ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ད་ལོ་རྒྱལ་ཡོངས་སུ་མཐོ་རྒྱུགས་ནང་ཞུགས་རྒྱུའི་མིང་ཐོ་འགོད་མཁན་ཁྱོན་མི་ཁྲི་942ལྷག་ཙམ་ཡོད་པ།

2015-06-08

ཚེས་4ཉིན་སློབ་གསོ་པུས་ཆ་འཕྲིན་ཁྱབ་བསྒྲགས་བྱས་པར་གཞིགས་ན། 2015ལོའི་རྒྱལ་ཡོངས་ཀྱི་གཅིག་གྱུར་མཐོ་རྒྱུགས་དེ་ཟླ་6ཚེས་7དང་ཚེས་8ཉིན་བྱ་རྒྱུ་ཡིན་པ་དང་ཞིང་ཆེན་འགའ་ཞིག་གི་ཡིག་རྒྱུགས་ཚན་ཁག་མི་འདྲ་བའི་རྐྱེན་གྱིས་ཚེས་9ཉིན་སྔར་བཞིན་ཡིག་རྒྱུགས་བཀོད་སྒྲིག་བྱས་ཡོད་པ་རེད། ད་ལོ་རྒྱལ་ཡོངས་སུ་མཐོ་རྒྱུགས་ནང་ཞུགས་རྒྱུའི་མིང་ཐོ་འགོད་མཁན་རྒྱུགས་སྤྲོད་སློབ་མ་ཁྱོན་ཁྲི་942ཡོད་པ་དང་ཞིང་ཆེན་8ལ་རྒྱུགས་སྤྲོད་སློབ་མ་ལོང་བ་ཡོད་པ་རེད།

སློབ་གསོ་པུས་ས་གནས་ཁག་གིས་བདེ་འཇགས་དང་། ཕྱིར་སྐྱོད། ཟས་སྡོད། འཕྲོད་བསྟེན་སོགས་ཐད་ནས་མཐོ་རྒྱུགས་ཕྱོགས་བསྡུས་ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མར་ཡིག་རྒྱུགས་གོང་གི་གྲ་སྒྲིག་ཡག་པོ་བྱ་རྒྱུའི་དྲན་སྐུལ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཉེ་ཆར་སློབ་གསོ་པུས་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། སྤྱི་བདེ་པུའུ། བདེ་འཇགས་པུའུ། རྒྱལ་ཁབ་བཟོ་ཚོང་སྲིད་འཛིན་དོ་དམ་སྤྱི་ཁྱབ་ཅུས། རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་། རྒྱལ་ཁབ་གསང་སྲུང་ཅུས། དྲག་ཆས་ཉེན་རྟོག་དཔུང་སྡེ། ཆེས་མཐོའི་མི་དམངས་ཁྲིམས་ཁང་སོགས་སྡེ་ཚན་དང་མཉམ་དུ“ཡིག་རྒྱུགས་གཡོ་ལས་ཡོ་བྱད་ཕྱིར་ཚོང་ལ་རྡུང་རྡེག་གཏོང་བ”དང་། “ཡིག་རྒྱུགས་དང་འབྲེལ་བའི་ཡོད་པའི་དྲ་བའི་ཁོར་ཡུག་གཙང་བཟོ་བྱེད་པ” “རྒྱུགས་རའི་ཉེ་འཁོར་གྱི་ཁོར་ཡུག་གཙང་བཟོ་བྱེད་པ” “རྒྱུགས་སྤྲོད་བྱེད་ཚབ་བྱེད་པའི་གཡོ་ལས་ལ་རྡུང་རྡེག་གཏོང་བ”བཅས་ཕྱོགས་བསྡུས་བཅོས་སྐྱོང་གི་ཆེད་དོན་བྱ་སྤྱོད་ཁག་བཞི་གཅིག་སྡུད་ཐོག་སྤེལ་ཏེ་ཡིག་རྒྱུགས་ཀྱི་སྒྲིག་ལམ་ནན་སྐྱོང་བྱེད་པ་དང་ཡིག་རྒྱུགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་ཡོད་པ་རེད། ས་གནས་ཁག་གི་འབྲེལ་ཡོད་སྡེ་ཚན་གྱིས་སློབ་འབྲིང་དང་། མཐོ་སློབ། འཕྲིན་གཏོང་གློག་རྡུལ་ཐོན་རྫས་ཁྲོམ་ར། རྒྱུགས་རའི་ཉེ་འཁོར་དང་དེ་བཞིན་དྲ་སྦྲེལ་བཅས་ཐོག་ཁྲིམས་འགལ་ངང་ཚབ་རྒྱུགས་བྱེད་མཁན་འཚོལ་བསྡུ་བྱེད་པ་དང་། ཡིག་རྒྱུགས་ལ་ཚུལ་མིན་རོགས་རམ་བྱེད་པའི་བྱེད་སྤྱོད་སྤེལ་བ། ཡིག་རྒྱུགས་གཡོ་ལས་ཡོ་བྱད་ཁྲིམས་འགལ་ངང་ཕྱིར་ཚོང་བྱེད་པ། ཡིག་རྒྱུགས་དང་འབྲེལ་བ་ཡོད་པའི་མི་ལེགས་པའི་ཆ་འཕྲིན་ཁྱབ་སྤེལ་བྱེད་པ་སོགས་ཡིག་རྒྱུགས་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་བ་དང་། ཡིག་རྒྱུགས་ཀྱི་སྒྲིག་ལམ་དཀྲུག་པ། ཁྲིམས་འགལ་གྱི་ཁེ་ཕན་ཐོབ་ཐབས་བྱེད་པ་སོགས་བྱེད་སྤྱོད་གཙོ་གནད་ཐོག་མྱུལ་ཞིབ་བྱས་ནས་ཉེས་གསོག་ཕྱོགས་གཏོགས་ཁག་གཅིག་ཁྲིམས་ལྟར་མེད་པ་བཟོས་པ་རེད།

མཐོ་རྒྱུགས་ཀྱི་བདེ་འཇགས་འགན་ལེན་བྱ་ཕྱིར་ཉེ་ཆར་སློབ་གསོ་པུས་ཞིང་ཆེན་ཁག་གི་མཐོ་སློབ་སློབ་བསྡུ་ཨུ་ལྷན་དང་མཐོ་རྒྱུགས་བདེ་འཇགས་ཀྱི་འགན་ཁྲིའི་ཡི་གེ་བཞག་ནས་སྒྲིག་འགལ་ངང“ཐབས་འདོན”སློབ་བསྡུ་དང་ཚད་གཞི་དམའ་རུ་བཏང་ནས་སྒྲིག་འགལ་ངང་སློབ་བསྡུ་བྱེད་པའི་ནང་དོན་ལྡན་པའི་ས་གནས་ཀྱི་སྲིད་ཇུས་འདོན་མི་ཆོག་པ་དང་དོ་དམ་དང་ལྟ་སྐུལ་ཡག་པོ་མ་བྱས་པའི་རྐྱེན་གྱིས་ཡིག་རྒྱུགས་ལས་དོན་སྒྲིག་འཛུགས་ཐད་ནོར་འཛོལ་ཆེན་པོ་བྱུང་བ་སོགས་ཀྱི་བྱེད་སྤྱོད་ཐོན་ཚེ་ཁྲིམས་ལྟར་འགན་འཁྲི་བདའ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད། ཉེ་ཆར་སློབ་གསོ་པུའུ་དང་ཞིང་ཆེན་ཁག་གིས་2015ལོའི་མཐོ་རྒྱུགས་ཀྱི་ཐེར་འདོན་ཁ་པར་ཤར་གཏོང་བྱས་པས་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་ད་ལོའི་མཐོ་རྒྱུགས་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པའི་ཁུངས་སྣེ་དུས་ཐོག་ཏུ་ཐེར་འདོན་སྙན་ཞུ་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན་པ་རེད། སློབ་གསོ་པུའུ་དང་དེ་བཞིན་ཞིང་ཆེན་ཁག་གིས་ཐེར་འདོན་སྙན་ཞུའི་ཁུངས་སྣེ་གཞིར་བཟུང་དུས་ཚོད་དང་པོར་ཞིབ་བསྡུར་ཐག་གཅོད་བྱས་ནས་མཐོ་རྒྱུགས་ཀྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་རྒྱལ་ཡོངས་སུ་མཐོ་རྒྱུགས་ནང་ཞུགས་རྒྱུའི་མིང་ཐོ་འགོད་མཁན་སློབ་མ་ནི་2014ལོའི་མི་ཁྲི་939དང་བསྡུར་ན་ཅུང་མང་དུ་ཕྱིན་ཞིང་། 2014ལོ་ནི་རྒྱལ་ཡོངས་སུ་མཐོ་རྒྱུགས་ནང་ཞུགས་རྒྱུའི་མིང་ཐོ་འགོད་མཁན་བསྟུད་མར་ལོ་5ཆག་རྗེས་ཐེངས་དང་པོ་འཕར་བའི་ལོ་ཞིག་ཡིན་པ་དང་2013ལོ་དང་བསྡུར་ན་མི་གྲངས་ཁྲི་27འཕར་ནས་འཕར་ཚད་3%ཟིན་ཡོད་པ་རེད།

འབྲེལ་ཡོད་རྩོམ་ཡིག