ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ལོ ༤ ཅན་གྱི་བུས་སྐྱེ་བ་སྔ་མར་མཚོ་དམག་ཡིན་ལབ་པར། ཨ་མས་གདོན་ཞུཊ་པ་རེད་ཟེར།

2014-11-15 ཟོན་ཐར་སྐྱིད།

   ཨ་རིའིཧི་ཧྥུན་ཏུན་སྦྲག་ཚགསསུ་ཟླ ༡༡ ཚེས ༡༣ ཉིན་གནས་ཚུལ་སྤེལ་བ་ལྟར་ན་ཧྥུ་ཅི་ཉི་ཡ་མངའ་སྡེའི་ལོ ༤ ཅན་གྱི་བྱིས་པ་ཨན་རྡི་ལུའུ་ཡིས་ཁོ་རང་ཚེ་ལས་འདས་པའི་མཚོ་དམག་ལིའུ་དབྱི་སི་ཡི་སྐྱེ་བ་ཡིན་པར་བརྗོད་པ་དང་། ཁོའི་ཨ་མ་མེ་ཤའེ་ཨར་ལུའུ་ཁཱ་ཟི་ཡིས་བུ་ཆུང་གི་ཁོག་ལ་གདོན་ཞུགས་པ་རེད་སྙམ་གྱི་ཡོད། 

   མེ་ཤའེ་ཨར་ན་རེ། ཉིན་ཞིག་ཨན་རྡི་ལུའུ་ཡིས་ངུ་སྐད་ཆེན་པོ་རྒྱག་ཅིང་སྐད་ཆ་དྲིས་པར། ཁྱོད་ཀྱིས་ཅིའི་ཕྱིར་ང་མེ་རླབས་ཁྲོད་ཤོར་ཏུ་ཡིནཟེར་ལ། ད་དུང་ཁོ་རང་སྔོན་ཆད་ཙའོ་ཀྲི་ཡཱ་མངའ་སྡེ་རུ་བསྡད་པར་ཡང་བཤད། དོན་རྐྱེན་དེས་ཁོའི་ཨ་མ་སྐྲག་ཐག་ཆོད་དེ་ཡུལ་དེའི་བརྙན་འཕྲིན་ཁང་གི་རྣམ་ཤེས་ལེ་ཚན་ལ་སྐྱབས་བཅོལ་ནསངའི་བྱིས་པར་གདོན་ཞུགས་འདུགཅེས་པའི་ལེ་ཚན་དུ་མི་ཞུགས་ཐབས་མེད་བྱུང་བ་རེད།  

   ལེ་ཚན་ཚོགས་པས་རྒྱུས་ལོན་བྱུང་བ་ལྟར་ན། ཨན་རྡི་ལུའུ་ཡིས་བཤད་པ་དང་ཚེ་འདས་མཚོ་དམག་ཝཱ་འར་ལིའུ་དབྱི་སི་ཡི་འཚོ་བཞུགས་སྐབས་ཀྱི་ལོ་རྒྱུས་ཏག་ཏག་མཐུན་གྱི་ཡོད་ཅིང་། ལིའུ་དབྱི་སི་ནི་འཚོ་བཞུགས་སྐབས་ལི་པཱ་ནུན་གྱི་རྒྱལ་ས་པའེ་ལུའུ་ཐེ་རུ་དམག་ལ་ཞུགས་ཡོད་པ་དང་། ལོ ༣༡ གི་གོང་དུ་སྟབས་མ་ལེགས་པར་རང་ཤི་རྒྱག་པའི་འབར་རྫས་འཇབ་རྒོལ་ཞིག་གི་ཁྲོད་ཤི་བ་ཡིན་འདུག 

  ཨན་རྡི་ལུའུ་ཡི་ཁོག་གི་གདོན་ཕྱི་རུ་འདོན་ཆེད། མེ་ཤའེ་ཨར་གྱིས་བྱིས་པ་ཁྲིད་ནས་ལིའུ་དབྱི་སི་སྦས་སའི་སྤྱི་པའི་བང་སོ་ཡོད་སར་སོང་བ་ན། ཨན་རྡི་ལུའུ་དེ་མུར་ལིའུ་དབྱི་སི་ཡི་དུར་བྱང་གི་མདུན་དུ་སོང་ནས་མེ་ཏོག་ཕུལ་བ་དང་། མཚོ་དམག་གཞན་ཞིག་གི་དུར་བྱང་གི་མདུན་དུ་སོང་ནས་འདི་ནི་ངའི་གྲོགས་པོ་རེད་ཟེར།  

   དོན་འདིའི་ཐདདོགས་སློང་སྨྲ་བའི་རྟོག་དཔྱོད་པཞེས་པའི་དུས་དེབ་ཀྱི་གཙོ་སྒྲིག་གཞོན་པ་པུན་རོ་རྡི་ཧྥུ་ཡིས། སྐྱེ་བ་སྔ་ཕྱི་ཞེས་པ་ནི་ནམ་རྒྱུན་མི་རྒན་པ་རྣམས་ཀྱིས་བྱིས་པའི་སེམས་ལ་བཞག་པ་ཡིན་ཞིག་ཡིན་ཚུལ་བརྗོད་ཅིང་། ལེ་ཚན་བརྙན་ཟློས་སུའང་ཁོ་ཚོས་དམག་མི་གསོན་དུས་ཀྱི་འདྲ་པར་ཁྱེར་ཡོང་ནས་ཨན་རྡི་ལུའུ་ལ་ངོ་ཤེས་མིན་འདྲི་བ་ལས། འདྲ་པར་མང་པོའི་གྲས་ནས་ཨན་རྡི་ལུའུ་ཁོ་རང་ལ་དམག་མི་དེའི་འདྲ་པར་བཙལ་དུ་མ་བཅུག་པས་དོགས་པ་ཆེ་ཚུལ་བརྗོད།(རྩོམ་འགན་པ། རྟ་མགྲིན)

འབྲེལ་ཡོད་རྩོམ་ཡིག