ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

དུས་ཚིགས་དང་པོར་ལྷ་ས་གྲོང་ཁྱེར་གྱི་ཞིང་འབྲོག་ལས་ཐོན་སྐྱེད་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བ།

2015-04-22

གསར་འགོད་པས་ལྷ་ས་གྲོང་ཁྱེར་ཞིང་འབྲོག་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། གྲོང་ཁྱེར་དེ་ཡོངས་ཀྱི་རིམ་ཁག་ཞིང་འབྲོག་སྡེ་ཚན་གྱིས་འཆར་གཞི་སྔ་ཙམ་འགོད་པ་དང་། བཀོད་སྒྲིག་སྔ་ཙམ་བྱེད་པ། དོན་འཁྱོལ་སྔ་ཙམ་བྱེད་པ་བཅས་བྱས་ཏེ་དཔྱིད་དུས་ཀྱི་འདེབས་འཛུགས་ལས་རིགས་ཀྱི་ཐོན་སྐྱེད་ལས་དོན་ཏན་ཏིག་སྤེལ་ནས་ལོ་ཧྲིལ་པོའི་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་ལས་འགན་ཁག་བདེ་བླག་ངང་ལེགས་གྲུབ་ཡོང་བ་བྱ་ཕྱིར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

དཔྱིད་རྨོད་རྨོ་གྲབས་ལས་དོན་བདེ་བླག་ངང་སྤེལ་ཞིང་། འཆར་གཞི་ལྟར་ན་འདི་ལོ་ལྷ་ས་གྲོང་ཁྱེར་གྱི་དཔྱིད་དུས་རྨོ་འདེབས་རྒྱ་ཁྱོན་མུའུ་ཁྲི༤༩.༢༨ཡིན་པ་དང་། སོན་འདེབས་ལས་དོན་ཟླ་བ་བཞི་པའི་ཟླ་འགོ་ནས་བཟུང་ནུབ་ཕྱོགས་ནས་ཤར་ཕྱོགས་སུ་གཞི་རྒྱ་ཆེན་པོས་སྤེལ་བ་དང་འཆར་གཞི་ལྟར་ན་ཟླ་བ་ལྔ་པའི་ཟླ་མཇུག་ཏུ་ལས་དོན་ཚང་མ་མཇུག་འགྲིལ་རྒྱུ་རེད། དཔྱིད་དུས་ཀྱི་རྨོ་འདེབས་ལས་དོན་འཆར་གཞི་ལྟར་ན་ལུད་ཏུན༧༩༤༥སྤྱོད་རྒྱུ་དང་། ཞིང་སྨན་ཏུན༡༢༩.༩༨ཉོ་སྒྲུབ་བྱ་རྒྱུ། སོན་བཟང་རྒྱ་མ་ཁྲི༣༠༧.༢༢༤སྦྱོར་བསྲེས་བྱ་རྒྱུ། སོན་བཟང་རྒྱ་མ་ཁྲི༢༢༥.༥༣ཉོ་སྒྲུབ་བྱ་རྒྱུ་རེད། མིག་སྔར་དེ་དག་ཚང་མ་དམིགས་སར་འབྱོར་བ་དང་འབྲེལ་གཏོང་འདྲེན་ཡང་བྱས་ཡོད། ཆུ་བེད་སྒྲིག་བཀོད་སྤྱི་ལེ༡༠༣.༤༤༡ཉམས་གསོ་བྱས་པ་དང་ཆུ་ཡུར་སྤྱི་ལེ༢༢༥.༦༣ཉམས་གསོ་དང་གཙང་གཤོང་བྱས་ནས་དགུན་འདེབས་སྐྱེ་དངོས་སྔོ་ལོག་རྒྱག་རྒྱུར་སྤྱོད་པའི་ཆུ་དང་དཔྱིད་འདེབས་སྐྱེ་དངོས་ཀྱི་ས་བོན་འདེབས་རྒྱུར་སྤྱོད་པའི་ཆུ་འགན་ལེན་བྱས་ཡོད། ཞིང་འཕྲུལ༣༣༦༠༠ཉམས་གསོ་དང་བདག་སྐྱོང་བྱས་པ་དང་ཞིང་འཕྲུལ་འཐུས་ཚང་བྱུང་ཚད༩༢%ཡན་ཟིན་ཡོད། ༢༠༡༤ལོའི་ཁག་གཉིས་པའི་ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་དངུལ་སྒོར་ཁྲི༩༥༠དོན་འཁྱོལ་བྱས་ཡོད་པ་རེད།

ཞིང་ལས་ཚན་རྩལ་དཔེ་སྟོན་གྱི་དུས་འགོའི་ལས་དོན་དོན་ཐོག་ཏུ་འཁྱོལ་ཞིང་། ཚད་ལྡན་ཅན་གྱི་ཐོན་སྐྱེད་དང་ཐོན་མཐོ་གསར་འཛུགས་རྒྱ་ཁྱོན་མུའུ་ཁྲི༢༤བཀོད་སྒྲིག་དང་དོན་འཁྱོལ་བྱས་པ་དང་། དཔེ་སྟོན་ཞིང་ཁ་མུའུ་ཁྲི༣༠དང་ས་བོན་གསོ་སྤེལ་ཞིང་ཁ་མུའུ༢༢༨༢༨ལ་ས་དཔྱད་ལུད་སྦྱོར་བྱས་པ།“བོད་ནས་ཨང༢༠༠༠”དང་།“ཧི་མ་ལ་ཡ་ཨང༢༢”“ཏུང་ཆིང་ཨང༡༧”ལ་སོགས་སོན་གསར་ཞིང་ཁ་མུའུ་ཁྲི༡༤.༥རུ་དཔེ་སྟོན་རྣམ་པའི་ཐོག་ནས་ཁྱབ་གདལ་བཏང་ཡོད་པ་རེད།

ཚན་རྩལ་ཞབས་ཞུ་ཁྲིད་སྟོན་གྱི་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ཞིང་། འདི་ལོ་ཤར་ཚུན་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་གཞི་རིམ་ཞིང་ལས་ལག་རྩལ་ཁྱབ་གདལ་མ་ལག་སྒྱུར་བཅོས་དང་འཛུགས་སྐྲུན་གྱི་ཁ་གསབ་རྣམ་གྲངས་དང་ཞིང་འབྲོག་ལས་སྐྱོན་བྲལ་ཚད་ལྡན་ཅན་གྱི་ཐོན་སྐྱེད་ལག་རྩལ་སྒྲིག་སྲོལ་བཟོ་འགོད་ལས་དོན་སྤེལ་འགོ་བཙུགས་ཡོད།“གྲོང་ཁྱེར་གྱིས་རྫོང་འགན་གཙང་ལེན་དང་། རྫོང་གིས་ཤང་འགན་གཙང་ལེན། ཤང་གིས་གྲོང་ཚོ་འགན་གཙང་ལེན་བཅས”ཀྱི་ལས་དོན་ལམ་སྲོལ་ལྟར་ལག་རྩལ་མི་སྣ་མི་ཐེངས་༨༠སྒྲིག་འཛུགས་བྱས་ཏེ་མིག་སྔའི་ཞིང་འབྲོག་ལས་ཀྱི་ལས་དོན་གཙོ་བོ་དང་འགག་རྩའི་ལྷུ་ཚིགས་དང་ཟུང་འབྲེལ་བྱས་ནས་ཞིང་འབྲོག་ལས་ལག་རྩལ་ཞབས་ཞུ་ཁྲིད་སྟོན་ལས་དོན་སྤེལ་བ་དང་། ཞིང་འབྲོག་ལས་ཀྱི་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྒོ་ཐེངས༦སྤེལ་བ། ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་ཀྱི་དཔྱད་གཞིའི་ཡིག་རིགས༦༩༠༠ལྷག་སྤྲད་པ་བཅས་སོ།།

འབྲེལ་ཡོད་རྩོམ་ཡིག