ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཞིས་ཅིན་ཕིང་གིས་ཉི་ཧོང་གི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་པ་མ་ཟད་ཨན་ཕེ་ཡི་ཡིག་འཕྲིན་དང་ལེན་བྱས།

2015-05-26

ཟླ༥པའི་ཚེས༢༣ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོ་དང་ཉི་ཧོང་གི་མཛའ་འབྲེལ་སྤེལ་རེས་ཚོགས་ཆེན་དུ་ཞུགས་པ་མ་ཟད་གསུངས་བཤད་གལ་ཆེན་གནང་།

ཞིས་ཅིན་ཕིང་གིས་ཚོགས་ར་ནས་རང་དབང་དམངས་གཙོ་ཏང་གི་སྤྱི་གཉེར་ཚོགས་གཙོ་ཨར་ཅེ་ཅོན་པོའི་ལག་ནས་ཉི་ཧོང་གི་སྲིད་བློན་ཨན་ཕེ་ཅིན་སན་གྱི་ཡིག་འཕྲིན་ལེན་བཞིན་པའི་ཚུལ།

ཤིན་ཧྭ་གསར་འགྱུར་ཁང་གིས་ཟླ༥པའི་ཚེས༢༣ཉིན་སྤེལ་བའི་འཕྲིན་དུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཕྱི་ཚེས༢༣ཉིན་མི་དམངས་ཚོགས་ཁང་ཆེན་མོ་ནས་ཀྲུང་གོ་དང་ཉི་ཧོང་ཕྱོགས་གཉིས་ཀྱི་མཛའ་འབྲེལ་སྤེལ་རེས་ཚོགས་འདུར་ཞུགས་པ་མ་ཟད་གསུངས་བཤད་གལ་ཆེན་གནང་། ཁོང་གིས། ཀྲུང་གོ་དང་ཉི་ཧོང་གཉིས་ཀས་ལོ་རྒྱུས་ཀྱི་དཔྱད་གཞི་མེ་ལོང་དུ་བཟུང་ནས། འབྱུང་འགྱུར་ལ་ཁ་ཕྱོགས་པའི་དགོངས་དོན་བརྩི་སྲུང་བྱེད་དགོས་པ་དང་། ཀྲུང་ཉི་ཕྱོགས་གཉིས་ཀྱི་ཆབ་སྲིད་ཡིག་ཆ་བཞིའི་རྨང་གཞིའི་སྟེང་། ཐུན་མོང་ཐོག་ཞི་མཐུན་འཕེལ་རྒྱས་ལ་སྐུལ་འདེད་དང་། མི་རབས་ནས་མི་རབས་བར་མཛའ་མཐུན་འབྲེལ་བ་ཡོང་པར་ཇུས་འགོད་བྱེད་པ། རྒྱལ་ཁབ་གཉིས་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་མ་འོངས་པ་བསྐྲུན་པ་བརྒྱུད་ཨེ་ཤ་ཡ་དང་འཛམ་གླིང་གི་ཞི་བདེ་ལ་བྱས་རྗེས་འཇོག་དགོས་ཞེས་བསྟན།

ཞིས་ཅིན་ཕིང་གིས། ཀྲུང་གོ་དང་ཉི་ཧོང་གཉིས་ནི་ཆུ་རྒྱུན་གཅིག་གི་ཕར་ཚུར་དུ་ཆགས་ཡོད་ཅིང་། ལོ་ངོ༢༠༠༠ལྷག་རིང་། ཞི་བདེ་དང་མཛའ་བརྩེ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་སེམས་ཁོང་གི་འཁོར་ཕྱོགས་གཙོ་བོ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཕན་ཚུན་བར་སློབ་སྦྱོང་དང་ཉམས་མྱོང་བརྗེ་རེས་བརྒྱུད་སོ་སོའི་འཕེལ་རྒྱས་ལ་རྟིང་སྐུལ་བྱས་ཤིང་། མིའི་རིགས་ཀྱི་ཤེས་རིག་དར་སྤེལ་ཐད་ཀྱང་བྱས་རྗེས་མི་དམན་པ་བཞག་ཡོད། ཉེ་རབས་ཀྱི་རྗེས་སུ། ཉི་ཧོང་ནི་ཕྱི་ཕྱོགས་སུ་བཙན་འཛུལ་བྱེད་པའི་བགྲོད་ལམ་དུ་བསྐྱོད་པས། ཀྲུང་ཉི་ཕྱོགས་གཉིས་ཀྱིས་དཀའ་སྡུག་གི་ལོ་ཟླ་བརྒྱུད་ཅིང་། ཀྲུང་གོའི་མི་མང་གིས་གོད་ཆགས་ཚབས་ཆེན་མྱངས་ཡོད་པ་རེད། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་རྒན་རབས་པ་དག་གིས་ཆབ་སྲིད་ཀྱི་བློ་གྲོས་ལ་མཐོང་ཆེན་གང་ལེགས་མཛད་ངོར། ཆབ་སྲིད་ཀྱི་ཇུས་འགོད་གལ་ཆེན་གནང་ཡོད་ཅིང་། དཀའ་ངལ་ཐམས་ཅད་ཁྱད་དུ་བསལ་ནས་ཕྱོགས་གཉིས་ཀའི་འབྲེལ་བ་རྒྱུན་ལྡན་ཅན་དུ་བསྐྱོད་པ་མ་ཟད། ཞི་བདེ་མཛའ་མཐུན་གྱི་ཆིངས་ཡིག་བཞག་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཐད་ཀྱི་དུས་རབས་གསར་པ་སྐྲུན་པ་དང་། ཀྲུང་ཉི་ཕྱོགས་གཉིས་ཀའི་དཔྱོད་ལྡན་ཁག་ཅིག་གིས་དེའི་ཐད་འབད་བརྩོན་ཆེར་བསྐྱེད་ཀྱི་ལས་དོན་མང་པོ་སྒྲུབ་ཡོད་པ་རེད། ལོ་རྒྱུས་ཀྱི་ར་སྤྲོད་བྱས་པ་ལྟར་ན། ཀྲུང་ཉི་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་ནི་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་མང་ལ་ཕན་ཐོགས་པ་མ་ཟད། ཨེ་ཤ་ཡ་དང་འཛམ་གླིང་ཧྲིལ་བོར་ཡང་ཕན་ཐོགས་པས། ང་ཚོས་སྔར་བས་ལྡབ་འགྱུར་གྱིས་གཅེས་འཛིན་དང་སྲུང་སྐྱོབ་བྱས་ནས་མུ་མཐུད་དུ་འབད་བརྩོན་ལྷུར་ལེན་བྱེད་དགོས་ཞེས་བསྟན།

ཞིས་ཅིན་ཕིང་གིས། ཀྲུང་ཉི་ཕྱོགས་གཉིས་ཀྱི་མི་མང་གིས་མཛའ་བརྩེ་ཟོལ་མེད་བཅིངས་པ་ཡིན་ན་མི་རབས་ནས་མི་རབས་བར་མཛའ་བརྩེའི་འབྲེལ་ལམ་རྒྱུན་སྐྱོང་ཐུབ་པ་དང་། ཀྲུང་གོའི་ཕྱོགས་ནས་ཀྲུང་ཉིའི་འབྲེལ་བ་འཕེལ་རྒྱས་མཐོང་ཆེན་གང་ལེགས་གནང་གི་ཡོད་དེ། ང་ཚོས་ཉི་ཧོང་ཕྱོགས་དང་གདངས་གཅིག་ཏུ་ཀྲུང་ཉིའི་ཆབ་སྲིད་ཡིག་ཆ་བཞིའི་རྨང་གཞིའི་སྟེང་རྒྱལ་ཁབ་གཉིས་ཀྱི་ཁྱིམ་མཚེས་མཛའ་མཐུན་འབྲེལ་བར་སྐུལ་འདེད་བྱེད་འདོད་ཡོད་ཅེས་གསུངས།

ཞིས་ཅིན་ཕིང་གིས། ད་ལོ་ནི་ཀྲུང་གོའི་མི་དམངས་ཀྱིས་ཉི་རྒོལ་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་དམག་འཁྲུག་ལ་རྒྱལ་ཁ་ལོན་ནས་ལོ་ངོ༧༠འཁོར་པའི་དུས་དྲན་དང་འཁེལ་ཡོད། ཉི་ཧོང་དམག་རྒྱལ་རིང་ལུགས་ཀྱིས་བཙན་འཛུལ་གྱི་ལོ་དེའི་ཉེས་སྤྱོད་དེ་སུས་ཀྱང་གཡོ་འགེབས་བྱེད་མི་རུང་ལ། ལོ་རྒྱུས་དོན་དངོས་དེ་སུས་ཀྱང་འཁྱོག་བརྗོད་བྱེད་མི་རུང་། གང་གིས་ཉི་ཧོང་དམག་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་གྱི་བྱེད་སྤྱོད་དེ་གཡོ་འགེབས་དང་མཛེས་བཟོ་བྱེད་འདོད་ཀྱི་གཡོ་སེམས་དེ་ཀྲུང་གོའི་མི་དམངས་དང་ཨེ་ཤ་ཡའི་གནོད་ཐེབས་རྒྱལ་ཁབ་ཀྱི་མི་དམངས་ཀྱིས་ངོས་ལེན་བྱེད་མི་སྲིད་དེ། དྲང་བདེན་དང་འཇོན་ནུས་ལྡན་པའི་ཉི་ཧོང་མི་མང་གིས་ཀྱང་མོས་མཐུན་བྱེད་མི་སྲིད་པར་ཡིད་ཆེས་ཡོད། ལོ་རྒྱུས་ཀྱི་བསླབ་བྱ་སེམས་སུ་འཆང་པ་དེ་ནི་འབྱུང་འགྱུར་གསར་གཏོད་བྱ་ཆེད་ཡིན་ཏེ། དམག་འཁྲུག་གི་ཉེས་སྤྱོད་བརྗེད་པར་མི་བྱ་བ་དེའང་ཞི་བདེ་སྲུང་སྐྱོབ་བྱ་ཆེད་རེད་ཅེས་གསུངས།

ཉི་ཧོང་མི་དམངས་ཀྱང་དམག་འཁྲུག་དེའི་གནོད་འཚེ་ཐེབས་མཁན་ཡིན་པས། ཀྲུང་ཉི་ཕྱོགས་གཉིས་ཀྱིས་ལོ་རྒྱུས་ཀྱི་བསླབ་བྱ་སེམས་ལ་འཆང་ནས་འབྱུང་འགྱུར་ལ་ཁ་ཕྱོགས་པའི་དགོངས་དོན་བརྩི་སྲུང་བྱེད་དགོས་ཤིང་། ཐུན་མོང་ཐོག་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་དང་། མི་རབས་ནས་མི་རབས་བར་གྱི་མཛའ་འབྲེལ་ལ་ཇུས་འགོད་བྱེད་པ། རྒྱལ་ཁབ་གཉིས་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གསར་གཏོད་བྱས་ནས་ཨེ་ཤ་ཡ་དང་འཛམ་གླིང་གི་ཞི་བདེ་ལ་བྱས་རྗེས་འཇོག་དགོས་ཞེས་བསྟན།

ཞིས་ཅིན་ཕིང་གིས། ཀྲུང་ཉིའི་མཛའ་མཐུན་འབྲེལ་བའི་རྨང་གཞི་ནི་དམངས་ཁྲོད་དུ་ཡོད་ཅིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་གྱི་མདུན་ལྗོངས་དེའང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ལག་ཏུ་ཡོད་པ་རེད། ཀྲུང་གོའི་སྲིད་གཞུང་གིས་རྒྱལ་ཁབ་གཉིས་བར་གྱི་དམངས་ཁྲོད་འབྲེལ་འདྲིས་བྱེད་པར་རྒྱབ་སྐྱོར་དང་། རྒྱལ་ཁབ་གཉིས་ཀྱི་ལས་རིགས་སོ་སོ་དང་ལྷག་པར་དུ་ལོ་གཞོན་རྣམས་ཀྲུང་ཉི་རྒྱལ་ཁབ་གཉིས་ཀྱི་མཛའ་འབྲེལ་ལས་དོན་དུ་ཞུགས་པར་རྟིང་སྐུལ་བྱས་བྱེད་རྒྱུ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་ལོ་གཞོན་རྣམས་ཀྱིས་མཛའ་འབྲེལ་ལ་ཡིད་ཆེས་དང་། ནུས་བ་བླ་ལྷག་འདོན་པར་རེ་སྒུག་དང་ཡིད་ཆེས་བྱས་ཡོད་ཅེས་བསྟན།

ཉི་ཧོང་གི་རང་དབང་དམངས་གཙོ་ཏང་གི་སྤྱི་གཉེར་ཚོགས་གཙོ་ཨར་ཅེ་ཅོན་པོ་ཡིས་ཤིས་ཚིག་ཕུལ་དུས། ད་རེས་ཀྱི་ཀྲུང་ཉིའི་མཛའ་འབྲེལ་བརྗེ་རེས་ཚོགས་འདུ་དེ་ཤིན་ཏུ་གལ་ཆེན་པོ་རེད། ཀྲུང་གོ་སྲིད་གཞུང་ནས་འདིའི་ཐད་མཐོང་ཆེན་དང་རྒྱབ་སྐྱོར་གནང་པར་ཐུགས་རྗེ་ཆེ་ཞུ། ཀྲུའུ་ཞི་ཞིས་ཅིན་ཕིང་གི་གསུངས་བཤད་དེ་བས་ཀྱང་གལ་ཆེ་སྟེ། ང་ཚོས་ཀྲུང་ཉིའི་འབྲེལ་བ་འཕེལ་རྒྱས་གཏོང་པ་ཧུར་བརྩོན་ཆེན་པོ་བྱེད་དགོས། ཉི་ཀྲུང་ཕྱོགས་གཉིས་ཀྱི་འབྲེལ་ལམ་གྱི་རྨང་གཞི་ནི་དམངས་ཁྲོད་དུ་ཡོད་པས་ན། རྒྱལ་ཁབ་གཉིས་ཀྱི་དམངས་ཁྲོད་དང་རིག་གནས་འབྲེལ་འདྲིས། ལྷག་པར་དུ་ལོ་གཞོན་དག་གིས་ཕན་ཚུན་བར་རྒྱུས་ལོན་དང་འབྲེལ་བར་ཤུགས་སྣོན་བྱེད་རྒྱུ་དེ་ཧ་ཅང་གལ་ཆེ་བས། ཕྱོགས་གཉིས་ཀས་འདིའི་ཐད་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་བྱེད་པའི་རེ་བ་ཡོད་ཅིང་། ང་ཚོས་ཀྱང་ཀྲུང་གོའི་ཕྱོགས་དང་གདངས་གཅིག་ཏུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡུན་རིང་འཕེལ་རྒྱས་ཡོང་པར་འབད་བརྩོན་ཆེར་བསྐྱེད་གནང་རྒྱུན་ཡིན་ཞེས་བསྟན་བྱུང་།

ཚོགས་འདིའི་སྔོན་དུ། ཞིས་ཅིང་ཕིང་གིས་ཨར་ཅེ་ཅོན་པོ་འཁོར་བཅས་དང་མཉམ་པར་སྐྱོན།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལོ་གཞོན་པ། རྒྱལ་སྲིད་ཨུ་ཡོན་ཡང་ཅེ་ཁྲི་བཅས་གོང་གི་ལས་སྒོར་ཞུགས།

ད་རེས་ཀྱི་ཀྲུང་ཉིའི་མཛའ་འབྲེལ་སྤེལ་རེས་ནི་ཉེ་ལོའི་རིང་ཀྲུང་ཉིའི་དམངས་ཁྲོད་འབྲེལ་འདྲིས་ཀྱི་ཚོགས་རིམ་གལ་ཆེན་ཞིག་ཡིན་ལ། ཆབ་སྲིདང་། དཔལ་འབྱོར། ཡུལ་སྐོར། རིག་རྩལ་སོགས་ལས་སྒོའི་ཉི་ཧོང་གི་མི་སྣ༣༠༠༠ལྷག་ཚོགས་འདུར་ཞུགས་ཡོད་ཅིང་། ཚོགས་ཐོག་ཏུ། ཀྲུང་ཉི་ཕྱོགས་གཉིས་ཀྱི་ལས་སྒོ་སོ་སོའི་མི་སྣས་ཐུན་མོང་ཐོག་རྒྱལ་ཁབ་གཉིས་ཀྱི་དམངས་ཁྲོད་འབྲེལ་འདྲིས་ལ་ཤུགས་སྣོན་ལ་འབོད་སྐུལ་དང་། ཕྱོགས་གཉིས་ཀྱི་མཛའ་འབྲེལ་ཆེད་མི་རབས་ནས་མི་རབས་ཏུ་ཧུར་བརྩོན་བྱེད་དགོས་པའི《ཀྲུང་ཉིའི་མཛའ་འབྲེལ་སྤེལ་རེས་ཚོགས་ཆེན་གྱི་གྲོས་ཡིག》བཀྲམས།

འབྲེལ་ཡོད་རྩོམ་ཡིག