ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

༢༠༡༥ལོའི་སྐབས་བཅུ་གཉིས་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཝེ་སེ་དུས་ཆེན་ཐེ་ལན་དི་ནས་ཚོགས་རྒྱུ་རེད།

2015-05-29
ཐེངས་འདིའི་དུས་སྟོན་གྱི་ཚོགས་རའི་ཡ་གྱལ་ཏེ་ཐེ་ལན་དིའི་རྒྱལ་ས་བྷང་ཁོག་གི་མཉམ་འབྲེལ་རྒྱལ་ཚོགས་ཡ་གླིང་དང་ཞི་བདེ་རྒྱ་མཚོའི་གྲོས་ཚོགས་ལྟེ་གནས།
ཐེངས་འདིའི་དུས་སྟོན་གྱི་ཚོགས་རའི་ཡ་གྱལ་ཏེ་ཐེ་ལན་དི་མ་ཧ་ཀྲི་ལ་ལོན་གོན་སངས་རྒྱས་ཆོས་ལུགས་སློབ་གྲྭ་ཆེན་མོ།

ཐེངས་འདིའི་དུས་སྟོན་གྱི་ཚོགས་རའི་ཡ་གྱལ་ཏེ་ཐེ་ལན་དིའི Nakhon Pathom ཞེས་པ།
          ༢༠༡༥ ལོའི་སྐབས ༡༢ བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཝེ་སེ་དུས་ཆེན(Vesak Day བོད་ཀྱི་ས་ག་ཟླ་བ་དང་མཚུངས།)སངས་རྒྱས་ཆོས་ལུགས་ཚོགས་ཆེན་ནི་ཟླ ༥ ཚེས ༢༨ ཉིན་ནས་ཟླ ༥ ཚེས ༣༠ ཉིན་བར་ཐེ་ལན་དི་ནས་གཟབ་རྒྱས་ངང་ཚོགས་རྒྱུ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་དབྱི་ལེན་ནཱ་ཡིས་རྟེན་འབྲེལ་ཞུ་ཚིག་བསྐུར་ཡོད། རང་རྒྱལ་སངས་རྒྱས་ཆོས་ལུགས་མཐུན་ཚོགས་ཀྱི་ཚོགས་གཙོ་སློབ་དཔོན་ཞའོ་ཁྲེང་གདན་ཞུས་ལྟར་ཐེངས་འདིའི་དུས་སྟོན་དུ་ཕེབས།
          རྒྱུས་ལོན་ཐུབ་རྒྱུར། ཐེངས་འདིའི་ཝེ་སེ་དུས་ཆེན(Vesak Day)གྱིས"སངས་རྒྱས་ཆོས་ལུགས་དང་འཛམ་གླིང་ཉམས་ཉེན"ཞེས་པ་བརྗོད་གཞིར་བྱས་ཡོད་པ་དང་། འཛམ་གླིང་རྒྱལ་ཁབ ༨༠ ལྷག་ནས་ཕེབས་པའི་ཚབ་བྱེད་པ་སྟོང་ལྷག་ཚོགས་འདུར་ཕེབས་ཡོད། སོ་སོMCUསློབ་ཁུལ་གཙོ་བོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཚོགས་ལྟེ་གནས། སངས་རྒྱས་ཆོས་ལུགས་གླིང་བཅས་སུ་གཟབ་རྒྱས་ངང་དབུ་ཚུགས་མཛད་སྒོ་དང་མཇུག་བསྡུ་བའི་མཛད་སྒོ། ཡན་ལག་ཚོ་ཆུང་ནང་ཁུལ་གྲོས་ཚོགས་དང་མཆོད་འབུལ་སྐོར་སྐྱོད་སོགས་རིམ་པར་སྤེལ་རྒྱུ་རེད།
          ཟླ ༥ ཚེས ༢༨ ཉིན་གྱི་སྔ་དྲོར་ཚོགས་ཆེན་ནི MCU སློབ་ཁུལ་གཙོ་བོ་རུ་དངོས་སུ་དབུ་ཚུགས་རྒྱུ་ཡིན་པ་དང་། སྐབས་དེར། ཐེ་ལན་དིའི་བཙུན་རྒྱལ་དང་ཐེ་ལན་དིའི་རྒྱལ་བོའི་ཁྱིམ་རྒྱུད། ཝེ་སེ་དུས་ཆེན(Vesak Day)རྩ་འཛུགས་ཨུ་ལྷན་བཅས་ཚོགས་ཐོག་ཏུ་ཞུགས་རྒྱུ་རེད།
          ཉིན་གཉིས་པར་ཡན་ལག་ཚོ་ཆུང་གི་ནང་ཁུལ་གྲོས་ཚོགས་ཚོགས་རྒྱུ་ཡིན་པ་དང་། ཚོགས་ཞུགས་རྒྱལ་ཁབ་སོ་སོའི་ཚབ་བྱེད་པས"སངས་རྒྱས་ཆོས་ལུགས་ཀྱིས་སྤྱི་ཚོགས་འགལ་བར་གདོང་གཏད་པ"དང"སངས་རྒྱས་ཆོས་ལུགས་ཀྱིས་ཁོར་ཡུག་བཙོག་འགྱུར་ལ་གདོང་གཏད་པ""སངས་རྒྱས་ཆོས་ལུགས་ཀྱིས་སློབ་གསོའི་ཉམས་ཉེན་ལ་གདོང་གཏད་པ""སངས་རྒྱས་ཆོས་ལུགས་དང་ཤར་མནའ་འབྲེལ་མཐུན་ཚོགས།""སངས་རྒྱས་ཆོས་ལུགས་ཆོས་དཔེ་བགྲོ་གླེང"སོགས་གྲོས་གཞི་མང་པོར་རྒྱ་ཆེ་བའི་བགྲོ་གླེང་མཛད་རྒྱུ་རེད། བར་སྐབས་སུ《ཐེ་ལན་དིའི་སྲས་མོ་ཧྲི་ལིན་ཐོང་གི་གོང་མའི་ཁྱིམ་རྒྱུད་ཀྱི་འོས་འགན། སྲས་མོ་མཆོག་གི་དགུང་ལོ་དྲུག་ཅུའི་འཁྲུངས་སྐར་ལ་ཕུལ་བ།》ཞེས་བའི་ཆེད་ཞུས་གསུང་བཤད་གནང་རྒྱུ་རེད།
          ཟླ ༥ ཚེས ༣༠ ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཚོགས་ལྟེ་གནས་ནས་ཆེས་མཐའ་མཇུག་གི་ཚོགས་མི་ཡོངས་ཀྱི་གྲོས་ཚོགས་ཚོགས་རྒྱུ་ཡིན་པ་དང་། མ་ཟད《༢༠༡༥ ལོའི་བྷང་ཁོག་གི་བསྒྲགས་གཏམ》ཞེས་པ་སྤེལ་རྒྱུ་རེད།  ཚོགས་ཞུགས་རྒྱལ་ཁབ་དང་ས་ཁུལ་སོ་སོའི་སངས་རྒྱས་ཆོས་ལུགས་ཀྱི་དབུ་ཁྲིད་ཀྱིསWat Phra Keo དགོན་པ་ནས་འཛམ་གླིང་ཞི་བདེའི་ཆོས་གསུང་གསོལ་སྨོན་མཛད་སྒོ་སྤེལ་རྒྱུ་ཡིན་པ་དང་། ཉིན་དེའི་ཕྱི་དྲོར། བཙུན་རྒྱལ་ཚབ་བྱེད་པས་ཚོགས་ཆེན་མཇུག་བསྡུ་བའི་མཛད་སྒོར་མདོ་འཛིན་གནང་རྒྱུ་ཡིན་པ་དང་དེ་ནས་མཆོད་འབུལ་སྐོར་སྐྱོད་དུ་ཞུགས་རྒྱུ་རེད།
          རྒྱུས་ལོན་ཏེ་ཤེས་གསལ། ཝེ་སེ་དུས་ཆེན(Vesak Day)ནི་ལྷོ་བརྒྱུད་གནས་བརྟན་སྡེའི་སངས་རྒྱས་ཆོས་ལུགས་པས་སངས་རྒྱས་སྐུ་བལྟམས་པ་དང་སངས་རྒྱས་པ། སངས་རྒྱས་པ་མྱ་ངན་ལས་འདས་པར་རྗེས་དྲན་བྱེད་པའི་སྲོལ་རྒྱུན་དུས་ཆེན་ཞིག་ཡིན་པ་རེད། སིང་གྷ་ལ་དང་ཐེ་ལན་དི། འབར་མ། སིང་གྷ་ཕོར། མ་ལེ་ཞི་ཡ། ཧིན་རྡི་ཉི་ཞི་ཡ། བལ་བོ་སོགས་ཡ་གླིང་ལྷོ་མ་དང་ཡ་གླིང་ཤར་ལྷོའི་རྒྱལ་ཁབ་ཀྱི་སངས་རྒྱས་ཆོས་ལུགས་པ་ཀུན་གྱིས། ལོ་རེའི་དུས་སྟོན་གལ་ཆེན་པོ་འདིར་དགའ་སྟོན་གྱི་མཛད་སྒོ་གཟབ་རྒྱས་ཚོགས་ཀྱི་ཡོད་པ་རེད། ཉིན་འདི(ཡང་ན་ཉིན་ཁ་ཤས)སྤྱི་དམངས་ཀྱི་ངལ་གསོའི་ཉིན་མོར་གཏན་ཁེལ་བྱས་བའི་རྒྱལ་ཁབ་ལ་སིང་གྷ་ལ་དང་མ་ལེ་ཞི་ཡ། ཐེ་ལན་དི། སིང་གྷ་ཕོར། ཝེད་ནམ་སོགས་ཡོད།
          དུས་སྔ་མོ ༡༩༥༠ ལོར། འཛམ་གླིང་སངས་རྒྱས་ཆོས་ལུགས་པའི་མཐུན་འབྲེལ་ལྷན་ཚོགས་ཀྱིས་སིང་གྷ་ལའི་ཁོ་ལུམ་པོ་རུ་ཚོགས་པའི་ཐོག་མའི་གྲོས་ཚོགས་སུ་ཝེ་སེ་དུས་ཆེན(Vesak Day)ལ་རྟེན་འབྲེལ་མཛད་སྒོ་སྤེལ་རྒྱུའི་ཐག་གཅོད་གནང་། "རྒྱལ་ཁབ་སོ་སོའི་ཆབ་སྲིད་དབུ་ཁྲིད་ཀྱིས་རྒྱལ་ཁབ་གང་དེའི་སངས་རྒྱས་ཆོས་ལུགས་པ་མང་ཉུང་གང་རུང་ལ། ཟླ་ལྔ་བའི་ཟླ་བ་སྒོར་བའི་དུས་ནི་སྤྱིའི་ངལ་གསོའི་དུས་ཆེན་ལ་གཏན་འཁེལ་བྱས་ཏེ། སངས་རྒྱས་ནི་འཛམ་གླིང་གི་མིའི་རིགས་ལ་ཕན་བདེ་བསྐྲུན་མཁན་ཞིག་ཡིན་པ་དེར་རྗེས་དྲན་བྱེད་པའི་རེ་འདུན་ཞུས།"༡༩༩༩ ལོའི་ཟླ ༡༢ པར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤེལ་བའི་འཕྲིན་དུ། ཝེ་སེ་དུས་ཆེན (Vesak Day)སྐོར་གྱི་རེ་ཞུའི་མ་ཟིན་དང་ལེན་བྱས་པ་བསྟན་ཡོད། ༢༠༠༤ ལོའི་ཟླ ༥ ཚེས ༢༥ ཉིན་ནས་ཚེས ༢༨ བར་ཐེ་ལན་དི་མ་ཧ་ཀྲི་ལ་ལོན་གོན་སློབ་གྲྭ་ཆེན་མོ་ནས་སྐབས་དང་པོའི"མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཝེ་སེ་དུས་ཆེན"རྒྱལ་སྤྱིའི་སངས་རྒྱས་ཆོས་ལུགས་ཚོགས་ཆེན་སྤེལ།
          སྐབས་དང་པོ་ནས་བཟུང་། ཚོགས་ཆེན་འདི་བདེ་ལེགས་ངང་ཐེངས ༡༢ ལ་ཚོགས་ཟིན། འཛམ་གླིང་སངས་རྒྱས་ཆོས་ལུགས་པ་ཀུན་གྱི་ཐུན་མོང་གི་འབད་བརྩོན་འོག དེའི་ཤུགས་རྐྱེན་ཡང་མཚམས་མེད་པར་རྒྱ་ཆེར་འགྲོ་བཞིན་ཡོད། མ་ཟད་རིམ་གྱིས་རྒྱལ་ཁབ་སོ་སོའི་སངས་རྒྱས་ཆོས་ལུགས་ཀྱི་དབུ་ཁྲིད་དང་སངས་རྒྱས་ཆོས་ལུགས་པས་འཛམ་གླིང་ཡོངས་ལ་རྒྱལ་ཁབ་གང་དེའི་སངས་རྒྱས་ཆོས་ལུགས་ཀྱི་འཕེལ་རྒྱས་གནས་བབ་ངོམ་སྟོན་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། རྒྱལ་ཁབ་སོ་སོའི་སངས་རྒྱས་ཆོས་ལུགས་པས་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བས་རྒྱལ་སྤྱིའི་འགལ་ཟླ་ཐག་གཅོད་དང་འཛམ་གླིང་འཆམ་མཐུན་འཕེལ་རྒྱས་འགྲོ་བར་ཐབས་དང་བཀོད་པ་འདོན་པའི་སྡིངས་ཆ་ཞིག་ཏུའང་གྱུར་ཡོད།
འབྲེལ་ཡོད་རྩོམ་ཡིག