ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

སྤྱི་བདེ་པུའུ་ཡིས་ཐོབ་ཐང་ལག་འཁྱེར་ཡུལ་གཞན་དུ་བོར་ཐོ་འགོད་ཆོག་པའི་སྙན་ཞུ་ལམ་ལུགས་བཙུགས།

2015-06-09

སྤྱི་བདེ་པུའུ་དྲ་ཚིགས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ ༦ པའི་ཚེས ༨ ཉིན་རྒྱལ་སྲིད་ཨུ་ཡོན་དང་སྤྱི་བདེ་པུའུ་པུའུ་ཀྲང་། པུའུ་ལ་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་ཀའོ་ཧྲེང་ཁུན་གྱིས་ཁྱོན་ཡོངས་ཀྱི་བཅོས་བསྒྱུར་ཟབ་སྤེལ་འགོ་ཁྲིད་ཚོགས་ཆུང་གི་གྲོས་ཚོགས་ཐེངས་བཅུ་བ་དང་། ཡུལ་མིའི་ཐོབ་ཐང་ལག་འཁྱེར་ས་ཆ་གཞན་ནས་བདག་སྤྲོད་དང་། བོར་ཐོ་འགོད་པ་དང་ལེན་བྱེད་པའི་སྙན་ཞུ་ལམ་ལུགས་འཛུགས་པའི་ཐད་དབྱེ་ཞིབ་དང་གྲོས་ཞིབ་གནང་།ཀའོ་ཧྲེང་ཁུན་གྱིས་གནད་དོན་ཕྱོགས་སྟོན་དང་བཅོས་བསྒྱུར་ལ་སྒུལ་ཤུགས་འདོན་པ།ཁྲིམས་ལུགས་གཞིར་འཛིན་པ་དང་། ཆ་འཕྲིན་གྱིས་རྒྱབ་སྐྱོར་བཅས་ལ་བརྟེན་ནས་ཐོབ་ཐང་ལག་འཁྱེར་གནས་གཞན་དུ་བདག་སྤྲོད་དང་བོར་ཐོ་འགོད་པའི་སྙན་ཞུ་ལམ་ལུགས་བཙུགས་ཏེ།མང་ཚོགས་ཀྱིས་ཐོབ་ཐང་ལག་འཁྱེར་སྟབས་བདེར་སྒྲུབ་པ་དང་། ཡུལ་མིའི་ཐོབ་ཐང་ལག་འཁྱེར་གྱི་སྤྱི་ཚོགས་ཉེར་སྤྱོད་བཅས་ལ་བདེ་འཇགས་ཀྱི་ཁོར་ཡུག་སྔར་ལས་ལྷག་པ་ཞིག་བསྐྲུན་དགོས།

གྲོས་ཚོགས་ཀྱིས།རང་རྒྱལ་གྱི་ཐོབ་ཐང་ལག་འཁྱེར་ལམ་ལུགས་ལག་བསྟར་བྱས་ནས་བཟུང་། ཡུལ་མིའི་ཐོབ་ཐང་ལག་འཁྱེར་གྱིས་སྤྱི་དམངས་ཆབ་སྲིད་དང་། དཔལ་འབྱོར། རིག་གནས།སྤྱི་ཚོགས་སུ་ཞུགས་པར་སྟབས་བདེ་དང་།སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་། སྤྱི་ཚོགས་ཀྱི་སྒྲིག་སྲོལ་ལ་སྲུང་འཛིན། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཅས་གཏོང་བའི་ཕྱོགས་ལ་ནུས་པ་གལ་ཆེན་ཐོན། མིག་སྔར་སྤྱི་ཚོགས་འཕེལ་འགྱུར་དང་ཆ་འཕྲིན་ཅན་འགྱུར་གྱི་འཕེལ་རྒྱས་མགྱོགས་པོ་བྱུང་བར་བསྟུན་ནས་མང་ཚོགས་ཀྱིས་ས་ཆ་གཞན་ནས་ཐོབ་ཐང་ལག་འཁྱེར་བདག་སྤྲོད་དང་བོར་ཐོ་འགོད་པ།བོར་བརླག་ཐེབས་པ་ཐོ་ཁོངས་ནས་བསུབ་དཀའ་བ་སོགས་ཀྱི་གནད་དོན་ཉིན་རེར་བཞིན་འབུར་དུ་ཐོན་པས། འཁོར་སྐྱོད་ལམ་ལུགས་བཅོས་བསྒྱུར་ལ་ངེས་པར་དུ་ཤུགས་སྣོན་དང་། སྤྱི་བདེ་ལམ་ལུགས་ཀྱི་རྒྱལ་ཡོངས་མི་གྲངས་ཆ་འཕྲིན་དོ་དམ་མ་ལག་གཞིར་བཟུང་ །ཐོབ་ཐང་ལག་འཁྱེར་ཡུལ་གཞན་ནས་བདག་སྤྲོད་དང་བོར་ཐོ་འགོད་པའི་སྙན་ཞུ། བོར་བརླག་སོང་བ་རྙེད་པའི་ལམ་ལུགས་མགྱོགས་པོར་འཛུགས་དགོས་པ་བསྟན།

གཞན་ཐོབ་ཐང་ལག་འཁྱེར་གྱི་ཡུལ་གཞན་བདག་སྤྲོད་ལམ་ལུགས་སོགས་འཛུགས་པ་ནི་སྤྱི་བདེ་ལས་ཁུངས་ཀྱིས་ཐེམ་ཐོའི་ལམ་ལུགས་བཅོས་བསྒྱུར་དང་། རླངས་འཁོར་ཞིབ་བཤེར་དང་ཁ་ལོ་བའི་རྒྱུགས་ལེན་ལམ་ལུགས་བཅོས་བསྒྱུར་རྗེས་ཀྱི་བཅོས་བསྒྱུར་བྱེད་ཐབས་གལ་ཆེན་ཞིག་ཡིན།སྤྱི་བདེ་ལས་ཁུངས་ཀྱི་མི་འབོར་ཞབས་ཞུ་དོ་དམ་ཆ་འཕྲིན་ཅན་དུ་བསྒྱུར་བའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས་ཆ་འཕྲིན་མང་སྤེལ་དང་མང་ཚོགས་ཉུང་རྒྱུག་བྱེད་དུ་བཅུག་ཏེ་མང་ཚོགས་ལ་སྟབས་བདེ་གང་ལེགས་བསྐྲུན་དགོས། རང་རྒྱལ་གྱི་གཞི་རྩའི་གནས་ཚུལ་ལ་གཞི་ཚུགས་ནས་དོན་དངོས་ཟུང་འབྲེལ་དང་། ཞིབ་འཇུག་ཞིབ་ཕྲ། བཀོད་སྒྲིག་ཚགས་དམ་པ། གོ་རིམ་བགོས་ནས་ལག་ལེན། གོ་རིམ་མ་འཆོར་བར་སྐུལ་འདེད།བཀོལ་སྤྱོད་བྱེད་སྲོལ་ཚགས་དམ་པ། ཐོབ་ཐང་ཞིབ་བཤེར་ནན་མོ་བཅས་བྱས་ཏེ། དམངས་འཚོར་ཕན་པའི་དོན་དག་འདི་ཁ་དོན་ཚིག་གནས་ཀྱིས་བསྒྲུབ་དགོས།

གྲོས་ཚོགས་ཀྱིས་གྲོས་ཞིབ་ཀྱི་བསམ་འཆར་ལ་གཞིགས་ནས་འབྲེལ་ཡོད་ལམ་ལུགས་ཀྱི་འཆར་ཟིན་བཟོ་བཅོས་དང་འཐུས་ཚང་གཏོང་བར་དམ་འཛིན་བྱས་ཏེ་གོ་རིམ་ལྟར་སྙན་སེང་བཀའ་འཁྲོལ་ཞུ་དགོས།སྲིད་འཛིན་དོ་དམ་ཞབས་ཞུ་འགན་ནུས་འཁུར་བའི་སྡེ་ཚན་ཁག་དང་ཉེན་རྟོག་པ་སོ་སོ་བཅས་ཀྱིས་འབྲེལ་ཡོད་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་ཁྲིམས་མཐུན་ཁེ་དབང་བཅོས་བསྒྱུར་གྱི་ལས་དོན་སྔོན་དུ་བསྒྲུབ་པ་དང་། དུས་ཚོད་དམ་འཛིན་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཞུ་དང་། དམངས་ཀྱི་ཐོན་སྐྱེད་འཚོ་བ་སྟབས་བདེར་གཏོང་བའི་སྲིད་ཇུས་བྱེད་ཐབས་ལ་ཞིབ་འཇུག་གནང་སྟེ། སྤྱི་བདེ་བཅོས་བསྒྱུར་ལས་མང་ཚོགས་ལ་ཕན་མང་བསྐྲུན་དགོས།

གྲོས་ཚོགས་ཐོག་ལས་དོན་གཞན་དག་ལའང་ཞིབ་འཇུག་གནང་།སྤྱི་བདེ་པུའུ་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་པུའུ་ཀྲང་གཞོན་པ་དབྱང་ཧུན་ཉིང་། པུའུ་ཏང་ཨུའི་ཧྲུའུ་ཅི་གཞོན་པ། པུའུ་ཀྲང་གཞོན་པ་ཧྥུ་ཀྲེང་ཧྭ།པུའུ་ཏང་ཨུའི་ཨུ་ཡོན། པུའུ་ཀྲང་གཞོན་པ་མེང་ཧོང་ཝེ།པུའུ་ཏང་ཨུའི་ཨུ་ཡོན། ཆབ་སྲིད་པུའུ་ཡི་ཀྲུའུ་རེན་ཞ་ཁྲུང་ཡུན།པུའུ་ཏང་ཨུའི་ཨུ་ཡོན། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ཏེང་ཝེ་ཕིང་།པུའུ་ཏང་ཨུའི་ཨུ་ཡོན། པུའུ་ཀྲང་ལས་རོགས་པ་མེང་ཆིང་ཧྥེང་།ལིའུ་ཡུའེ་ཅིན། ཝང་ཅིན་བཅས་གྲོས་ཚོགས་སུ་ཞུགས་པ་དང་། པུའུ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་ཐོག་ཏུ་ཞུགས་ཡོད་པ་རེད།

ཁ་བྱང་ཕྱི་མོ།སྤྱི་བདེ་པུའུ་ཡིས་ཐོབ་ཐང་ལག་འཁྱེར་ཡུལ་གཞན་དུ་བོར་ཐོ་འགོད་ཆོག་པའི་སྙན་ཞུ་ལམ་ལུགས་བཙུགས།

འབྲེལ་ཡོད་རྩོམ་ཡིག