ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་ཞིག་འཛུགས་ཕྱིར་འབད་བརྩོན་བྱེད་དགོས་པའི་ནན་བཤད་གནང་བ།

2016-05-03

 

  ཟླ་4ཚེས་28ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ལྷ་ས་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ་རེད། འདི་ནི་ཁྲེན་ཆོན་གོས་བོད་ལྗོངས་གསོ་རིག་སློབ་གླིང་གི་བོད་སྨན་ཚད་ཡོད་ཀུང་སིར་ཐོན་རྫས་ཞིབ་སྤེལ་དང་། ཐོན་སྐྱེད་ཕྱིར་ཚོང་། ཁེ་ལས་ཕན་འབྲས་སྐོར་ལ་བཀའ་འདྲི་ཞིབ་ཕྲ་གནང་བའི་གནས་ཚུལ་ཡིན་པ།

 

 

  ཟླ་4ཚེས་28ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ལྷ་ས་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ་རེད། འདི་ནི་ཁྲེན་ཆོན་གོས་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་གྲོང་རྡལ་བཟང་མོ་གྲོང་ཚོའི་ལྷ་ས་གྲོང་ཁྱེར་གྱི་ཡུལ་གཞན་ནས་གནས་སྤོའི་ཞིང་འབྲོག་པའི་བཀོད་སྒྲིག་ཁང་པ་བསྐྲུན་ཡུལ་དུ་ཁང་དབྱིབས་ཇུས་འགོད་དང་ཨར་སྐྲུན་འཕེལ་རིམ་སོགས་མཁྱེན་རྟོགས་ཞིབ་ཕྲ་གནང་བའི་གནས་ཚུལ་ཡིན་པ།

 

ཟླ་4ཚེས་28ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་ལྷ་ས་གྲོང་ཁྱེར་དུ་བརྟག་ཞིབ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་བ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ་ལེགས་ཆ་འདོན་སྤེལ་དང་དངོས་འཛིན་དངོས་སྒྲུབ་བྱས་ནས་ལོ་སྟོད་ཀྱི་ལས་འགན་དང་དུས་ཚོད་གཉིས་ཀ་མི་འཕྱུགས་པའི་ཐོག་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་ཞིག་འཛུགས་ཕྱིར་རྨང་གཞི་བརྟན་པོ་འདིང་དགོས་པའི་ནན་བཤད་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཏིང་ཡེ་ཤན་དང་ཅི་གོ་ཀང་བརྟག་ཞིབ་ནང་ལྷན་དུ་ཕེབས་ཡོད་པ་རེད།

སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་གྲོང་རྡལ་བཟང་མོ་གྲོང་ཚོའི་ལྷ་ས་གྲོང་ཁྱེར་གྱི་ཡུལ་གཞན་ནས་གནས་སྤོའི་ཞིང་འབྲོག་པའི་བཀོད་སྒྲིག་ཁང་པ་བསྐྲུན་ཡུལ་དུ་ཁྲེན་ཆོན་གོས་ཁང་དབྱིབས་ཇུས་འགོད་དང་ཨར་ལས་ཀྱི་འཕེལ་རིམ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ཇུས་གཞི་ཇུས་འགོད་གང་ལེགས་དང་། ཨར་ལས་སྒྲིག་འཛུགས་ལ་ཤུགས་སྣོན། བདེ་འཇགས་བྱ་ཐབས་དོན་འཁྱོལ་བཅས་བྱས་ནས་ཉི་འོད་འདུ་འགོད་དང་། འདུ་འགོད་རྩེ་གྲ། བདེ་སྐྱིད་འདུ་འགོད་བཅས་བསྐྲུན་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད། ཨར་ལས་ཕྱོགས་ཀྱི་འགན་འཁུར་བས་རྣམ་གྲངས་འཛུགས་སྐྲུན་བྱེད་རིང་གསོ་སྦྱོང་བྱས་པའི་ས་གནས་ཀྱི་ཞིང་འབྲོག་པ་དང་མང་ཚོགས་དབུལ་པོ་100ལྷག་ཙམ་བེད་སྤྱོད་བྱས་པར་མི་རེར་ཟླ་རེར་ཡོང་འབབ་སྒོར་4000ལྷག་ཙམ་བྱུང་ཡོད་ཅེས་ངོ་སྤྲོད་ཞུས། ཁྲེན་ཆོན་གོས་བྱ་ཐབས་དེར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་དབུལ་སྐྱོར་རྣམ་གྲངས་ནི་མང་ཚོགས་དབུལ་པོར་བདེ་སྐྱིད་བསྐྲུན་པའི་དམངས་འཚོའི་འདུ་འགོད་ཅིག་ཡིན་པས་མང་ཚོགས་དབུལ་པོ་དེའི་ནང་ཧུར་ཐག་ཞུགས་སུ་བཅུག་སྟེ་ཁོང་ཚོར་དབུལ་སྐྱོར་རྣམ་གྲངས་འཛུགས་སྐྲུན་བྱེད་རིང་དངོས་ཕན་དང་ཕན་འབྲས་ཐོན་པ་བྱེད་དགོས། ཡུལ་གཞན་ནས་གནས་སྤོའི་ལས་ཞུགས་ལས་གནས་ཀྱི་མིང་ཐོ་དང་གསོ་སྦྱོང་གི་འཆར་གཞི་ཡོད་པའི་མི་སྣའི་མིང་ཐོའི་མདུན་དུ་ཁྲེན་ཆོན་གོས་གཟིགས་ཞིབ་ནན་ཏན་གནང་བ་རེད།ཁོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དཀའ་གནད་དེ་གནད་སྨིན་ལ་རག་ལས་པ་དང་ཕན་འབྲས་ཀྱང་གནད་སྨིན་ལ་རག་ལས་ཡོད་པས་ངེས་པར་དུ་དབུལ་སྒྲོལ་གྱི་རྩིས་དེ་ཁྱིམ་ཚང་དབུལ་པོ་ཚང་མར་བརྒྱབ་ནས་དབུལ་སྒྲོལ་གྱི་ཐབས་ལམ་དེ་མང་ཚོགས་དབུལ་པོ་ཚང་མར་འཆར་འགོད་བྱེད་དགོས། རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ལས་ཞུགས་རྒྱ་ཆེར་ཧུར་ཐག་བཏང་སྟེ་འཇོན་ཐང་ཡོད་པའི་མང་ཚོགས་དབུལ་པོ་ཚང་མར་ལག་རྩལ་སྣ་རེ་ཡོད་པ་དང་འབབ་འཕར་གྱི་ཐབས་ལམ་ཡོད་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

དེ་རྗེས་ཁྲེན་ཆོན་གོས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་བོད་སྨན་ཚད་ཡོད་ཀུང་སི་དང་བོད་ལྗོངས་མཁན་པ་དཀར་པོ་འཕྲོད་བསྟེན་མཁོ་ཆས་ཚད་ཡོད་ཀུང་སིར་གཟིགས་སྐོར་གནང་བ་རེད། བརྟག་ཞིབ་གནང་རིང་ཁྲེན་ཆོན་གོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་པའི་བོད་ཀྱི་ལེའུ་ཡག་པོ་རྩོམ་པའི་འགག་རྩ་དེ་དངོས་སྒྲུབ་ལ་རག་ལས་ཡོད། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ནས་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་གཏན་འཁེལ་བྱས་ནས་བཏོན་པ་མ་ཟད། བོད་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་ལམ་ཐིག་ས་བཀྲ་དང་དུས་ཚོད་རེའུ་མིག་གསལ་བཟོ་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་བརྒྱད་པ་དང་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་བཅས་ཀྱི་ཐོག་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བཀོད་སྒྲིག་གསལ་པོ་བྱས་ཡོད། ད་ལྟའི་ལས་འགན་གཙོ་བོ་ནི་དོན་འཁྱོལ་བྱ་རྒྱུ་དེ་རེད། ཀྲུང་དབྱང་གི་དགོངས་དོན་ལག་བསྟར་ཡག་པོ་བྱེད་པ་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་བཅས་ཀྱི་ཐོག་ནས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་བརྟན་པོ་བཙུགས་ནས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་དངོས་འཛིན་དངོས་སྒྲུབ་དང་འགག་སྒྲོལ་དཀའ་སེལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། དངོས་སྒྲུབ་ཀྱི་སྤྱོད་ཚུལ་དར་སྤེལ་ཡག་པོ་བཏང་ནས་བྱས་པའི་རྗེས་དང་འདྲུད་པའི་ཤུལ་གྱི་བདེན་འཚོལ་དངོས་སྒྲུབ་ཀྱི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། སྟོང་བཤད་སྤོང་བ་དང་། དངོས་སྒྲུབ་གོང་བཀུར། འགན་འཁྲི་རྩད་གཅོད་ཡོངས་ཁྱབ། དོན་འཁྱོལ་དམ་འཛིན་བཅས་ཀྱི་ཐོག་ནས་ཏན་ཏིག་གི་འབད་བརྩོན་ལ་བརྟེན་ནས་ཕན་འབྲས་དངོས་ཐོན་པ་དང་ཕུལ་བྱུང་སྤྱོད་ཚུལ་ལ་བརྟེན་ནས་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་པར་བྱེད་དགོས། ཐོབ་པར་དཀའ་བའི་སྒུལ་ཤུགས་གང་ལེགས་སྤྱད་དེ“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ་བར་སློབ་སྦྱོང་ནན་ཏན་བྱེད་དགོས་ལ་དེ་བས་འབད་བརྩོན་ཧུར་ཐག་བྱས་ནས་སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་ཕན་ཚུན་ཡར་སྐུལ་དང་ཤེས་སྤྱོད་ཟུང་འབྲེལ་ཡོང་བ་བྱས་ཁར་སློབ་སྦྱོང་སློབ་གསོའི་ཕན་འབྲས་དེ་སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་ལ་འགྱུར་བ་བྱས་ཏེ་ལོ་འཁོར་གྱི་དམིགས་ཚད་དང་ལས་འགན་ཁག་ཐུགས་གྲ་ལེགས་འགྲིག་ཡོང་བའི་འགན་ལེན་བྱས་ཐོག་ཚན་རིག་དང་མཐུན་པའི་གོང་འཕེལ་དང་། ཞི་མཐུན་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། དམངས་འཚོ་ལེགས་གཏོང་། སྣོད་བཅུད་བཟང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་གསར་པ་གཏོད་དགོས་པའི་ནན་བཤད་གནང་བ་རེད།

འབྲེལ་ཡོད་རྩོམ་ཡིག