ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཡོ་རོབ་ནུབ་མའི་རྒྱལ་ཁབ་ཁྲོད་དབྱིན་ཇིའི་བུ་མོ་ཤ་རྒྱགས་ཤོས་ཡིན་ལུགས་མངོན་འདུག

2014-12-03
    
    ཀྲུང་གོའི་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་གསལ། ཕྱི་རྒྱལ་སྨྱན་སྦྱོར་སྡེ་ཚན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་དབྱིན་ཇིའི་བྱིས་པའི་ཚན་ཁག་གི་རིགས་གཅིག་མཁས་ཅན་གྱིས་དབྱིན་ཇིའི་ལོ ༢༠ མན་གྱི་བུ་མོ་ནི་ཡོ་རོབ་ནུབ་མའི་རྒྱལ་ཁབ་ཀྱི་ལོ་ན་མཉམ་པའི་ཁྲོད་ཤ་རྒྱགས་ཤོས་ཡིན་པ་དང་།  གཞན་ཡང་དབྱིན་ཇིའི་བྱིས་པ་དུས་མིན་འཆི་ཚད་ཡོ་རོབ་ནུབ་མའི་རྒྱལ་ཁབ་ཁྲོད་ཨང་གཉིས་པར་སླེབས་ཡོད་པ་རེད།
    ཉེ་ཆར་དབྱིན་ཇིའི་བྱིས་པའི་ཚན་ཁག་རིག་གཞུང་ལྷན་ཚོགས་ཀྱིས་དབྱིན་ཇིའི་བུ ༢༦% དང་བུ་མོ ༢༩% ཡི་གཟུགས་པོ་ལྕི་དྲགས་ནས་བདེ་ཐང་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཀྱི་ཡོད། གཞན་ཡང་དབྱིན་ཇིའི ༡༠% ཡི་ཕྲུ་གུར་སེམས་ཁམས་ཐད་ཀྱི་གནད་དོན་འཕྲད་ཡོད། ཡིན་ནའང་ཕྲུ་གུ་དེ་དག་མང་ཆེ་བས་དེ་མཚུངས་ཀྱི་སྨན་བཅོས་དང་ལེན་བྱས་མེད་ཅེས་ཁྱབ་བསྒྲགས་བྱས་པ་རེད།བསྡོམས་རྩིས་བརྒྱབ་པར་གཞིགས་ན།  བྱིས་པ་མང་པོ་ཞིག་ལ་ལོ ༩ ནས་བཟུང་ཤ་རྒྱགས་དྲགས་པའི་དཀའ་ངལ་འཕྲད་ཀྱི་ཡོད། ༡༩༨༠ ལོ་ནས ༢༠༡༣ ལོའི་བར་དར་རྒྱས་ཆེ་བའི་རྒྱལ་ཁབ་ཏུ་ཤ་རྒྱགས་དྲགས་པའི་བྱིས་པའི་མི་འབོར་མང་དུ་འགྲོ་བའི་རྣམ་པ་མངོན་ཡོད་པ་རེད།
    ཕྲུ་གུ་ཚོར་ཤ་སྐམ་དུ་གཏོང་རོགས་བྱ་ཆེད། བྱིས་པའི་ཚན་ཁག་གི་སྨན་པས་ཕྲུ་གུ་ཚོས་ཞག་ཚི་ཆེ་དྲགས་པ་དང་མངར་དྲགས་པ་དེ་བཞིན་ཚྭ་ཁུའི་བཟའ་བཅའ་བཟའ་རྒྱུར་ཚོད་འཛིན་བྱས་ཏེ་ཕྲུ་གུ་ཚོ་ལུས་སྦྱོང་མང་ཙམ་བྱེད་དུ་འཇུག་དགོས་པའི་གྲོས་འགོ་བཏོན་པ་རེད། དགེ་རྒན་ཚོས་ཀྱང་ཟ་འཐུང་དང་འཚོ་བཅུད་སློབ་ཚན་འཁྲིད་དེ་ཕྲུ་གུ་ཚོས་དེ་བས་བདེ་ཐང་གི་འཚོ་བ་སྐྱེལ་རྒྱུར་ཁྲིད་སྟོན་བྱས་ཡོད་པ་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག