ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཀན་སུའུ་རུ་ས་ཡོམ་བྱུང་སྟེ་རི་ལས་ས་ཉིལ།

2015-04-16 ཀླུ་འབུམ།

དྲ་བ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན།༢༠༡༥ ལོའི་ཟླ ༤ ཚེས ༡༥ ཉིན་གྱི་དུས་ཚོད ༡༥ སྐབས། ཀན་སུའུ་ཞིང་ཆེན་ཏིང་ཞི་གྲོང་ཁྱེར་ལིན་ཐའོ་རྫོང་དུ་ཚད་རིམ ༤.༥ ཡི་ས་ཡོམ་བྱུང་། ཟབ་ཚད་སྨི་སྟོང ༩ ལ་བསླེབས། མཐའ་འཁོར་གྱི་སྤྱི་ལེ ༡༠༠ ཡས་མས་ཀྱི་གྲོང་ཁྱེར་ཀ་ཆུ་དང་ལན་ཀྲུའུ་སོགས་སུ་འགུལ་ཚད་ཅུང་དྲག ཡུལ་དེའི་མང་ཚོགས་ཀྱིས་བཤད་པ་ལྟར་ན། ས་ཡོམ་བྱུང་བའི་སྐབས་ལ་ཡོམ་ཚད་ཤིན་ཏུ་དྲག་པ་དང་། དེར་མཐུད་ནས་སྒྲ་ཆེན་པོ་གྲགས་བྱུང་། དེ་ནི་རི་བོ་འགད་བྱེད་ཀྱི་འབར་མདེལ་གྱི་སྒྲ་དང་མཚུངས། ས་གནས་ཁ་ཤས་སུ་རི་ཉིལ་བྱུང་ཟེར།

ཡུལ་དེའི་ཚད་རིམ ༤.༥ ཡི་ས་ཡོམ་ཁྲོད་མི་གཅིག་ཤི་བ་རེད། ཚེས ༡༥ ཉིན་གྱི་དུས་ཚོད ༡༥ དང་སྐར་མ ༨ ཐོག ལིན་ཐའོ་རྫོང(བྱང་འཕྲེད་ཐིག་ཏུའུ ༣༥.༤ དང་ཤར་གཞུང་ཐིག་ཏུའུ ༡༠༤.༠)དུ་ཚད་རིམ ༤.༥ ཡི་ས་ཡོམ་བྱུང་། འགུལ་ལྟེ་དང་བར་ཐག་སྤྱི་ལེ ༢༠ ཡོད་པའི་ལིན་ཐའོ་རྫོང་པཱ་ལེ་ཕུའུ་གྲོང་བརྡལ་ཡའོ་ཀུག་སྡེ་བའི་ས་ཕུག་གཅིག་བརྡིབས་པ་དང་། མི་གཅིག་བསད་པ་རེད།

པར་རིས་འདི་ནི་ཡུལ་དེའི་མང་ཚོགས་ཀྱིས་ཁ་པར་ནས་བླངས་བའི་ས་ཡོམ་རྗེས་ཀྱི་རྣམ་པ་རེད།

པར་རིས་འདི་ནི་ཡུལ་དེའི་མང་ཚོགས་ཀྱིས་ཁ་པར་ནས་བླངས་པའི་ས་ཡོམ་རྗེས་ཀྱི་རྣམ་པ་རེད།

པར་རིས་འདི་ནི་ཡུལ་དེའི་མང་ཚོགས་ཀྱིས་ཁ་པར་ནས་བླངས་བའི་ས་ཡོམ་རྗེས་ཀྱི་རྣམ་པ་རེད།

པར་རིས་འདི་ནི་ཡུལ་དེའི་མང་ཚོགས་ཀྱིས་ཁ་པར་ནས་བླངས་བའི་ས་ཡོམ་རྗེས་ཀྱི་རྣམ་པ་རེད།

པར་རིས་འདི་ནི་ཡུལ་དེའི་མང་ཚོགས་ཀྱིས་ཁ་པར་ནས་བླངས་བའི་ས་ཡོམ་རྗེས་ཀྱི་རྣམ་པ་རེད།

པར་རིས་འདི་ནི་ཡུལ་དེའི་མང་ཚོགས་ཀྱིས་ཁ་པར་ནས་བླངས་བའི་ས་ཡོམ་རྗེས་ཀྱི་རྣམ་པ་རེད།

པར་རིས་འདི་ནི་ཡུལ་དེའི་མང་ཚོགས་ཀྱིས་ཁ་པར་ནས་བླངས་བའི་ས་ཡོམ་རྗེས་ཀྱི་རྣམ་པ་རེད།

འབྲེལ་ཡོད་རྩོམ་ཡིག