ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

Win10པར་གཞི་གསར་བ་ལས་སྒེའུ་ཁུང་གསར་བའི་འགུལ་རིས་དངWi-Fiའཆར་ངོས།

2014-11-07 གཡང་སྒྲོལ།
    
    སྙི་ཕྲན་ཚང་གིས་མི་འགྱངས་བརWin10ལག་རྩལ་ཚོད་ལྟའི་པར་གཞིའི་སྒྲོམ་གཞི་གསར་བ་ཕྱིར་བསྒྲགས་རྩིས་ཡོད་འདུག ད་ལྟའིWin10ཡི་པར་གྲངས ༩༨༤༡ ཡིན། ཝེ་ཀྲི་དྲ་བས་ཟླ ༡༠ བའི་ཚེས ༢༡ ཉིནNeoWin ཡིས་བསྒྲགས་པ་ལྟར་ན། Win10པར་གཞི་གསར་བའི་པར་གྲངས986Xལ་སླེབས་ཡོད་ཚུལ་བསྒྲགས་འདུག པར་གཞི་གསར་པའི་ནང་གི་སྒེའུ་ཁུང་གསར་བའི་འགུལ་རིས་ནིMac OS Xདང་འདྲ་བར། འོས་འགན་ཚན་པ་ནང་གི་པར་རྟགས་མནན་རྗེས་འོག་ནས་ཡར་འཆར་འོང་བ་དང་། གཞན་འོས་འགན་ཚན་པའིWi-Fi/དྲ་རྒྱའི་པར་རྟགས་ཕྱེ་སྟངས་ཡང་སྟབས་བདེར་བཏང་འདུག
    མིག་སྔར་བྱེད་ནུས་གསར་བ་དེ་ལས་རིགས་ནང་ཁུལ་ནས་ཚོད་ལྟ་བྱས་ཚར་ལ། དེ་སྔོན་སྙི་ཕྲན་གྱིསWi-Fiཚོར་ཤེས་བྱེད་ནུས་ལ་བརྟེན་ནས་རིག་ནུས་ཀྱིས་དྲ་རྒྱའི་སྦྲེལ་མཐུད་ཚོད་འཛིན་བྱེད་སྲིད་ཅེས་ལྐོག་བརྡ་བཏང་མྱོང་ཡོད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག