ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

“ཨ་རིའི་ནོ་པེལ་རྩོམ་རིག་གཟེངས་རྟགས”ཀྱི་འོས་མིར་ཚུད་པའི་རྩོམ་པ་པོའི་མིང་ཐོ་ཕྱིར་བསྒྲགས།

2015-06-04
          ཟླ ༦ པའི་ཚེས ༡ ཉིན། རྩོམ་པ་པོ་དགུ་ཡིས་གྲུབ་པའི་རྒྱལ་སྤྱིའི་རང་བཞིན་གྱི་དཔྱད་འདེམས་ཚོགས་པས ༢༠༡༦ ལོའི་ཉུག་སིར་ཐར་རྡུ་རྒྱལ་སྤྱིའི་རྩོམ་རིག་གཟེངས་རྟགས་ཀྱི་འོས་མི་བདམས་ཐོན་བྱུང་ཞིང་། ཀྲུང་གོའི་བུད་མེད་རྩོམ་པ་པོ་ཚན་ཞའོ་ནང་དུ་ཚུད་འདུག
          ཉུག་སིར་ཐར་རྡུ་རྒྱལ་སྤྱིའི་རྩོམ་རིག་གཟེངས་རྟགས་ནི་ཨ་རིར་ཆེས་སྐད་གྲགས་ཆེ་བའི་རྒྱལ་སྤྱིའི་རྩོམ་རིག་གཟེངས་རྟགས་ཤིག་ཡིན་ལ། དེ་ནི་སུའེ་ཏེན་གོང་མའི་ཚན་རིག་ཁང་གི་ལོ་རེའི་ནོ་པེལ་རྩོམ་རིག་གཟེངས་རྟགས་ཀྱི་སྔོན་འགྲོ་ལྟ་བུར་གྱུར་ཡོད་པ་དང་། “ཨ་རིའི་ནོ་པེལ་རྩོམ་རིག་གཟེངས་རྟགས”ཞེས་པའི་མཚན་སྙན་ཡོད་པ་རེད། ཉུག་སིར་ཐར་རྡུ་རྒྱལ་སྤྱིའི་རྩོམ་རིག་གཟེངས་རྟགས་ཐོབ་མཁན་དང་། འོས་མི། དཔྱད་འདེམས་པ་མང་ཤོས་ལ་ནོ་པེལ་རྩོམ་རིག་གཟེངས་རྟགས་ཐོབ་མྱོང་ཡོད་ཅིང་། ད་བར་དུ་གཟེངས་རྟགས་ཐོབ་མཁན་དང་། འོས་མི། དཔྱད་འདེམས་པ ༢༧ ལ་ནོ་པེལ་རྩོམ་རིག་གཟེངས་རྟགས་ཐོབ་ཡོད་པས་ན། ཉུག་སིར་ཐར་རྡུ་རྒྱལ་སྤྱིའི་རྩོམ་རིག་གཟེངས་རྟགས་ལ་ནོ་པེལ་རྩོམ་རིག་གཟེངས་རྟགས་ཀྱི་སྡིངས་ཆ་ཞེས་གྲགས།
          རྩོམ་རིག་གི་གྲུབ་འབྲས་འབུར་དུ་ཐོན་པ་དང་རྩོམ་རྒྱུན་བསྐྱང་ཡོད་མེད་ནི་ཉུག་སིར་ཐར་རྡུ་རྒྱལ་སྤྱིའི་རྩོམ་རིག་གཟེངས་རྟགས་ཀྱི་འོས་མིར་ཚུད་བྱའི་ཚད་གཞི་ཉག་གཅིག་ཡིན་པ་མ་ཟད། འཛམ་གླིང་སྟེང་རྩོམ་སྟངས་ཅི་རིགས་ཀྱི་ལམ་ནས་གསར་རྩོམ་བྱེད་མཁན་གྱི་འཚོ་བཞུགས་རྩོམ་པ་པོ་ཡོད་དོ་ཅོག་འོས་མིར་བདམས་ཆོག་པ་རེད། ད་ལོར། ཉུག་སིར་ཐར་རྡུའི་རྒྱལ་སྤྱིའི་རྩོམ་རིག་གཟེངས་རྟགས་ཀྱི་འོས་མི་དག་འཛམ་གླིང་གི་ཡུལ་གྲུ་ཀུན་ནས་ཐོན་ཡོད་དེ། ལྷག་དོན། ད་རེས་བུད་མེད་རྩོམ་པ་པོའི་འོས་མིས་རྩོམ་པ་པོ་ཡོངས་ཀྱི་མང་ཤོས་ཟིན་འདུག་སྟེ། འོས་མི་དགུ་ལས་བདུན་ནི་བུད་མེད་ཡིན་ལ། དེ་སྔོན་བུད་མེད་རྩོམ་པ་པོ་ཆེས་མང་དུས་ཀྱང་བཞི་མ་གཏོགས་ཡོད་པ་མ་རེད།
  ༢༠༡༦ལོའི་ཉུག་སིར་ཐར་རྡུ་རྒྱལ་སྤྱིའི་རྩོམ་རིག་གཟེངས་རྟགས་ཀྱི་འོས་མིར་ཚུད་པའི་མིང་ཐོ།
ཚན་ཞའོ(ཀྲུང་གོ)
ཁེ་རིར་ཆུག་ཅེར(དབྱིན་ཇི) ཁ་རོ་ལེན་ཧྥུ་ཞེ(ཨ་རི)
ཨ་མེ་ཐ་ན་ཧྥུ་ནོ(དབྱིན་ཇི) ཨན་མ་རེ་མེ་ཁུ་ཐང་ན(ཁ་ན་ཏ)
ཁཱ་ཏ་རོ་ཕེ་ནེ་ཐུར(མོ་ཞི་ཁོ)
ཐང་ཕ་སིན་ཐུ(དབྱིན་ཇི)
ཏུའུ་པུ་ར་ཧྥུ་ཁ་ཝུ་གུ་ལེ་ཞི་ཆི(ཁུ་རོ་ཏི་ཡ)
ཀ་ཧྲན་ཀྲ་ཁུ་ཐང(ཕ་ལེ་སི་ཐན)
          དཔྱད་འདེམས་ཚོགས་པ་དེས་ཁོངས་མི་རྣམས་ད་ལོའི་ཟླ༡༠པར་ཨོ་ཁུ་ལ་ཧུ་མ་གཙུག་ལག་སློབ་ཆེན་དུ་བསྡུ་གྲབས་ཡོད་པའི་ཉུག་སིར་ཐར་རྡུ་རྩོམ་རིག་དུས་ཆེན་སྟེང་འདུ་འཛོམས་ཀྱིས་འོས་མི་དག་གི་དགེ་སྐྱོན་ལ་བགྲོ་གླེང་གནང་རྒྱུ་དང་། བདམས་ཤོག་འཕངས་པ་རྒྱུད་གཟེངས་སུ་ཐོན་མཁན་བདམས་ནས་རྩོམ་རིག་དུས་ཆེན་མཇུག་བསྡུ་བའི་མཛད་སྒོའི་སྟེང་མིང་ཐོ་ཕྱིར་བསྒྲགས་རྒྱུ་རེད། གཟེངས་སུ་ཐོན་མཁན་ལ་གཟེངས་རྟགས་ཨ་སྒོར་ཁྲི་ལྔ་དང་། གཟེངས་རྟགས་དཔང་ཡིག་བཅས་གནང་རྒྱུ་མ་ཟད། ཕྱི་ལོའི་གཟེངས་རྟགས་སྤྲོད་པའི་མཛད་སྒོའི་སྟེང་མིང་རྟགས་འགོད་དབང་ཡང་སྩོལ་རྒྱུ་རེད།
  ཉུག་སིར་ཐར་རྡུའི་རྩོམ་རིག་གཟེངས་རྟགས།
          ཉུག་སིར་ཐར་རྡུ་རྩོམ་རིག་གཟེངས་རྟགས་ནི་སྤྱི་ལོ ༡༩༦༩ ལོར་བཙུགས་ཤིང་། ཨ་རིའི་ཨོ་ཁུ་ལ་ཧུ་མ་གཙུག་ལག་སློབ་ཆེན་དང་རྒྱལ་སྤྱིའི་རྩོམ་རིག་དུས་དེབ《དེང་གི་འཛམ་གླིང་རྩོམ་རིག》ཅེས་པས་ཐུན་མོང་ཐོག་གཙོ་སྒྲུབ་གནང་པ་དང་། ལོ་གཉིས་རེའི་ནང་གཟེངས་རྟགས་ཐེངས་རེར་གནང་ནས་རྩོམ་པ་པོའི་མི་ཚེ་གཅིག་གི་གྲུབ་འབྲས་ལ་གདེངས་འཇོག་གནང་གི་ཡོད། ད་བར་དུ། ནོ་པེལ་རྩོམ་རིག་གཟེངས་རྟགས་ཐོབ་མཁན་དབྱི་ཐ་ལིའི་སྙན་ངག་པ་ཀྲུའུ་སེ་ཕེ་ཝུན་ཅན་ལེ་ཐུ་དང་། ཇེ་སི་ཝ་ཧྥུ་མི་ཝོར། ཨོ་ཁུ་ཐ་ཝེའོ་ཕ་སི། ཐོ་མ་སི་ཐུ་ལང་སི་ཐུ་ལོ་མུ་བཅས་སྐད་གྲགས་ཆེ་བའི་སྒྲུང་གཏམ་རྩོམ་པ་པོ་དང་། སྙན་ངག་པ། འཁྲབ་གཞུང་རྩོམ་པོ་བཅས་ལ་གཟེངས་རྟགས་འདི་ཐོབ་མྱོང་། ༢༠༡༤ལོའི་གཟེངས་རྟགས་འདི་ཐོབ་མཁན་མའོ་སང་པོ་ཁོའི་རྩོམ་པོ་མི་ཡ་ཁུ་ཐོ་ལགས་ད་ལོར་སྐད་གྲགས་ཆེ་བའི་པི་ལང་ཁུ་རྒྱལ་སྤྱིའི་རྩོམ་རིག་གི་གཟེངས་རྟགས་སུ་ཚུད་འདུག
          དེ་ལས་དོ་སྣང་བྱ་འོས་པ་ཞིག་ལ། ཀྲུང་གོ་བའི་ཁྲོད་ཀྱང་གཟེངས་རྟགས་ཐོབ་མྱོང་མཁན་ཡོད་དེ། ༢༠༡༡ལོར་ཀྲུང་གོའི་སྙན་པ་དོ་དོར་ནི་གཟེངས་རྟགས་འདི་ཐོབ་མཁན་གྱི་ཀྲུང་གོ་བ་ཐོག་མར་གྱུར་ཡོད་པ་རེད། ད་ལོར་འོས་མིར་ཚུད་པའི་ཚའོ་ཞའོ་ཡང་ཀྲུང་གོ་ནས་ཡིན་ཏེ། ཁོ་མོའི་བརྩམས་ཆོས་སུ་སྒྲུང་ཐུང་མང་པོ་དང་སྒྲུང་རིང་བཞི་ཡོད་དེ། དེ་ལས་བརྩམས་ཆོས་བདུན་དབྱིན་ཡིག་ཏུ་བསྒྱུར་ཚར་འདུག རྩོམ་རིག་ཞིབ་འཇུག་པ་དང་ཀློག་པ་པོ་མང་པོས་ཁོ་མོ་ནི་འཛམ་གླིང་སྟེང་ཉམས་མྱོང་ཕུན་སུམ་ཚོགས་པའི་རྩོམ་པ་པོ་ཞིག་ཏུ་ངོས་འཛིན་གྱི་ཡོད་པ་མ་ཟད། ཁོ་མོས་ཀྱང་རང་གི་བརྩམས་ཆོས་ནི“བསམ་བློའི་རྩོམ་རིག”དང“འཚོ་བའི་རྩོམ་རིག”ཅིག་ཏུ་ངོས་འཛིན་བྱེད་ཀྱི་འདུག
          དུས་རབས་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན། ཉུག་སིར་རྡིར་ཐུ་རྒྱལ་སྤྱིའི་རྩོམ་རིག་ལའང་འགྱུར་བ་བཏང་ཡོད་དེ། དུས་རབས༢༡པར་སླེབས་རྗེས། བྱིས་པའི་རྩོམ་རིག་གི་རྩོམ་པ་པོ་ཕུལ་བྱུང་བ་དག་ལ་སྐུལ་འདེད་བྱ་ཆེད། ཉུག་སིར་ཐར་རྡུ་རྒྱལ་སྤྱིའི་རྩོམ་རིག་གཟེངས་རྟགས་སུ་ཉུག་སིར་ཐར་རྡུ་བྱིས་པའི་རྩོམ་རིག་གཟེངས་རྟགས་ཞེས་པའང་བཙུགས་འདུག ༢༠༠༣ལོར། མེ་ཨར་རྡུ་ལེ་རྡི་ཐེ་ལུར་བྱིས་པའི་རྩོམ་རིག་གི་གཟེངས་རྟགས་ཐོག་མ་ཐོབ་པ་དང་།གཟེངས་རྟགས་ཐོབ་པའི་བརྩམས་ཆོས་ནི《འབྲུག་སྒྲ་ལྡིར་ལྡིར། བདག་གི་ང་རོར་གསོན་དང》ཞེས་པ་དེ་རེད།
འབྲེལ་ཡོད་རྩོམ་ཡིག