ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་ངེས་སྲོལ་ལ་བརྩི་སྲུང་ཞུ་དགོས་པ་ལས་གང་འདོད་དུ་བྱ་མི་རུང་།

2017-03-02 བྱམས་པས་བསྒྱུར།
          2017ལོའི་ཟླ་2ཚེས་21ཉིན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་དུ་བོད་ཀྱི་རིག་གནས་མུ་འབྲེལ་འཆད་ཁྲིད་སྤེལ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་དེ་སྔའི་འགོ་གཙོ། ཞིབ་འཇུག་པ་ཆེན་མོ། བོད་རིག་པའི་མཁས་དབང་གྲགས་ཅན་སྐུ་ཞབས་ཁྲེན་ཆིང་དབྱིང་གིས་བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་དང་འབྲེལ་ཡོད་ཀྱི་ཤེས་བྱ་འགྲེལ་བཤད་གནང་། འཆད་ཁྲིད་རྗེས་སུ་འདི་གའི་དྲ་བའི་གསར་འགོད་པས་ཁྲེན་ཆིང་དབྱིང་ལགས་གཅིག་པུར་བཅར་འདྲི་བྱས།
          ཉེ་བའི་ལོ་ཤས་རིང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བས་ཡང་སྲིད་བུད་མེད་དུ་འཁྲུངས་པ་དང་སྲོག་ཆགས་སུ་འཁྲུངས་པ། གོ་ལ་གཞན་པའི་མིའི་རིགས་སུ་འཁྲུངས་པ། ཡང་ན་དུས་བབ་བསྟུན་ནས་ཡང་སྲིད་མི་འཁྲུངས་པ་བཅས་ཀྱི་གཏམ་བརྗོད་སྤེལ་གྱིན་ཡོད། ཁྲེན་ཆིང་དབྱིང་གིས་བརྗོད་རྒྱུར་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལམ་ལུགས་ནི་བོད་བརྒྱུད་ནང་བསྟན་གྱི་གཙོ་འཛིན་མི་སྣ་ཤུལ་འཛིན་སྐོར་གྱི་གནད་དོན་ཐག་གཅོད་པར་གསར་གཏོད་རང་བཞིན་ལྡན་པའི་དམིགས་བསལ་གྱི་རྒྱུན་འཛིན་བྱེད་སྟངས་ཞིག་ཡིན། དེ་ལ་རང་གི་རིགས་པའི་གཞུང་ལུགས་དང་རིག་གནས་ཆགས་ཡོད་པའི་ལམ་ལུགས་ཞིག་ཡིན།
          ཁྲེན་ཆིང་དབྱིང་གི་བསམ་པར། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ནི་འཇིག་རྟེན་དུ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྐྱེས་ཆེན་ཞིག་ཏུ་གྱུར་བ་བྱ་དགོས། སློབ་སྦྱོང་། སྒོམ་པ། བསྐྱེད་སྲིང་བྱས་པ་བརྒྱུད་ནང་བསྟན་གྱི་མཁས་དབང་ཞིག་ཏུ་གྱུར། འདིའི་སྟེང་ནས་བཤད་ན། ཡང་སྲིད་ནི་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་ནན་མོ་བརྒྱུད་དགོས་པ་ལས་རང་དགར་འགྱུར་འདོད་ཆོག་པ་མིན། དེ་བས་བླ་སྤྲུལ་གང་ཞིག་གི་ཡང་སྲིད་ངོས་འཛིན་བྱ་རུང་ཚང་མས་གཏན་ཁེལ་སྒྲིག་སྲོལ་བརྩི་བ་ལས་གང་འདོད་བྱ་མི་ཆོག
          སྐུ་ཞབས་ཀྲའོ་ཕུའུ་ཁྲུའུ་ཡིས་དེ་སྔ་ཀྲུང་གོའི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་པའི་དོ་དམ་ལ་ཕྱི་རྒྱལ་གྱི་མི་སྣས་སྐྱོན་བརྗོད་པར་དགག་པ་གཏོང་སྐབས་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་སྐབས་“ཆོས་ལུགས་ལས་རིགས་ཀྱི་སྤྱིའི་སྟོབས་ཤུགས་”དགོས་པ་བརྗོད། སྐུ་ཞབས་ཁྲེན་ཆིང་དབྱིང་གིས་དེ་ལ་མོས་མཐུན་བྱེད། བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱེད་པའི་ལས་འགན་གཙོ་བོ་ནི་ཆོས་ཀྱི་ཁེ་ཕན་དང་སེམས་ཅན་ཁེ་ཕན་སྟེ། ཇི་ལྟར་ཆོས་དང་སེམས་ཅན་ལ་ཕན་པ་ཡིན་ནམ་ཞེ་ན། ལོ་རྒྱུས་ཀྱི་ངོས་ནས་བལྟས་ན་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་ལ་བརྩོན་པ་ལས། གལ་ཏེ་གང་འདོད་དུ་གོ་ལ་གཞན་པའི་མིར་འཁྲུངས་ཚེ་འཆད་རྩོད་རྩོམ་གསུམ་ཅི་ལྟར་བྱ།
          ད་ལྟའི་རྒྱལ་ནང་གི་སྤྲུལ་སྐུའི་སྐྱེད་བསྲིང་གནས་བབ་ལ་དམིགས་ནས། སྐུ་ཞབས་ཁྲེན་ཆིང་དབྱིང་གིས་བརྗོད་རྒྱུར། གྲྭ་བཙུན་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་རྒྱལ་ཁྱབ་ཀྱི་ནང་བསྟན་སློབ་གླིང་སྟེ། དཔེར་ན་པེ་ཅིན་དང་བོད་ལྗོངས། མཚོ་སྔོན་ཚང་མར་བཙུགས་ཡོད། ད་དུང་དགོན་པར་དགེ་བའི་བཤེས་གཉེན་ལ་བསྟེན་ནས་འཆད་སྦྱོང་བྱེད་པ། དང་པོ་ནི་ཆེད་དུ་གདན་ཞུས་གནང་བའི་དགེ་རྒན་གྱིས་སློབ་ཁྲིད་སློབ་སྦྱོང་དང་སྒོམ་སྒྲུབ་ལ་གཞོལ་བ་དང་། རིགས་གཞན་ཞིག་ནི་དགོན་སྡེའི་འཛིན་གྲྭར་ནང་ཆོས་གཞུང་གསུང་རབ་ཁག་ལ་སློབ་སྦྱོང་བྱེད་པ་དཔེར་ན། ལྷ་སའི་དགོན་སྡེ་ཆེ་ཁག་གསུམ་སོགས་དགོན་སྡེ་ཆེ་གྲས་སུ་སློབ་སྦྱོང་དང་། ཡོན་གནས་དམ་བཅའ་འཇོག་པ་བཅས་ནི་ང་ཚོས་དུས་རྒྱུན་བརྗོད་པའི་“ཐོས་བསམ་སྒོམ་གསུམ་”བྱེད་པའི་སློབ་གཉེར་གྱི་གོ་རིམ་ཡིན། སྤྲུལ་སྐུས་སློབ་པ་མཐར་ཕྱིན་ཚེ་འཆད་ཁྲིད་དང་རྩོམ་པའི་ལས་སུ་འཇུག་པ་ལ་འཆད་རྩོད་རྩོམ་གསུམ་གྱི་འཕྲིན་ལས་སྤེལ་པ་ཡིན།
          སྲོལ་རྒྱུན་གྱི་ཤེས་བྱ་ཕུད། ཡང་དུས་རབས་ཀྱི་འཕེལ་རྒྱས་ཀྱི་དགོས་མཁོ་བསྟུན་ཤེས་བྱ་གསར་བ་ལ་སློབ་སྦྱོང་བྱེད་པ་དཔེར་ན། པཎ་ཆེན་རིན་པོ་ཆེས་ནང་བསྟན་གླེང་སྟེགས་སུ་དབྱིན་ཡིག་གིས་གསུང་བཤད་གནང་བ་མ་ཟད། རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་གི་ཤེས་བྱ་ལ་སློབ་སྦྱོང་མང་པོ་བྱས། དེ་ནི་ཆོས་ལུགས་ཀྱི་གཙོ་འཛིན་གསོ་སྐྱོང་བྱེད་སྟངས་ཐད་དུས་རབས་ཀྱི་འགྱུར་བ་དང་བསྟུན་ནས་རྒྱ་བསྐྱེད་བཞིན་ཡོད།
          ཆིང་གོང་མས་ལུང་གིས་བཙུགས་པའི་བོད་ཀྱི་ལས་དོན་བྱེད་ཕྱོགས་སྐོར་གྱི་དོན་ཚན་ཉེར་དགུ་རུ་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་ལམ་ལུགས་གཏན་འཁེལ་གསལ་བོ་བྱས་ཡོད། བླ་སྤྲུལ་ཆེ་ཁག་གི་ཡང་སྲིད་ངོས་འཛིན་བྱ་བར་གསེར་བུམ་དཀྲུག་པའི་ལམ་སྲོལ་བཙུགས།
          ཉེ་བའི་ལོ་ཤས་རིང་སྤྱི་ཚོགས་ཐོག་སྤྲུལ་སྐུ་རྫུན་མ་ཐོན་པའི་སྣང་ཚུལ་ཡོད། ཁྲེན་ཆིང་དབྱིང་ལགས་ཀྱིས་བརྗོད་རྒྱུར་སྤྲུལ་སྐུ་ལ་མ་གཞི་དགོན་པ་ཞིག་གམ་ཡང་ན་དགེ་འདུན་གྱི་སྡེའི་ཁྲོད་ནས་འཚར་ལོངས་བྱུང་བ་དང་ལྷག་པའི་ཡོན་ཏན་མངའ་བའི་བསྟན་འཛིན་གྱི་སྐྱེ་བོ་མཁས་ཆེན་ཞིག་ཡིན་དགོས། ད་ལྟ་སྤྲུལ་སྐུ་རྫུན་མ་མང་པོས་སྤྱི་ཚོགས་ཐོག་སྤྲུལ་སྐུ་དང་གོ་གནས་ཀྱི་མིང་གཡར་ནས་དད་ལྡན་པའི་རྒྱུ་དངོས་གཡོ་ལེན་བྱེད་བཞིན་ཡོད། སྤྲུལ་སྐུ་ངོ་མ་ཞིག་ཡིན་ན་ཁྲིད་རྒྱུན་དང་དགོན་སྡེ་ཡོད་པ། ཡང་སྲིད་ལམ་ལུགས་ཡོད་པ། སྲིད་གཞུང་གི་ཆོག་མཆན་བཀོད་ཡོད་པ་བཅས་གཅིག་ཀྱང་མེད་མི་ཆོག དེ་བས་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་ངེས་སྲོལ་ལྟར་ངོས་འཛིན་བྱ་དགོས་པའི་མི་ཚད། སྲིད་གཞུང་གིས་ཞིབ་བཤེར་ཆོག་མཆན་གནང་བའི་“བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་དཔང་ཡིག་”དགོས། གཉིས་ནི་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱིས་《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས་》བཀྲམས་ནས། ཁྲིམས་ལྟར་ བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོ་འགན་སྲུང་དང་བླ་སྤྲུལ་གྱི་ཡང་སྲིད་དོ་དམ་ལྟ་སྐྱོང་ཚད་ལྡན་བྱེད་བཞིན་ཡོད།
འབྲེལ་ཡོད་རྩོམ་ཡིག