ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

༼ལུའུ་ཞུན་གྱི་མི་ཚེ་དང་གསར་རྩོམ་འགྲེམ་སྟོན༽ཞེས་པ་བོད་ལྗོངས་སུ་འགྲེམ་སྟོན་བྱས་པ།

2015-04-29

བོད་ལྗོངས་དངོས་མང་བཤམས་སྟོན་ཁང་དང་ཧྲང་ཧེ་ལུའུ་ཞུན་དྲན་གསོ་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི༼ལུའུ་ཞུན་གྱི་མི་ཚེ་དང་གསར་རྩོམ་འགྲེམ་སྟོན༽ཞེས་པ་ཉེ་ལམ་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་དུ་འགྲེམ་སྟོན་བྱེད་མགོ་བརྩམས་པ་རེད། འགྲེམ་སྟོན་གྱིས༼ཕ་ཡུལ།༽དང༼སྨོན་འདུན།༽༼ཁུང་དབྱི་ཅི།༽༼ཨQགཏམ་རྒྱུད།༽བཅས་ལུའུ་ཞུན་གྱི་མི་སེམས་མགུ་བའི་སྒྲུང་གཏམ་དང་ལྷུག་རྩོམ༡༠ལྷག་འགྲེམ་སྟོན་བྱས་པ་མ་ཟད་དངོས་རྫས་ཀྱང༢༠ལྷག་འགྲེམ་སྟོན་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན་ཐེངས་འདིའི་འགྲེམ་སྟོན་ནི་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་དུ་ཟླ་གཅིག་རིང་སྤེལ་རྗེས་ལྷ་ས་དང་བོད་ལྗོངས་ཀྱི་ས་ཁུལ་གཞན་དག་གི་སློབ་གྲྭ་དང་སྤྱི་ཚོགས་སོགས་སུ་འགྲེམ་སྟོན་བྱ་རྒྱུ་རེད།

འབྲེལ་ཡོད་རྩོམ་ཡིག