ཟླ་༩ཚེས་༧ཉིན་འཇར་མན་གྱི་ཨ་པུན་སི་པའེ་ཀེར་ཨའོ་ལི་ཕུའུ•ཧྲི་ཐེ་ལུའེ་མུའུ་ཕུའུ་ཡིས་ཧྲེང་གཅིག་ཤོང་བའི་སྦི་རག་པི་ཙེ་༢༧འཁྱེར་ནས“ལག་ཏུ་ཧྲེང་གཅིག་ཤོང་བའི་སྦི་རག་པི་ཙེ་མང་ཤོས་འཁྱེར་ནས་སྨི་༤༠སྐྱོད་པའི”ཅི་ཉི་སི་འཛམ་གླིང་ཟིན་ཐོར་འགྲན་སློང་བྱས་པ།
ཟླ་༩ཚེས་༣༠ཉིན་ཨ་རིའི་ཅ་ལི་ཕུའུ་ཉི་ཡ་ཀྲོའུ་ཡི་ཨོའུ་ཝུན་དུ་གནས་པའི་ཅ་ལི་ཕུའུ་ཉི་ཡ་སློབ་ཆེན་ཨོའུ་ཝུན་ཡན་ལག་སློབ་གྲྭར་མི་རྣམས་སྐར་མ་གཅིག་རིང་གི་སྔས་མགོའི་དམག་ཆེན་ནང་ཞུགས་ཤིང་། ད་རེས་ཀྱི་སྔས་མགོའི་དམག་ཆེན་ནང་སྔས་མགོ་༤༢༠༠བེད་སྤྱད་སྟབས“གཞི་ཁྱོན་ཆེ་ཤོས་ཀྱི་སྔས་མགོའི་དམག་ཆེན”གྱི་ཅི་ཉི་སི་འཛམ་གླིང་ཟིན་ཐོ་བཏོད་པ།
ཟླ་༩ཚེས་༡ཉིན་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུར་ལོ་༨ལ་སླེབས་པའི་ནེ་པ་ལའི་བུ་པི་སི་ཐས(གཡོན)གློག་བརྙན་པར་རྒྱག་ཡུལ་དུ་ལས་ཀ་བྱས་ནས་རྒྱ་གར་བ་ཅི་ཧྲང་གིས་རྒྱུན་འཁྱོངས་བྱས་པའི“འཁྲབ་ཁྲིད་པ་ཆུང་ཤོས”ཀྱི་ཅི་ཉི་སི་འཛམ་གླིང་ཟིན་ཐོ་གཏོར་བ།
ཟླ་༡༠ཚེས་༡༡ཉིན་དབྱིན་ཇིའི་ཀྲི་པུའུ་ལུའོ་ཐོ་གནམ་ཐང་དུ་ལོ་༩༤ལ་སླེབས་པའི་ཐང་མུའུ·ལ་ཅིས་ལག་ཏུ་བཟའ་ཟླ་འདས་པོའི་འདྲ་པར་འཁྱེར་ཏེ་གནམ་གྲུའི་གཤོག་པའི་ཐོག་བསྐྱོད་མ་ཐག་པའི་གཤོག་པ་གཉིས་ལྡན་གྱི་གནམ་གྲུའི་མདུན་དུ་དྲན་རྟེན་པར་བརྒྱབ་ཅིང་། ཉིན་དེར་ཅི་ཉི་སི་འཛམ་གླིང་ཟིན་ཐོ་མང་པོ་ཡོད་པའི་ཐང་མུའུ·ལ་ཅིས་མི་ཚེའི་ནང་གི་དམིགས་ཚད་གཞན་ཞིག་སྟེ་གནམ་གྲུའི་གཤོག་པའི་ཐོག་ལངས་ནས་ཀྲི་པུའུ་ལུའོ་ཐོ་བྲག་རིར་སྐོར་བ་ཐེངས་གཉིས་བརྒྱབ་པ་རེད། གནས་ཚུལ་སྤེལ་བར་གཞིགས་ན། ཐང་མུའུ·ལ་ཅི་ནི་འཛམ་གླིང་ཐོག་ལོ་ན་མཐོ་ཤོས་ཀྱི་གནམ་གྲུའི་གཤོག་པའི་ཐོག་འགྲོ་སྐྱོད་བྱེད་མཁན་ཡིན་པ།
ཟླ་༨ཚེས་༢༦ཉིན་ཐུར་ཁེའི་ཨན་ཁ་རར་དང་བླངས་པ་༦༠༠༠གིས་ཐུར་ཁེ་སྤྱི་མཐུན་རྒྱལ་ཁབ་གཏོད་མཁན་མུའུ་སི་ཐ་ཕ·ཁའེ་མུར·ཨ་ཐ་ཐུ་ཁེའི་བང་སོའི་མདུན་དུ་ལངས་ནས་ཁོང་གི་སྐུ་པར་ཧ་ཅང་ཆེན་པོ་ཞིག་བཟོས་ཏེ་འཆར་ཉེར་ཡོད་པའི“རྒྱལ་ཁའི་ཉིན་མོར”དྲན་གསོ་ཞུས་ཤིང་། བྱེད་སྒོ་དེ་ཅི་ཉི་སི་འཛམ་གླིང་ཟིན་ཐོར་ཡིག་ཐོག་སྙན་སེང་ཞུས་པ།
འདི་ནི་ཟླ་༥ཚེས་༢༥ཉིན་ཧང་ག་རིའི་རྒྱལ་ས་པུ་ཏ་ཕེ་སིར་པར་བརྒྱབ་པའི་མཐོ་ཚད་སྨི་༣༤.༧༦ཟིན་པའི་ལི་ཀའོ་ཅི་མུའུ་མཐོ་ལྕོག་ཡིན་ཞིང་། མཐོ་ལྕོག་དེ་ཚེས་༢༡ཉིན་སྐྲུན་འགོ་ཚུགས་པ་དང་ཚེས་༢༥ཉིན་ལེགས་གྲུབ་བྱུང་བར་བརྟེན་༢༠༡༣ལོར་ཨ་རིར་བསྐྲུན་པའི་མཐོ་ཚད་སྨི་༣༤.༤༣ཟིན་པའི་ལེ་ཀའོ་ཅི་མུའུ་མཐོ་ལྕོག་གི་ཅི་ཉི་སི་འཛམ་གླིང་ཟིན་ཐོ་གཏོར་བ།
ཟླ་༤ཚེས་༡༡ཉིན་ཀེ་རི་སེའི་ཨ་ཐེན་སི་རྟ་རྨིག་གཟུགས་ལུས་རྩལ་ཐང་དུ་སློབ་ཕྲུག་ཚོས་ཤོག་གྲུས་བཟོས་པའི“ཞི་བདེའི་ཕུག་རོན”གྱི་མཐའ་བསྐོར་ཞིང་། ཤོག་གྲུས་ཞི་བདེའི་ཕུག་རོན་གྱི་འདྲ་གཟུགས་བཟོ་བའི་བྱེད་སྒོ་དེ་ཀེ་རི་སེའི་ཨའོ་ལིམ་ཕིག་སློབ་གླིང་གིས་སྤེལ་བ་དང་། དེའི་དམིགས་ཡུལ་ནི་ཤོག་བཟོས“ཞི་བདེའི་ཕུག་རོན”གྱི་ཅི་ཉི་སི་འཛམ་གླིང་ཟིན་ཐོ་གཏོད་རྒྱུ་དེ་ཡིན།
འདི་ནི་ཟླ་༡༡ཚེས་༡༡ཉིན་པར་ཙིར་གྱི་ཉི་ཐའེ་ལུའོ་དབྱིར་པར་བརྒྱབ་པའི་ཨ་རིའི་སྒྱུ་རྩལ་མཁས་ཅན་ལ་སི་ཏི·ཁེ་ལུའོ་ཕུའུ་ཐེས་བཟོས་པའི་བྱེ་བརྐོས་མཁར་རྫོང་ཡིན་ཞིང་། མཐོ་ཚད་སྨི་༡༢ཟིན་པའི་བྱེ་བརྐོས་མཁར་རྫོང་དེས་བྱེ་བརྐོས་མཐོ་ཤོས་ཀྱི་ཅི་ཉི་སི་འཛམ་གླིང་ཟིན་ཐོར་འགྲན་སློང་བྱེད་པ།
ཟླ་༣ཚེས་༨ཉིན་མི་རྣམས་ཀྱིས་ཧྥི་ལི་ཕིན་གྱི་མ་ནི་ལའི་ལི་ཧྲ་སྤྱི་གླིང་གི་ས་སྟོང་ཐོག་བུད་མེད་ཀྱི་མཚོན་རྟགས་བསྒྲིགས་པ་རེད། ཉིན་དེར་མི་ཆིག་ཁྲི་ཙམ་མ་ནི་ལའི་ལི་ཧྲ་སྤྱི་གླིང་གི་ས་སྟོང་ཐོག་འཛོམས་ནས་བུད་མེད་ཀྱི་མཚོན་རྟགས་ཧ་ཅང་ཆེན་པོ་བསྒྲིགས་ཏེ“གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་དང་འབྲེལ་བུད་མེད་ཀྱི་མཚོན་རྟགས་ཆེ་ཤོས་ཀྱི་ཅི་ཉི་སི་འཛམ་གླིང་ཟིན་ཐོ་གཏོད་རེ་བྱེད་པ།
འདི་ནི་ཟླ་༩ཚེས་༩ཉིན་ཨ་རིའི“འཕུར་ཤེས་པའི་ཞི་མི”ཨ་ལི་ཡིས་མཆོང་ཚད་སྨི་༡.༨༣ཡི་ཐོག་ནས“ཞི་མིའི་མཆོང་ཚད་རིང་ཤོས”ཀྱི་ཅི་ཉི་སི་འཛམ་གླིང་ཟིན་ཐོ་གཏོད་པའི་གནས་ཚུལ་ཡིན་པ།
འདི་ནི་ཟླ་༡༢ཚེས་༡ཉིན་མི་རྣམས་རྒྱལ་ས་ཐེ་ཀུ་ཤིས་ཅ་པར་གྱི་ཐང་ཆེན་ཐོག་འདུ་འཛོམས་ཀྱིས“མི་ལས་གྲུབ་པའི་ཡེ་ཤུའི་འཁྲུངས་སྐར་གྱི་རྟེན་འབྲེལ་ལྗོན་ཤིང”དེས་ཅི་ཉི་སི་འཛམ་གླིང་ཟིན་ཐོ་གཏོད་པའི་གནས་ཚུལ་ཡིན་པ།
ཟླ་༦ཚེས་༥ཉིན་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུར་བྱིས་པས་ཤིང་སྡོང་ལ་འཐམ་པའི་བྱེད་སྒོར་ཞུགས་པ་རེད། ཉིན་དེ་ནི་འཛམ་གླིང་ཁོར་ཡུག་ཉིན་མོ་ཡིན་པ་དང་སྒྲིག་འཛུགས་བྱེད་མཁན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ནེ་པ་ལའི་སློབ་ཕྲུག་༢༠༠༡ཐེངས་འདིའི་ཤིང་སྡོང་ལ་འཐམ་པའི་བྱེད་སྒོར་ཞུགས་ནས་མི་མང་ཤོས་ཀྱིས་དུས་གཅིག་ཏུ་ཤིང་སྡོང་ལ་སྐར་མ་གཉིས་འཐམ་པའི་ཅི་ཉི་སི་འཛམ་གླིང་ཟིན་ཐོར་འགྲན་སློང་བྱས་པ།