ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་དངོས་སུ་སྤྱོད་འགོ་བརྩམས་པ།

2016-01-19 འབྲུག་འབུམ།

ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འཕྲིན། ཕྱི་ཟླ་ ༡ པོའི་ཚེས་ ༡༨ ཉིན་གྱི་ཆུ་ཚོད་ ༡༠ སྟེང་དུ། ཀྲུང་གོའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་ཤར་གཏོང་གི་མཛད་སྒོ་པེ་ཅིང་གི་བཀྭང་ཅིས་དགོན་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ནས་བསྡུས། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཧུའུ་ཞེའེ་ཧྥུན་ལགས་ཀྱིས་ཤར་གཏོང་གི་མཛད་སྒོའི་དབུ་འབྱེད་བྱས་པ་དང་། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་དབུ་འབྱེད་ཀྱི་གཏམ་བཤད་སྤེལ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཞེའེ་ཁྲུན་དང་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཡན་ཅེའུ་དང་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཙོང་ཞིན་སོགས་མཛད་སྒོར་ཞུགས།

ཀྲུང་གོའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་ཤར་གཏོང་གི་མཛད་སྒོ་པེ་ཅིང་གི་བཀྭང་ཅིས་དགོན་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ནས་བསྡུས།

ཀྲུང་གོའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་ཤར་གཏོང་གི་མཛད་སྒོ་པེ་ཅིང་གི་བཀྭང་ཅིས་དགོན་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ནས་བསྡུས་པ་དང་།ཀྲུང་གོའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་ནང་དུ་ད་ལྟ་ཐོག་དང་པོར་རྒྱལ་ནང་དུ་ཡོད་པའི་བླ་སྤྲུལ་བསྡོམས་ ༨༧༠ ཙམ་གྱི་སྐུ་ཕྲེང་རིམ་བྱོན་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་བཀོད་འདུག དེ་ནི་རྒྱལ་ནང་དུ་ཆོས་ལུགས་ལས་དོན་མི་སྣའི་གནས་ཚུལ་ཞིབ་ཕྲ་དྲ་རྒྱའི་སྟེང་དུ་བཀོད་པ་དང་ཆོས་ལུགས་ལས་དོན་མི་སྣའི་གནས་ཚུལ་ཞིབ་ཕྲ་དྲ་རྒྱའི་སྟེང་དུ་འཚོལ་བཤེར་བྱས་ཆོག་པ་ཐོག་མ་དེ་ཡིན་འདུག ཀྲུང་གོའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་གི་ནང་དུ་སྤྲུལ་སྐུ་སོ་སོའི་གཞི་རྩའི་གནས་ཚུལ་ཁག་འཚོལ་བཤེར་བྱས་ཆོག་པ་དང་། འཚོལ་བཤེར་མ་ལག་འདི་ཀྲུང་གོའི་ནང་བསྟན་མཐུན་ཚོགས་དང་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུའུ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་སོགས་ཀྱི་དྲ་སྟེང་དུ་དུས་གཅིག་ཏུ་ཤར་གཏོང་བྱས་ཡོད་འདུག

ཕྱི་ཟླ་ ༡ པོའི་ཚེས་ ༡༨ ཉིན་གྱི་ཆུ་ཚོད་ ༠༩ དང་སྐར་མ་ ༣༠ ཙམ་གྱི་སྟེང་དུ་ཀྲུང་གོའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་ཤར་གཏོང་གི་མཛད་སྒོར་ཞུགས་ཡོད་པའི་ཕྱོགས་སོ་སོའི་དགེ་འདུན་པ་རྣམས་ཀྱིས་ཚོགས་འདོན་བྱས་པ་དང་། དགེ་འདུན་པ་རྣམས་ཀྱིས་ཚོགས་འདོན་བྱས་ཚར་རྗེས་ད་གཟོད་ཀྲུང་གོའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་དངོས་སུ་ཤར་གཏོང་བྱས།

ཀྲུང་གོའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་ཤར་གཏོང་གི་མཛད་སྒོར་ཞུགས་ཡོད་པའི་ཕྱོགས་སོ་སོའི་དགེ་འདུན་པ་རྣམས་ཀྱིས་ཚོགས་འདོན་བྱེད་བཞིན་པའི་རྣམ་པ།

ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཀྱི་ཡན་ལག་ཚོགས་པའི་ཚོགས་གཙོ། སྒྲུབ་ཁང་སྐུ་ཕྲེང་བདུན་པ་ཐུབ་བསྟན་མཁས་གྲུབ་ཀྱིས་བཤད་དོན། ཀྲུང་གོའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་འདི་དངོས་སུ་སྤྱི་ཚོགས་ཡོངས་ལ་ཁ་གཏད་ནས་ཤར་གཏོང་བྱེད་ཐུབ་པ་ནི་ཀྲུང་གོའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱིས་ཆོས་ལུགས་ལས་དོན་མཐའ་དག་ཕྱོགས་ཡོངས་ནས་སྤྱི་སྒྲགས་དང་གོམ་གང་མདུན་སྤོས་སྒོས་རང་རྒྱལ་གྱི་སྤྲུལ་སྐུའི་ཡང་སྲིད་བཙལ་འཚོལ་སོགས་ཀྱི་ལས་དོན་དག་བསྒྱུར་གྱི་བྱ་བ་རླབས་ཆེན་ཞིག་ཡིན། ཉེ་བའི་ལོ་འགའི་རིང་ལ། མི་འགའ་ཤས་ཀྱིས་བོད་ཁམས་དང་རྒྱལ་ནང་དུ་སྤྲུལ་སྐུ་བརྫུས་མ་བྱེད་བཞིན་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་མགོ་བསྐོར་ནས་རྒྱུ་དངོས་སོགས་བཅོམ་འཕྲོག་བྱས་ཟིན་པ་ཐེངས་མང་པོར་འདུག་ལ། སྤྲུལ་སྐུ་བརྫུན་མ་དེ་དག་གིས་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་དད་པ་དང་རྒྱུ་དངོས་སོགས་ཀྱི་ཐད་དུ་གྱོང་གུད་ཚབས་ཆེན་ཐེབས་སུ་བཅུག་ཡོད་པ་དང་། ལྷག་པར་དུ་རླབས་ཆེ་བའི་བོད་བརྒྱུད་ནང་བསྟན་གྱི་མཚན་སྙན་དང་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་མང་པོ་ཞིག་གི་མཚན་སྙན་ལ་གནོད་སྐྱོན་བཟོས་ཡོད་འདུག ད་ནི་ཀྲུང་གོའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་འདི་ཡོད་སྟབས་སྤྲུལ་སྐུ་དངོས་མ་ཡིན་མིན་འཚོལ་བཤེར་བྱས་ན་མྱུར་མོར་ཤེས་ཡོང་སྲིད། ཀྲུང་གོའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་འདི་ནི་བོད་བརྒྱུད་ནང་བསྟན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱ་རྒྱུར་ཤིན་ཏུ་ཕན་པར་མ་ཟད། སྤྱི་ཚོགས་སྟེང་གི་ལས་རིགས་སོ་སོའི་རྒྱ་ཆེའི་དད་ལྡན་པ་ཚོས་ཡང་དག་སྒོས་བོད་བརྒྱུད་ནང་བསྟན་དང་ལྷག་པར་དུ་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུར་ཡང་དག་སྒོས་རྒྱུས་ལོན་བྱ་ཐུབ་རྒྱུར་སྟབས་བདེ་བཟོས་འདུག ང་རང་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ཞིག་ཡིན་པའི་ཆ་ནས་ཀྲུང་གོའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་འདི་དངོས་སུ་ཤར་གཏོང་བྱ་ཐུབ་པར་དགའ་སྤྲོ་ཆེན་པོ་སྐྱེ་བཞིན་ཡོད་ཟེར།

ཀྲུང་གོའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་ཤར་གཏོང་མཛད་སྒོའི་ཡུལ་དངོས།

ཀྲུང་གོའི་བོད་བརྒྱུད་ནང་བསྟན་གྱི་དགེ་སློང་ཆིན་ཡོན་ལགས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། ཀྲུང་གོའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་ནང་དུ་སྤྲུལ་སྐུའི་མིང་དང་ཆོས་མིང་། ཐོ་ཁུངས། སྐྱེས་ལོ། ཆོས་བརྒྱུད་གང་གི་ཁོངས་གཏོགས། སྤྲུལ་སྐུའི་དཔང་ཡིག་གི་དཔང་འཛིན་ཨང་གྲངས། སྤྲུལ་སྐུའི་དགོན་པ་དང་འདྲ་པར་སོགས་བསྡོམས་རིགས་སྣ་ ༨ ཙམ་གྱི་སྟེང་ནས་སྤྲུལ་སྐུ་སོ་སོའི་གཞི་རྩའི་གནས་ཚུལ་ཁག་གསལ་འདོན་བྱས་ཡོད་འདུག ཀྲུང་གོའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་འདི་རྩིས་འཁོར་དང་ཁ་པར་གཉིས་ཀྱི་སྟེང་ནས་བེད་སྤྱོད་བྱེད་ཐུབ་པ་དང་། ཁ་པར་གྱི་བརྡ་འཕྲིན་སྟེང་ནས་ཐོ་ཨང་སོགས་སྤྲད་ནས་ཐོ་འགོད་བྱས་རྗེས། འཚོལ་བཤེར་བྱ་སའི་ནང་དུ་སྤྲུལ་སྐུའི་མིང་དང་ཆོས་མིང་། ཐོ་ཁུངས། སྐྱེས་ལོ། ཆོས་བརྒྱུད་གང་གི་ཁོངས་གཏོགས། སྤྲུལ་སྐུའི་དཔང་ཡིག་གི་དཔང་འཛིན་ཨང་གྲངས། སྤྲུལ་སྐུའི་དགོན་པ་དང་འདྲ་པར་སོགས་ཀྱི་ནང་ནས་གང་འདོད་དུ་གཅིག་གཏགས་ན་སྤྲུལ་སྐུ་གང་དེའི་གནས་ཚུལ་ཞིབ་ཕྲ་རྒྱུས་ལོན་བྱས་ཆོག རྒྱུས་ལོན་བྱུང་བ་ལྟར་ན། ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དང་མུ་ལི་བོད་རིགས་རང་སྐྱོང་རྫོང་སོགས་ཀྱི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་སོ་སོའི་གཞི་རྩའི་གནས་ཚུལ་ཁག་ད་ལྟ་དངོས་སུ་ཞིབ་བཤེར་བྱ་སྒང་ཡིན་ལ། མི་འགྱངས་བར་སྤྱི་སྒྲགས་བྱ་སྲིད། ཡང་སྲིད་དང་སྤྲུལ་སྐུ་གསར་བའི་རིགས་ཀྱི་གཞི་རྩའི་གནས་ཚུལ་ཁག་ཀྱང་དུས་ཐོག་ཏུ་གཞི་གྲངས་ཀྱི་མཛོད་ཁོངས་སུ་ཉར་ནས་སྤྲུལ་སྐུ་སོ་སོའི་གཞི་རྩའི་གནས་ཚུལ་ཁག་རྒྱུས་ལོན་བྱ་ཐུབ་པ་བྱས་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་འདི་ནི་ཀྲུང་གོའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱིས་ཀྲུང་གོའི་བོད་ལྗོངས་དྲ་བར་རེ་བཅོལ་བྱས་ནས་དྲ་ངོས་ཇུས་འགོད་དང་གསར་བཟོ་བྱས་པ་ཞིག་རེད་འདུག

ཀྲུང་གོའི་འཐབ་ཕྱོགས་གཅིག་གྱུར་པུའུ་པུའུ་ཀྲང་གཞོན་པ་སྲིད་ཐར་ལགས་དང་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཞེའེ་ཁྲུན། ཀྲུང་གོའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་བཅས་ཀྱིས་མཉམ་དུ་སྤྲུལ་སྐུ་འཚོལ་བཤེར་མ་ལག་ཤར་གཏོང་བྱ་བཞིན་པའི་ཡུལ་དངོས།

སྤྲུལ་སྐུའི་ལམ་ལུགས་འདི་ནི་བོད་བརྒྱུད་ནང་བསྟན་ལ་ཡོད་པའི་ཆོས་བརྒྱུད་གྲུབ་མཐའ་ཁག་གི་དམིགས་བསལ་གྱི་རྒྱུན་འཛིན་ལམ་ལུགས་ཞིག་ཡིན་ལ། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་འདི་ནི་དུས་རབས་ ༡༣ པའི་ནང་དུ་བྱུང་ཞིང་། དེ་ནས་བཟུང་སྟེ་རིམ་བཞིན་ཚགས་དམ་ཞིང་ཞིབ་ཆ་ཆེ་ལ་ཆོས་ལུགས་ཀྱི་ཆོ་ག་སྣ་ཚོགས་ལྡན་པ་དང་བཅས་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་བྱུང་བ་ཞིག་ཡིན་འདུག ཀྲུང་དབྱང་སྲིད་གཞུང་གིས་ཀྱང་སྤྲུལ་སྐུའི་ལམ་ལུགས་ལ་དག་ཐེར་དང་ཁྲིམས་མཐུན་ཅན་དུ་བསྒྱུར་ནས་དོ་དམ་བྱས་ཡོད་ལ། མན་ཛྙུའི་གོང་མ་ལྷ་སྐྱོང་གི་སྐུ་དུས་བོད་དོན་ཐག་གཅོད་ཀྱི་དོན་ཚན་ཉེར་དགུ་ཅན་གཏན་འབེབས་བྱས་ཚུན་དུ་སྤྲུལ་སྐུའི་ལམ་ལུགས་ཀྱི་སྐོར་ལ་དག་ཐེར་དང་དོ་དམ་ནན་མོ་བྱས་ཡོད་པ་དང་། དུས་དེ་ནས་བཟུང་སྟེ་སྤྲུལ་སྐུའི་ཡང་སྲིད་འོས་འདེམས་བྱེད་སྐབས་སུ་གསེར་བུམ་དཀྲུགས་འདོན་གྱི་ལམ་ལུགས་བཙུགས།

ཕྱི་ལོ་ ༢༠༠༧ ལོར་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུའུ་ནས་ཀྱང《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས 》ཁྱབ་སྒྲགས་བྱས་པ་ནས་བཟུང་རང་རྒྱལ་གྱི་སྤྲུལ་སྐུའི་ཡང་སྲིད་ཀྱི་དོ་དམ་བྱ་ཐབས་སྐོར་ལ་ཁྲིམས་མཐུན་ཅན་དུ་བསྒྱུར་པ་དང་། ཕྱི་ལོ་ ༢༠༡༠ ལོར། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱིས་དངོས་སུ་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་སོ་སོའི་བླ་སྤྲུལ་ཁག་ལ་སྤྲུལ་སྐུའི་དཔང་ཡིག་བཀྲམ། ཆོས་བརྒྱུད་སོ་སོའི་བླ་སྤྲུལ་ཚད་ལྡན་དང་ལོ་རྒྱུས་ཀྱི་སྟེང་ནས་ཐག་བཅད་ཟིན་པ་དེ་དག་ལ་རྒྱལ་ཁབ་ཀྱི་ཆོག་མཆན་ཐོབ་པའི་འོག་ཏུ་མང་ཤས་ཀྱིས་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་དཔང་ཡིག་བླངས་ཡོད་འདུག ཀྲུང་གོའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་ཤར་གཏོང་གི་མཛད་སྒོར་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུའུ་ནས་ཡིན་པའི་འབྲེལ་ཡོད་འགན་འཛིན་མི་སྣ་དག་ཀྱང་ཞུགས་ཡོད་འདུག

འབྲེལ་ཡོད་རྩོམ་ཡིག