ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

བོད་ལྗོངས་སློབ་ཆེན་ལ་རབ་འབྱམས་སློབ་གནས་11གསར་སྣོན་བྱས་པ།

2018-04-09 སྣང་མཛོད་ཀྱིས་བསྒྲིགས།
         ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གནས་ཨུ་ཡོན་ལྷན་ཁང་གིས་སྤྱི་ལོ་2017ལོའི་འབུམ་རམས་པ་དང་། རབ་འབྱམས་པའི་སློབ་གནས་སྤྲོད་དབང་ཐོབ་པའི་མིང་ཐོ་ཞིབ་དཔྱད་བྱས་ཏེ་གསར་སྣོན་བྱས་པའི་སྐོར་གྱི་བརྡ་ཐོ་བཏང་ཡོད་པ་རེད། བོད་ལྗོངས་སློབ་ཆེན་དུ་རབ་འབྱམས་སློབ་གནས་སྤྲོད་དབང་ཐོབ་ཡུལ་11གསར་སྣོན་བྱས་ཡོད་པ་རེད། རབ་འབྱམས་སློབ་གནས་སྤྲོད་དབང་ཡོད་པའི་རིམ་པ་དང་པོའི་རིག་ཚན་10དང་། ཆེད་ལས་སློབ་གནས་སྤྲོད་དབང་ཐོབ་པ་1བཅས་ཡོད་པ་རེད།
         རབ་འབྱམས་སློབ་གནས་སྤྲོད་དབང་ཐོབ་པའི་རིམ་པ་དང་པའི་རིག་ཚན་གྲས་སུ། སྤྱི་སྤྱོད་དོ་དམ་དང་། ཉེར་སྤྱོད་དཔལ་འབྱོར་རིག་པ། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས། དངོས་ལུགས་རིག་པ། ཁོར་ཡུག་ཚན་རིག་དང་ལས་གྲྭ། ཆ་འཕྲིན་དང་འཕྲིན་གཏོང་ལས་གྲྭ། ས་གཤིས་ཐོན་ཁུངས་དང་ས་གཤིས་ལས་གྲྭ། རྨང་གཞིའི་གསོ་རིག སྨན་རྫས་རིག་པ། སྒྱུ་རྩལ་རིག་པའི་གཞུང་ལུགས་བཅས་ཡོད་པ་རེད། ཆེད་ལས་སློབ་གནས་སྤྲོད་དབང་ཐོབ་པ་ནི་རྩིས་གཉེར་ཡིན་པ་རེད། བོད་ལྗོངས་སློབ་ཆེན་གྱི་རབ་འབྱམས་སློབ་གནས་སྤྲོད་དབང་ཡོད་པའི་རིམ་པ་དང་པོའི་རིག་ཚན་18ཡོད་པ་དང་། ཆེད་ལས་སློབ་གནས་སྤྲོད་དབང་ཡོད་པའི་རིགས་ཁག་5ཡོད་པ། འབུམ་རམས་པའམ་རབ་འབྱམས་པའི་སློབ་གནས་སྤྲོད་དབང་ཡོད་པའི་སློབ་གླིང་10ཡོད་པས་སློབ་གནས་དང་ཞིབ་འཇུག་སློབ་མའི་སློབ་གསོ་ཡོངས་ཁྱབ་བྱུང་ཡོད།
འབྲེལ་ཡོད་རྩོམ་ཡིག