ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

བྱིའུ་སྒང་ལུགས།

2019-01-03 སྣང་རྡོས་བསྒྲིགས།

       དུས་རབས་བཅུ་གསུམ་པའི་ནང་དུ་ཡར་སྟོད་སྤྲུལ་སྐུ་བྱིའུ་སྒང་པས་བལ་བྲིས་ཀྱི་ལེགས་ཆ་སོར་བཞག་ཐོག་བོད་ཀྱི་ས་གནས་སོ་སོའི་རི་མོའི་ཁྱད་ཆོས་མི་འདྲ་བའི་ལེགས་ཆ་བཏུས་པ་རྣམས་ཀྱིས་ཟུར་བརྒྱན། ལྷག་པར་དུ་རང་ཉིད་ཀྱི་རྣམ་དཔྱོད་བློ་གྲོས་ཀྱི་རྩལ་ལས་བྱུང་བའི་བོད་མི་རིགས་ཀྱི་བསམ་པའི་སྙིང་སྟོབས་དང་བརྩེ་དུང་། རེ་འདུན་བཅས་མཚོན་པའི་རི་མོའི་སྒྱུ་རྩལ་གསར་གཏོད་མཛད་པར་རང་ལུགས་བྱིའུ་སྒང་པའི་བྲིས་རྒྱུན་ཞེས་གྲགས་སོ། །
       བལ་ལུགས་བྲིས་རྒྱུན་གྱི་ལེགས་ཆ་སོར་བཞག་ཐོག་བོད་མི་རིགས་ཀྱི་འཚོ་བ་དང་བསམ་བློའི་ཁྱད་ཆོས་མཚོན་པའི་ཉམས་འགྱུར་བཏོན་ཏེ། ལྡེབས་རིས་དང་ཐང་ག་སོགས་ཀྱི་རྒྱབ་ཏུ་ཡུལ་ལྗོངས་ཀྱི་བཀོད་པ་མི་དགོས་པར། གཞི་ཚོན་གཅིག་གི་སྟེང་དུ་རེའུ་མིག་བཀོད་དེ་དབུས་སུ་ལྷ་གཙོ་བོ་དེ་རེའུ་མིག་ཆེ་བ་དང་། མཐའ་སྐོར་དུ་འཁོར་རྣམས་རེའུ་མིག་ཆུང་བ་ཞིག་གི་ནང་དུ་བྲིས་ཡོད། སྨྱུག་རིས་ཞིབ་ཚགས་པ། ལྷ་སྐུའི་གཟུགས་བརྙན་ལྟ་ན་སྡུག་པ་བཅས་བལ་ལུགས་འབྲི་རྒྱུན་ནས་རང་ལུགས་ཀྱི་འབྲི་རྒྱུན་དུ་གསར་གཏོད་མཛད་ཡོད། དེ་ནས་བཟུང་དུས་རབས་གཉིས་ལྷག་ཙམ་རིང་ཐང་གའམ་ལྡེབས་རིས་རྣམས་བལ་རིས་སུ་འབྲི་སྲོལ་དར་བ་དེ་རིམ་བཞིན་བྱིའུ་སྒང་པའི་རང་ལུགས་ཀྱི་བྲིས་རྒྱུན་དུ་དར་འགོ་ཚུགས་པ་ཡིན། བྱིའུ་སྒང་པའི་ལུགས་ཀྱི་ཐང་ག་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་ཐང་གའི་བྲིས་རྒྱུན་ཞིག་ཡིན་པ་དང་། དེང་སྐབས་རི་བོའི་ཆེ་དགོན་སོགས་ཀྱི་གནའ་བོའི་དགོན་སྡེ་ཁག་གི་ལྡེབས་རིས་སོགས་སུ་མཐོང་རྒྱུ་ཡོད་དོ། །
འབྲེལ་ཡོད་རྩོམ་ཡིག