱ་དགའ་ཐོབ་པ་དང་། སྐབས ༥༥ བའི་དབྱིན་ཇི་ལོན་ཏུན་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དང་སྐབས ༡༤ བའི་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་ཡ་གླིང་འཁྲབ་ཁྲིད་པ་གསར་བའི་བྱ་དགའ་སོགས་ཐོབ་ཡོད།།

ཁ་བྱང་ཕྱི་མོ། འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱི་གློག་བརྙན་བརྩམས་ཆོས་གསར་བ《ཆུ་བོ》ཞེས་པ་ཕབ་སྐྲུན་མཇུག་སྒྲིལ།

འབྲེལ་ཡོད་རྩོམ་ཡིག