ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

ཆུ་ཚོད་འཁོར་ལོ་ཅིའི་ཕྱིར་གཡས་ཕྱོགས་སུ་འཁོར་བ་རེད།

2015-04-29

དོན་དུ་ཆུ་ཚོད་འཁོར་ལོའི་ཚད་རྟགས་ལ་འགྱུར་བ་ཅུང་ཙམ་བཏང་ཚེ་མདའ་ཁབ་གཡོན་ཕྱོགས་སུ་འཁོར་ཐུབ་ནའང་།ཆུ་ཚོད་ཀྱི་རྩིས་རིག་པའི་འཕེལ་རྒྱས་ལོ་རྒྱུས་ཁྲོད།ང་ཚོས་སྲོལ་རྒྱུན་གྱི་མདའ་ཁབ་གཡས་ཕྱོགས་སུ་འཁོར་བའི་རྒྱུ་མཚན་གསལ་བོར་རྟོགས་ཐུབ་པ་རེད།

ཅིའི་ཕྱིར་ཆུ་ཚོད་འཁོར་ལོ་ཐ་དག་གཡས་ཕྱོགས་སུ་འཁོར་བ་རེད།

དེང་སྐབས་མི་རྣམས་ཀྱིས་དུས་ཚོད་ལ་ངོས་འཛིན་སྟངས་ཐད་བལྟས་ན།དུས་ཚོད་ནི་ཚད་མེད་ཇེ་ཆེར་འཕར་བའི་དངོས་ལུགས་ཀྱི་འདུས་ཚད་ཅིག་ཡིན་པ་ཐག་ཆོད་རེད་མོད།དེ་ལྟར་ནའང་། ཉིན་རྒྱུན་གྱི་ཆུ་ཚོད་བརྩི་བའི་ཚད་གཞིའི་ཁྲོད་དེ་ནི་ཟླ་དང་།ཉིན།དུས་ཚོད།སྐར་མ།སྐར་ཆ་བཅས་ལ་དུས་འཁོར་རང་བཞིན་མངོན་གསལ་ལྡན་ཏེ། སྒོར་མཐའི་ཚད་རྟགས་གཞིར་བཟུང་ནས་འཁོར་ཚད་གསལ་བཤད་བྱེད་པའི་ཚན་རིག་ཅིག་རེད།དུས་ཚོད་དང་ཆུ་ཚོད་བརྩི་བ་གཉིས་ནི་ཕན་ཚུན་འབྲེལ་བ་ཡོད་ཀྱང་དུས་ཚོད་ནི་ངོ་བོ་དང་།ཆུ་ཚོད་བརྩི་བ་ནི་དུས་ཚོད་དང་འབྲེལ་བའི་སྣང་ཚུལ་ཞིབ་བརྗོད་བྱེད་པའི་མི་མཐུན་ཕྱོགས་ཀྱང་ཡོད་པ་ཞིག་ཡིན་པས།ཚད་ཡོད་ཀྱི་བར་སྟོང་ཞིག་ཏུ།ཚད་མེད་ཅིག་གསལ་བཤད་བྱེད་དུས།མདའ་ཁབ་ཀྱི་སྒོར་མཐའི་འཁོར་ཚད་ནི་སྟབས་བདེ་ཞིང་ཐད་ཀར་རྟོགས་སླ་བ་ཞིག་རེད།

མིའི་རིགས་ཀྱིས་དེང་ཐོག་ཉིན་ནུབ་དང་དུས་བཞིའི་འགྱུར་བ་ལས་ཆུ་ཚོད་ངོས་འཛིན་བྱེད་ཀྱི་ཡོད་དེ།ཚད་གང་རུང་ནས་བཤད་ན།འགྱུར་བ་དེ་དག་གིས་གདོད་མའི་མིའི་རིགས་ཀྱི་འཚོ་གནས་མངོན་པར་མཚོན་ཡོད་པས།དུས་ཚོད་ཅེས་པའང་ཤིན་ཏུ་ཡ་མཚར་པ་ཞིག་ཏུ་སྣང་ཞིང་།གདོད་མའི་ཤེས་རིག་མི་འདྲ་བའི་ཁྲོད།ཆུ་ཚོད་བརྩི་སྟངས་ནི་གདོད་མའི་ཆོས་ལུགས་ཀྱི་རྣམ་པས་བྱུང་པ་མ་ཟད་།ཡ་ཐོག་ཤེས་རིག་མང་པོའི་ཁྲོད་ཉི་མར་དད་པའི་སྣང་ཚུལ་བྱུང་ཡོད་ལ།དེ་ལས་མི་རྣམས་ཀྱིས་དུས་ཚོད་ལ་གོང་བཀུར་བྱེད་པའི་བསམ་བློ་ཐོན་པ་རེད། སྐབས་དེ་དུས་མི་རྣམས་ཀྱིས་ཉི་མ་ནི་དུས་ཚོད་ཀྱི་གཤེད་མར་འདོད་ནའང་།ཡུན་རིང་པོའི་ལག་ལེན་ཁྲོད།རིམ་བཞིན་ཉིན་ནུབ་དང་།དུས་བཞི།གཟའ་སྐར་བཅས་ཀྱི་ཆོས་ཉིད་ལྡན་པའི་འཁོར་རྒྱུན་རྟོགས་པས།ཉི་མའི་འགུལ་སྐྱོད་གཞིར་བཟུང་པའི་ཆུ་ཚོད་བརྩི་ཐབས་བྱུང་པ་དང་།ཆུ་ཚོད་ཀྱི་རྩིས་རིག་པའང་རིམ་བཞིན་ཆོས་ལུགས་ནས་ཚན་རིག་ཏུ་གྲུབ་པ།ཚན་རིག་དེ་ཉིད་འཕེལ་རྒྱས་བྱུང་ནས་ད་གཟོད་དེང་རབས་ཆུ་ཚོད་ལས་རིགས་གཞི་ཆགས་ཐུབ་པ་བྱུང་།སྤྱིར་དེང་སྐབས་ཀྱི་ཆུ་ཚོད་རྩིས་ཆས་དང་གདོད་མའི་རྩིས་ཆས་གཉིས་མི་འདྲ་ནའང་།དེར་གདོད་མའི་ཆུ་ཚོད་རྩིས་ཆས་ནང་བཞིན་གཡས་ཕྱོགས་སུ་འཁོར་བའི་ཤུགས་རྐྱེན་ཐེབས་ཡོད་པ་རེད།

དེ་ཡང་ཆེས་སྔ་བའི་ཆུ་ཚོད་རྩིས་ཆས་བྱུང་ཚུལ་སྐོར་རྟོག་དཔྱད་བྱ་ཐབས་མེད་ནའང་།དུས་ཚོད་ཀྱི་མདའ་ཁབ་གཡས་ཕྱོགས་སུ་འཁོར་བ་དེས་དེ་ནི་དེང་ཐོག་སའི་གོ་ལའི་བྱང་ཕྱེད་མའི་འཕྲེད་ཐིག་ཅུང་མཐོ་བའི་ཤེས་རིག་ཁྲོད་དར་པ་གསལ་བོར་རྟོགས་ཐུབ་ལ།ཉི་མ་ཤར་ནས་ནུབ་ལ་ཡལ་བའི་ཆོས་ཉིད་ཀྱི་དབང་གིས།སའི་གོ་ལའི་བྱང་ཕྱེད་ཀྱི་དུས་ཚོད་ལྟ་ཆས་ཀྱང་གཡས་ཕྱོགས་སུ་འཁོར་གྱིན་པ་གསལ་བོར་རྟོགས་ཐུབ།དེ་བས།སྲོལ་རྒྱུན་གྱི་འཁོར་སྟངས་དེ་ཆུ་ཚོད་རྩིས་ཆས་ཀྱི་འཕེལ་རྒྱས་གོ་རིམ་ཁྲོད་ད་བར་དུ་བེད་སྤྱོད་བྱུང་པ་རེད།

ཀྲུང་གོའི་བོད་ལྗོངས་དྲ་བའི་སྐད་འཕྲིན་སྤྱི་སྟེགས།

འབྲེལ་ཡོད་རྩོམ་ཡིག