ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

སྐབས་གཉིས་པའི་རྒྱལ་ཁབ་ཀྱི་དྲ་བའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་འགོ་ཚུགས།

2015-06-02

སྐབས་གཉིས་པའི་རྒྱལ་ཁབ་ཀྱི་དྲ་བའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་འགོ་ཚུགས་པའི་མཛད་སྒོ་དེ་ཟླ ༦ པའི་ཚེས ༡ ཉིན་པེ་ཅིང་དུ་བསྡུས། ད་རེས་ཀྱི་དྲིལ་སྒྲོག་གཟའ་འཁོར་འདིར་དེ་སྔའི་སྐབས་དང་པོའི་བརྗོད་དོན་གཙོ་བོ“ཐུན་མོང་སྒོས་དྲ་བའི་བདེ་འཇགས་བསྐྲུན་རྒྱུ་དང་། ཐུན་མོང་སྒོས་དྲ་བའི་དཔལ་ཡོན་ལོངས་སྤྱོད”ཅེས་པ་གཞིར་བཟུང་འདུག་ཅིང་། ཀྲུང་དབྱང་དྲ་འཕྲིན་གཞུང་སྒྲུབ་ཁང་། ཀྲུང་དབྱང་སྒྲིག་ཁོངས་གཞུང་སྒྲུབ་ཁང་། སློབ་གསོ་པུའུ། ཚན་རྩལ་པུའུ། བཟོ་འཕྲིན་པུའུ། སྤྱི་བདེ་པུའུ། ཀྲུང་གོའི་མི་དམངས་དངུལ་ཁང་། གསར་འགྱུར་དཔེ་སྐྲུན་རྒྱང་སྒྲོག་སྤྱི་ཁྱབ་ཅུས། གུང་གཞོན་ཚོགས་པ་ཐོན་ཀྲུང་དབྱང་། ཀྲུང་གོའི་ཚན་རྩལ་མཐུན་ཚོགས་བཅས་སྡེ་ཚན་བཅུ་ཡིས་མཉམ་དུ་གཙོ་སྒྲུབ་གནང་ངོར། ཟླ༦པའི་ཚེས༡ཉིན་ནས་ཚེས༧ཉིན་བར་རྒྱལ་ཡོངས་ཀྱི་ས་ཁུལ་ཁག་ནས་དུས་མཉམ་དུ་སྤེལ་རྒྱུ་རེད།

ཀྲུང་དབྱང་དྲིལ་སྒྲིག་པུའུ་ཡི་པུའུ་ཀྲང་གཞོན་པ། ཀྲུང་དབྱང་དྲ་འཕྲིན་གཞུང་སྒྲུབ་ཁང་གི་ཀྲུའུ་རེན། རྒྱལ་ཁབ་དྲ་འཕྲིན་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ལུའུ་ཝེས་འགོ་ཚུགས་པའི་མཛད་སྒོའི་སྟེང་ལོ་ཆུང་བྱིས་པ་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་། སྤྱི་ཚོགས་ཡོངས་ནས་ལག་ཟུང་མཉམ་འབྲེལ་བྱས་ཐོག བདེ་འཇགས་ཀྱི་འདུ་ཤེས་ངེས་ཅན་ལྡན་ཞིང་། དྲ་བའི་དཔལ་ཡོན་གྱི་རྒྱུ་སྤུས་ལྡན་པ། ཁྲིམས་སྲུང་གི་སྤྱོད་ལམ་ལེགས་པོ་ལྡན་པ། འགོག་སྲུང་གི་ནུས་པ་ལྡན་པའི་ཀྲུང་གོའི་དྲ་མི་བཟང་པོའི་མི་རབས་གསར་པ་སྐྱེད་བསྲིང་བྱེད་དགོས་ཞེས་བརྗོད་བྱུང་།

ལུའུ་ཝེ་ཡིས། རྒྱལ་ཁབ་ཀྱི་འབྱུང་འགྱུར་ནི་གཞོན་ནུ་དག་གི་ལག་ཏུ་ཡོད་པ་ནང་བཞིན་དྲ་བའི་འབྱུང་འགྱུར་ཡང་གཞོན་ནུ་རྣམས་ཀྱི་ལག་ཏུ་ཡོད་དེ། གཞོན་ནུ་ག་འདྲ་ཞིག་སྐྱེད་བསྲིངས་བྱས་པ་ཡིན་ན་དྲ་བ་དེ་འདྲ་ཞིག་འབྱུང་སྲིད་ལ། གཞོན་ནུ་ག་འདྲ་ཞིག་སྐྱེད་བསྲིངས་བྱས་པ་ཡིན་པ་ན་དྲ་བའི་འབྱུང་འགྱུར་ཡང་དེ་མཚུངས་ཤིག་ཞིག་འབྱུང་སྲིད་ཅེས་བརྗོད་བྱུང་། ཟླ༦པའི་ཚེས༡ཉིན་འགོ་ཚུགས་པའི་ཐེངས་འདིའི་རྒྱལ་ཁབ་ཀྱི་དྲ་བའི་བདེ་འཇགས་དྲིལ་སྒྲོལ་གཟའ་འཁོར་གྱི་ལོ་ཆུང་གཞོན་ནུ་རྣམས་ཀྱི་དྲ་བའི་བདེ་འཇགས་སློབ་གསོ་གཙིགས་སུ་བཟུང་ནས།“ང་ཚོས་ཐུན་མོང་སྒོས་ལག་གདངས་སྦྲེལ་ནས་ལོ་ཆུང་གཞོན་ནུ་རྣམས་ལ་བྱམས་སྐྱོང་དང་། ལོ་ཆུང་གཞོན་ནུ་རྣམས་ལ་ཞབས་ཞུ། ལོ་ཆུང་གཞོན་ནུ་རྣམས་ལ་སྣེ་ཁྲིད་བྱས་ངོར། ‘ཀྲུང་གོའི་དྲ་མི་བཟང་པོའི’མི་རབས་གསར་པ་སྐྱེད་བསྲིངས་བྱེད་རྒྱུ་དང་། སྔར་བས་མཛེས་སྡུག་ལྡན་པའི་དྲ་བའི་བར་སྟོང་འཛུགས་བསྐྲུན་བྱས་པར་བརྒྱུད། དྲ་བ་སྟོབས་ལྡན་གྱི་འཛུགས་བསྐྲུན་མཁན་དང་རྒྱུད་འཛིན་པ་སྐྱེད་བསྲིངས་བྱེད་དགོས་སོ།”

འགོ་ཚུགས་པའི་མཛད་སྒོའི་སྟེང་། ཀྲུང་གོ་བཟོ་བཀོད་ཁང་གི་ཡོན་ཀྲང་གཞོན་པ་ཁྲིང་ཙོའོ་ཉིང་དང་། ལོ་ཆུང་གདོང་ལེན་པའི་འཐུས་ཚབ་ཝབ་ཅ་ཡི་ཡིས་གཏམ་བཤད་གནང་པ་མ་ཟད། རྒྱལ་ཁབ་ཀྱི་དྲ་བའི་བདེ་འཇགས་ལོ་ཆུང་གཞོན་ནུའི་ཚན་རྩལ་ཁྱབ་བརྡལ་རྟེན་གཞིའི་སྒོ་བྱང་ཕྱེ་བ་རེད།

ཁྲིང་ཙོའོ་ཉིང་གིས། དྲ་བ་ནི་ལོ་ཆུང་གཞོན་ནུའི་སློབ་སྦྱོང་དང་། འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང་ཆབས་ཅིག དྲ་བའི་རྟོག་བཟོའི་བར་སྟོང་ཡང་ཧ་ཅང་རྙོག་འཛིང་དུ་གྱུར་ཡོད་པས། བསམ་གཞིགས་རང་རྐྱ་མི་ཐུབ་པའི་འཚར་ལོངས་འབྱུང་སྒང་གི་ལོ་ཆུང་གཞོན་ནུ་རྣམས་ཀྱི་ངོས་ཐད་ནས་བཤད་ན། ད་དུང་ཁྱིམ་བདག་དང་། སློབ་གྲྭ། སྤྱི་ཚོགས་བཅས་ཀྱི་སྔར་བས་ཡང་དག་པའི་ལམ་སྟོན་གནང་ནས། “ཚད་མཐུན་གྱི་དྲ་བ་སྤྱོད་པ་དང་། བདེ་ཐང་སྒོས་དྲ་བ་སྤྱོད་པ། བདེ་འཇགས་ཀྱི་དྲ་བ་སྤྱོད་པར”རོགས་རམ་གནང་པ་བརྒྱུད། ཁོ་རང་ཚོར་ཚད་ངེས་ཅན་སྟེང་དྲ་བའི་ཕན་ཁེ་ལོངས་སྤྱོད་ཐུབ་པ་བྱ་དགོས་པ་ལས། ལོ་ཆུང་གཞོན་ནུ་རྣམས་ནི་དྲ་བའི་གནོད་སྐྱོན་ཐེབས་མཁན་དུ་མི་རུང་ལ། སྤྱི་ཚོགས་ཡོངས་ཀྱི་དོ་ཁུར་འོག “དྲ་བའི་བར་སྟོང་གི་དྲང་ནུས”རྒྱུད་སྒྲོག་བྱེད་པའི་སྟོབས་ཤུགས་གསར་པར་འགྱུར་དགོས་ཟེར།

ཝང་ཅ་ཡི་ཡིས་། “དྲ་ཐོག་ཏུ་སྒྲིག་སྲོལ་ལྡན་ཞིང་། དྲ་ཕྱིར་གོ་རིམ་ལྡན་པས། མི་རེ་རེས་བདེ་འཇགས་ཀྱི་འདུ་ཤེས་ལྡན་དགོས་པ་མ་ཟད། དྲ་བའི་བདེ་འཇགས་སྲུང་སྐྱོབ་ཀྱི་ནུས་པའང་ལྡན་དགོས་ཤིང་། བཅའ་ཁྲིམས་སྒྲིག་སྲོལ་དང་མཐུན་ངང་དྲ་བའི་བདེ་འཇགས་ཤེས་བྱར་སློབ་སྦྱོང་བྱེད་དགོས”ཟེར།

རྒྱུས་ལོན་བྱུང་པ་ལྟར་ན། རྒྱལ་ཁབ་ཀྱི་དྲ་བའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་བཙུགས་པ་ནི་ཀྲུང་དབྱང་གི་དྲ་བའི་བདེ་འཇགས་དང་ཆ་འཕྲིན་ཅན་འགོ་ཁྲིད་ཚན་ཆུང་གི་གལ་ཆེའི་སྲིད་ཇུས་གཏན་འཁེལ་ཞིག་ཡིན་ལ། སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་སྒོས་དྲ་བའི་བདེ་འཇགས་སྐུལ་འདེད་ཀྱི་ལག་ལེན་དངོས་ཤིག་ཀྱང་རེད། དེ་ཡང་དྲ་བའི་བདེ་འཇགས་འདུ་ཤེས་ལ་ཤུགས་སྣོན་དང་། དྲ་བའི་བདེ་འཇགས་ཤེས་བྱ་ཁྱབ་བརྡལ། དྲ་བའི་བདེ་འཇགས་ནུས་རྩལ་མཐོར་འདེགས་བྱེད་རྒྱུ་དམིགས་སུ་འཛིན་ཆེད་རེད། ༢༠༡༤ལོར་སྐབས་དང་པོའི་རྒྱལ་ཁབ་ཀྱི་དྲ་བའི་བདེ་འཇགས་དྲིལ་སྒྲོག་གཟ་འཁོར་དུ་ཞུགས་མཁན་མི་གྲངས་བྱེ་བ་གཉིས་ལས་བརྒལ་ཡོད་པ་དང་། ཆ་འཕྲིན་ཁྱབ་ཚད་མི་གྲངས་དུང་ཕྱུར་ལྔ་ལ་ཉེ་བ་འདུག དེས་ནི“ཐུན་མོང་ཐོག་དྲ་བའི་བདེ་འཇགས་འཛུགས་བསྐྲུན་དང་། དྲ་བའི་དཔལ་ཡོན་ལོངས་སྤྱོད”ཀྱི་རྣམ་པ་ལེགས་པོ་ཆགས་འདུག

ཐེངས་འདིའི་རྒྱལ་ཁབ་ཀྱི་དྲ་བའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་ནི་སྡེ་ཚན་བཅུ་ཡིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་གནང་ཞིང་། བྱེད་སྒོའི་གཙོ་སྒྲུབ་སྡེ་ཚན་མང་ཞིང་། མཉམ་འབྲེལ་གྱི་ནུས་པ་འབུར་དུ་ཐོན་པ། ཁྱབ་རྒྱ་ཆེ་བ་བཅས་ནི་རྒྱལ་ཁབ་རིམ་པའི་དྲ་བའི་བདེ་འཇགས་དྲིལ་སྒོའི་བྱེད་སྒོའི་ལས་སྒོར་སྔར་བྱུང་མ་མྱོང་པ་ཞིག་རེད།

ད་རེས་ཀྱི་རྒྱལ་ཁབ་ཀྱི་དྲ་བའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་དུ་འགོ་ཚུགས་པའི་ཉིན་མོ་དང་། དངུལ་རྩའི་ཉིན་མོ། སྦྲག་ཏར་ཉིན་མོ། སྲིད་དོན་ཉིན་མོ། ཚན་རྩལ་ཉིན་མོ། ལོ་ཆུང་གཞོན་ནུའི་ཉིན་མོ་བཅས་བརྗོད་དོན་ཉིན་མོ་བདུན་ཡོད་པ་མ་ཟད། མི་མང་གིས་མྱོང་རོལ་འགྲེམས་སྟོན་དང་། ལོ་ཆུང་གཞོན་ནུའི་དྲ་བའི་བདེ་འཇགས་ཤེས་བྱ་འགྲན་བསྡུར། རྒྱལ་ཁབ་ཀྱི་དྲ་བའི་བདེ་འཇགས་དྲིལ་སྒྲོག་བརྩམས་ཆོས་འགྲན་བསྡུར། “ཉེ་འགྲམ་གྱི་དྲ་བའི་བདེ་འཇགས་གཏམ་རྒྱུད་འཆད་པའི”བརྩམས་ཆོས་དང་བརྙན་ཐུང་འགྲེམས་སྟོན། དྲ་བའི་ཁྲིམས་འགལ་བྱས་ཉེས་ལ་རྡུང་རྡེག་བྱེད་པའི་ཆེད་དོན་འཆད་ཁྲིད། གློག་རྡུལ་ཁུངས་དཔང་ར་སྤྲོད་ཞབས་ཞུ་དང་བེད་སྤྱོད་དཔྱད་ཞིབ་གླེང་སྟེགས། དངུལ་རྩའི་བདེ་འཇགས་ཤེས་བྱ་འཆད་ཁྲིད། དྲ་བའི་བདེ་འཇགས་ཤེས་བྱ་མི་ཚང་ཁྲི་སྟོང་ལ་ཁྱབ་བརྡལ་དུ་གཏོང་པ། སྤྱི་དམངས་ཀྱི་དྲ་བའི་བདེ་འཇགས་འདུ་ཤེས་ཀྱི་གནས་ཚུལ་དངོས་ལ་བརྟག་དཔྱད་ཀྱི་སྙན་ཞུ་ཁྱབ་སྒྲོག་བཅས་ཀྱི་བྱེད་སྒོ་འདུས་ཡོད་ཅིང་། མི་མངགིས་རོལ་མྱོང་འགྲེམ་སྟོན་དེ་ཟླ༦པའི་ཚེས༡ཉིན་ནས་ཚེས༣ཉིན་བར་ཀྲུང་ཧྭའི་དུས་རབས་སྡིངས་ཁང་ནས་སྤེལ་རྒྱུ་རེད།

འབྲེལ་ཡོད་རྩོམ་ཡིག