ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཞིས་ཅིན་ཕིང་མཐོང་སྣང་གི་འཐབ་ཕྱོགས་གཅིག་གྱུར།

2015-06-08

ཞིས་ཅིན་ཕིང་དང་འཐབ་ཕྱོགས་གཅིག་གྱུར་ལ་ལས་འབྲེལ་ཟབ་མོ་ཡོད་པ་རེད། ཁོའི་ཕ་རྒན་ཞི་ཀྲུང་ཞུན་འཐབ་ཕྱོགས་གཅིག་གྱུར་གྱི་དབུ་ཁྲིད་ཕུལ་ཏུ་བྱུང་བ་ཞིག་ཡིན། དེ་སྔ་མདོ་སྨད་གཅན་ཚའི་སྣང་རའི་སྟོང་དཔོན་དབང་ཆེན་ལ་མགོ་འདོགས་སུ་འཇུག་ཆེད་ཐེངས 10 བརྩོན་ལེན་བྱས་པས། མའོ་ཀྲུའུ་ཞིས་ཀྱང་ཁོ་ལ"ཀྲུའུ་ཀོ་ལའང"ལས་ཀྱང་ངར་བ་འདུག་ཅེས་བསྟོད་བསྔགས་བཏང་མྱོང་། ཞིས་ཅིན་ཕིང་མིག་ནང་གི་འཐབ་ཕྱོགས་གཅིག་གྱུར་དེ་ཇི་ལྟ་བུ་ཞིག་ཡིན་མིན་དེ་རིང་འདི་ནས་ཁོའི་སྐད་ཆ་ཁ་ཤས་བཏུས་པས་ཟུར་བལྟས་ལེབ་མཐོང་ཡོང་གི་རེད།

"འཐབ་ཕྱོགས་གཅིག་གྱུར་དེ་སྔོན་ཆད་ཡིན་ནའང་འདྲ། ད་ལྟའང་རུང་། མ་འོངས་པར་ཡང་འདྲ་སྟེ་ང་ཚོའི་ཏང་གི་ནོར་བུ་ཆེན་པོ་ཞིག་ཡིན"

འཐབ་ཕྱོགས་གཅིག་གྱུར་ཏང་གི་ནོར་བུ་འགངས་ཆེན་ཞིག་ཡིན་ཚུལ་སྐོར་ལ་རང་རེའི་ཏང་གི་མགོ་ཁྲིད་རིམ་བྱུང་གིས་དེ་ལ་རྒྱས་བཤད་གནད་ཕིགས་པ་གནང་མྱོང་། དེ་ལ་གསར་བརྗེའི་དུས་སྐབས་སུ་འཐབ་ཕྱོགས་གཅིག་གྱུར་ནོར་བུ་ཡིན་པ་མང་པོ་ཞིག་གིས་ཀྱང་ཧ་གོ་གི་རེད་མོད། ནོར་བུ་བཞག་དྲགས་ན་རྙིང་རྒྱུ་ཡོད་པ་ཨེ་རེད་ཅེས་དྲི་རྟགས་ཤིག་བཀོད་པ་འདིར། ཞིས་ཅིན་ཕིང་གིས་བལྟས་ན་དྲི་བ་འདི་གནད་དོན་ཞིག་དངོས་འབྲེལ་རེད་མི་འདུག

"ཀྲུང་གོའི་གུང་ཁྲན་ཏང་ལ་ཏང་ཡོན 8200,0000 ཡོད་མོད། མི་གྲངས་དུང་ཕྱུར 13 ལ་མཚོན་ན་སྔར་བཞིན་ཉུང་ཉུང་རེད"

དེ་སྔོན་མའོ་ཀྲུའུ་ཞིས་ཚོགས་ཆེན་བདུན་པའི་དུས་སུ་ངག་ཐོག་ཆབ་སྲིད་སྙན་ཞུའི་ནང་། "ཏང་ཕྱིའི་མི་ཡིས་བརྒྱ་ཆའི་གོ་དགུ་ཟིན་པ་རེད། ཁོ་ཚོ་དང་ང་ཚོས་མཉམ་དུ་མ་གཏོགས་ཏང་ཡོན་རྐྱང་པར་བརྟེན་ན་གསར་བརྗེར་རྒྱལ་ཁ་ཐོབ་ཐུབ་ཀྱི་མ་རེད"ཅེས་བརྗོད་མྱོང་། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་ན། རྒྱལ་ཁ་ནས་རྒྱལ་ཁའི་ལམ་བུར་མུ་མཐུད་ནས་འགྲོ་ཐུབ།

"འཐབ་ཕྱོགས་གཅིག་གྱུར་དང་ཏང་མང་མཉམ་ལས་ཇི་ལྟར་ཟབ་ན། ཆབ་སྲིད་ཀྱི་ཐུན་མོང་གི་ལྟ་བ་དེ་ལྟར་དགོས"

འཐབ་ཕྱོགས་གཅིག་གྱུར་ནི་ཐུན་མོང་གི་ཆབ་སྲིད་རྨང་གཞིའི་སྟེང་བཙུགས་པ་རེད། རིང་ལུགས་ནི་དཔེར་བཞག་ན་དར་ཆ་ལྟ་བུ་ཞིག་རེད། དར་ཆ་བསྒྲེངས་པ་ཡིན་ན་ཚང་མར་མིག་གིས་ལྟ་ས་སེམས་ཀྱི་འཁོར་ས་ཡོད་ངེས་ལ། དེ་མིན་ན། རང་རང་སོ་སོ་ཁ་ཁ་བྱས་ནས་སྡོད་རྒྱུ་རང་རེད།

"འཐབ་ཕྱོགས་གཅིག་གྱུར་གྱིས་མཐུན་སྒྲིལ་སྙེག་གི་ཡོད་ལ། དེ་ནི་རྒྱ་ཆེ་བའི་མཐུན་སྒྲིལ་ཡིན་ལ། སྲ་ཞིང་བརྟན་པའི་མཐུན་སྒྲིལ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་ཐུན་མོང་གི་དམིགས་མདུན་ལ་སྙེག་པའི་མཐུན་སྒྲིལ་ཡིན"

འཐབ་ཕྱོགས་གཅིག་གྱུར་དེ་སྐྱེན་པོ་ཡིན་དགོས་ལ། དེ་བས་རྩ་དོན་གྱི་རང་བཞིན་ཡོད་པ་ཞིག་རེད། འཐབ་ཕྱོགས་གཅིག་གྱུར་གྱི་མཐུན་སྒྲིལ་ནི་གནད་དོན་གལ་ཆེན་ལ་ཐུན་མོང་གི་ངོས་འཛིན་ཟབ་ཏུ་གཏོང་ཆེད་ཡིན། མི་མཐུན་པ་སོར་འཇོག་དང་། བསམ་ཤེས་ཁོང་ཡངས་དགོས། འོན་ཀྱང་སྔོན་འགྲོའི་ཆ་རྐྱེན་ནི་ངེས་པར་དུ་ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། ཆབ་སྲིད་ཀྱི་རྩ་དོན་བརྟན་སྲུང་། གལ་ཆེའི་ཆབ་སྲིད་ཀྱི་གནད་དོན་ཐད་ཐམ་ཐོམ་བྱེད་མི་རུང་།

"ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་རབ་དང་རིམ་པའི་ཁྲོད། གནད་དོན་གང་ཞིག་ལ་རྙོག་འཛིང་ཆེ་ཤོས་རེད་ཟེར་ན། ཞིབ་ཏུ་བསམ་ན། འཐབ་ཕྱོགས་གཅིག་གྱུར་ཐད་ཀྱི་རིགས་པའི་གཞུང་ལུགས་དང་། སྲིད་ཇུས་ནི་རྙོག་འཛིང་ཆེ་ཤོས་རེད། ལག་ལེན་བཅས་ཀྱི་ས་མཚམས་ཁོང་དུ་ཆུད་པ་ཤིན་ཏུ་ཕྲ་བས། ཞིབ་ཏུ་མ་བརྟག་ན་ཁོང་དུ་ཆུད་དཀའ"

འཐབ་ཕྱོགས་གཅིག་གྱུར་ལ་ཆགས་པ་དང་། འཕེལ་བ་དང་འགྱུར་བའི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ཅིག་ཡོད་པ་དེ་ཚན་རིག་ཅིག་ཡིན། འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀ་ནི་ཆབ་སྲིད་རང་བཞིན་དང་། སྲིད་ཇུས་ཀྱི་རང་བཞིན་ཧ་ཅང་ཆེ་བའི་ལས་ཀ་ཞིག་ཡིན་སྟབས། ངེས་པར་དུ་ལས་ཀ་བྱེད་སྟངས་དང་བྱེད་ཐབས་ཁོང་དུ་ཆུད་དགོས་པ་མ་ཟད། ལག་ལེན་གྱི་འཕེལ་རྒྱས་དང་བསྟུན་ནས་ཕུན་སུམ་ཇེ་ཚོགས་སུ་གཏང་དགོས།

"འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀ་ནི་མགྱོགས་ཟས་མིན་པར།ཞིབ་ཟས་ལྟ་བུ་རེད། ཟས་ཞིམ་པོ་སྐོལ་ན། ག་ལེར་ཡོང་དགོས"

མགྱོགས་པོར་འགྲོ་བསམས་ན། རང་གཅིག་པུ་འགྲོ་དགོས་ཀྱི་རེད། རྒྱང་རིང་པོར་བསྐྱོད་བསམས་ན། མི་སྐོར་ཅིག་འགྲོ་དགོས་ཀྱི་རེད།ཏང་ཕྱིའི་གྲོགས་པོ་རྒྱ་ཁྱབ་ཏུ་བསྒྲིག་པ་ནི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཀ་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཞིབ་ཞིབ་པོ་ཡོང་དགོས། ལྷག་པར་དུ་དུས་ཚོད་དགོས། ཞིམ་ཟས་བཟོས་ན། དེའི་ནང་བཅུད་ངོ་མ་ཡུན་རིང་པོ་འགོར་རྗེས་གཞི་ནས་མྱོང་ཚོར་མཐར་ཕྱིན་ཐུབ་ཀྱི་རེད།

ཞིས་ཅིན་ཕིང་གིས་འཐབ་ཕྱོགས་གཅིག་གྱུར་སྐོར་གྱི་སྐད་ཆ་ཆེན་པོ་ད་དུང་མང་པོ་ཡོད་པས། ཁོང་གིས་འཐབ་ཕྱོགས་གཅིག་གྱུར་ལ་གཙིགས་ཆེན་ཇི་འདྲ་བྱེད་ཚུལ་ཇི་ལྟར་ཟབ་ཚུལ་དེ་ཚང་མས་ཧ་གོ་གི་རེད།

དེ་རིང་མགོ་ཚུགས་པ་ཙམ་ཡིན། ངོ་མཚར་བ་མང་པོ་རྗེས་ལ་ཡོང་གི་རེད།(རྩོམ་འགན་པ། སྒྲོལ་ཚེ།)

འབྲེལ་ཡོད་རྩོམ་ཡིག