ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

"ཤར་ཕྱོགས་སྐར་ཆེན"རྟགས་ཅན་དོན་རྐྱེན་བྱུང་སའི་ཡུལ་དངོས་དག་ཐེར་གཙང་བཤེར་བྱ་བ་ཡོངས་སུ་འགྲུབ།

2015-06-10

ཤིན་ཧྭ་དྲ་བའི་པེ་ཅིང་གི་ཟླ ༦ ཚེས ༨ ཉིན་གྱི་གློག་འཕྲིན། གསར་འགོད་པས"ཤར་ཕྱོགས་སྐར་ཆེན"འགྲུལ་སྐྱེལ་གྲུ་གཟིངས་དོན་རྐྱེན་གྱི་རོགས་སྐྱོབ་ཡུལ་དངོས་ཀྱི་མཛུབ་སྟོན་པུའུ་ནས་རྒྱུས་ལོན་ཐུབ་རྒྱུར། ཚེས ༨ ཉིན་གྱི་དུས་ཚོད ༡༡ བར་འདས་པོ ༤༣༤ ཡི་བམ་པོ་རྙེད་བྱུང་བ་རེད། ཕྱི་དྲོ་མཉམ་འབྲེལ་ཚོད་ལེན་ཚོ་ཆུང་གིས་དུས་ཚོད་གཉིས་རིང་གི་ཁྱོན་ཡོངས་ཀྱི་ཞིབ་ཕྲའི་ཞིབ་བཤེར་བྱས་རྗེས་གཙང་བཤེར་ལེགས་འགྲུབ་བྱུང་བ་ཐག་བཅད་པ་དང་། ཕྱོགས་སོ་སོའི་ཚབ་བྱེད་པས་ཚོད་ལེན་ཞིབ་ཐོར་མིང་བཀོད། དེ་ནས་ཤར་ཕྱོགས་སྐར་ཆེན་རྟགས་ཅན་དོན་རྐྱེན་བྱུང་སའི་ཡུལ་དངོས་དག་ཐེར་གཙང་བཤེར་བྱ་བ་ཡོངས་སུ་འགྲུབ་པ་རེད།

མཛུབ་སྟོན་པུའུ་ནས་གསལ་བཤད་གནང་རྒྱུར། ཚེས ༨ ཉིན་གྱི་སྔ་དྲོ། འཚོལ་སྐྱོབ་མི་སྣས་ཡང་བསྐྱར་འདས་པོ་གཉིས་ཀྱི་བམ་པོ་རྙེད་བྱུང་བ་དང་། དུས་ཚོད ༡༡ བར་དུ་ཤར་ཕྱོགས་སྐར་ཆེན་གྱི་འགྲུལ་བ ༤༥༦ ལས་མི ༡༤ གསོན་བྱུང་བ་དང་འདས་པོ ༤༣༤ ཡི་བམ་པོ་འཚོལ་རྙེད་བྱུང་བ་རེད།

སྔ་དྲོའི་དུས་ཚོད ༡༠ དང་སྐར་མ ༢༠ ཡས་མས་སུ། དོན་རྐྱེན་ཁྲོད་ནས་ཐར་ཡོང་བ་ཅང་ཀེན་དང་ཁྲེང་ཧྲུའུ་ཧན་གཉིས་ཅན་ལི་མ་དམངས་སྨན་ཁང་ནས་སྒོར་བུད་པ་དང་། འདི་ནི་ཤར་ཕྱོགས་སྐར་ཆེན་རྟགས་ཅན་གྱི་དོན་རྐྱེན་ཁྲོད་རྨས་སྐྱོན་བྱུང་བའི་འགྲུལ་བ་ལས་སྨན་བཅོས་བརྒྱུད་བདེ་ཐང་བྱུང་བའི་འགྲུལ་བ་ཁག་དང་པོ་རེད།

འགྲུལ་སྐྱེལ་གྲུ་གཟིངས་འབྲི་ཆུར་ནུབ་པའི་དོན་རྐྱེན་གྱི་ཅན་ལི་རྫོང་བྱ་བའི་ཆེད་ལས་ཚོ་ཆུང་གིས་ངོ་སྤྲོད་བྱས་པ་ལྟར་ན། ཡུལ་དེའི་ཚེས ༨ ཉིན་མུ་མཐུད་དུ་གཙང་རྒྱུན་གྱི་ཤང་དང་གྲོང་བརྡལ་གྱི་མང་ཚོགས་དང་དམག་མི ༣༠༠༠ རྩ་འཛུགས་བྱས་ཏེ་འཚོལ་སྐྱོབ་ཏུ་ཞུགས་པ་དང་། མ་ཟད་འདས་པོ་སྐྱེལ་འདྲེན་དང་འདས་པོའི་ཅ་ལག་ཐོ་འགོད་ཀྱི་ལས། འདས་པོའི་འདས་མཆོད་ཞབས་ཞུ་སོགས་ལ་རོགས་རམ་བྱས།

ཧུའུ་ནན་ཞིང་ཆེན་ཡེ་དབྱང་གྲོང་ཁྱེར་ཁོངས་ཀྱི་ཧྭ་རོང་རྫོང་སོགས་ནི་འབྲི་ཆུར་ནུབ་པའི་ཤར་ཕྱོགས་སྐར་ཆེན་དང་གཙང་བོ་གཅིག་གི་ཕ་རོལ་ཚུར་རོལ་ཡིན་པས། ཚེས ༨ཉིན་གྱི་ཕྱི་དྲོའི་བར། ཡེ་དབྱང་གྲོང་ཁྱེར་གྱིས་རྩ་འཛུགས་བྱས་པའི་མི་ཁྲི་ལས་བརྒལ་བའི་འཚོལ་སྐྱོབ་རུ་ཁག་གིས་ཁྱོན་ཤར་ཕྱོགས་སྐར་ཆེན་གྱི་འགྲུལ་བ ༢༦ རྙེད། དེའི་ཁྲོད་ཀྱི་མི ༢ གསོན་བྱུང་བ་དང་མི ༢༤ རྐྱེན་ལས་འདས། མིག་སྔར་ཧྲང་ཧེ་ནས་ཡིན་པའི་རྐྱེན་འདས་འགྲུལ་བ ༩༦ གི་ཁྱིམ་མི་ཡོངས་ཧུའུ་པེ་ཅན་ལི་རྫོང་དུ་སླེབས་ཡོད།

གསར་འགོད་པས་ཧྲང་ཧེ་གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་ཐུབ་རྒྱུར། ཚེས ༨ ཉིན་གྱི་བར་ཤར་ཕྱོགས་སྐར་ཆེན་རྟགས་ཅན་འབྲི་ཆུར་ནུབ་པའི་དོན་རྐྱེན་ཁྲོད་རྐྱེན་ལས་འདས་པའི་མི ༢༠ ནི་ཁྱིམ་མི་དང་DNAབསྡུར་བ་ལེགས་འགྲུབ་བྱུབ་བ་དང་། ཁྱིམ་བདག་གིས་ངོས་འཛིན་བྱས་པ་མ་ཟད་འདས་པོའི་ཅ་ལག་ཀྱང་ངོས་འཛིན་བྱས་པ་རེད།

གསར་འགོད་པས་གཞན་འགྲིམ་འགྲུལ་པུའུ་ནས་རྒྱུས་ལོན་ཐུབ་རྒྱུར། འཚོལ་སྐྱོབ་མི་སྣས་ཚེས ༨ ཉིན་ནས་བཟུང་གྲུ་གཟིངས་ལ་དག་ཐེར་གཙང་བཤེར་བྱས་པ་རེད།

གོས་སུ་འགོག་སྲུང་གྱོན་ཆས་གྱོན་པའི་ལས་བྱེད་མི་སྣ་རྣམས་མི་བཞི་ལྔ་ཚོ་ཆུང་གཅིག་བྱས་ཏེ་འདུག་གནས་རེ་རེར་གཙང་བཤེར་བྱས། ལ་ལས་འདས་པོ་འཚོལ་བ་དང་ལ་ལས་འདུག་གནས་ཀྱི་ཅ་ལག་སྣ་ཚོགས་བསྡུ་གཉེར་བྱས་པ་དང་། ལ་ལས་དུག་གསོད་སྨན་ཆུ་གཏོར་བ་སོགས་ལས་ཀ་ཚགས་དམ་པ་བྱས། རིམ་པ་དང་པོའི་གྲུ་གཟིངས་གཅལ་ངོས་སུ་ཆུ་འཐེན་འཕྲུལ་འཁོར་མང་པོའི་སྒྲ་གྲགས་བཞིན་པ་དང་། མཚམས་མེད་པར་གྲུ་ནང་གི་ཆུ་རྣམས་ཕྱི་ལ་འདྲེན།

དུས་ཚོད ༡༤ སྐབས་སུ་མཉམ་འབྲེལ་ཚོད་ལེན་ཚོ་ཆུང་གིས་དུས་ཚོད་གཉིས་རིང་གི་ཁྱོན་ཡོངས་ཀྱི་ཞིབ་བཤེར་བྱས་རྗེས། ཁང་པ་དང་འདུག་གནས་འགྲོ་ལམ་ཡོངས་གཙང་དག་བྱས་པ་དང་། ཁང་པ་དང་འདུག་གནས་ཀྱི་སྤོ་འགུལ་དངོས་པོ་དང་ཤིང་བཟོས་སྒྲིག་གཞི་གཙང་བཤེར་ཡོངས་སུ་འགྲུབ། ཁང་པ་དང་འདུག་གནས་སོགས་ནས་འདས་པོའི་བམ་པོ་རྙེད་མ་བྱུང་བ་དང་། འདུག་གནས་ཞབས་མའི་ཆུ་རྣམས་ཡོངས་སུ་ཕྱིར་དྲངས་ཡོད་པ་ལ། ཟུར་གཅིག་ཀྱང་མ་ལུས་པར་དུག་གསོད་གནད་འགོག་སྨན་ཆུ་གཏོར་ཡོད་པ་རེད། ཕྱོགས་སོ་སོའི་ཚབ་བྱེད་པས་ཚོད་ལེན་ཞིབ་ཐོའི་སྟེང་དུ་མིང་ཐོ་བཀོད་པ་དང་། ཤར་ཕྱོགས་སྐར་ཆེན་རྟགས་ཅན་དོན་རྐྱེན་བྱུང་སའི་ཡུལ་དངོས་ཀྱི་གཙང་བཤེར་བྱ་བ་ཡོངས་སུ་འགྲུབ་པ་མཚོན་ཡོད།

ཚེས ༨ ཉིན་གྱི་ཕྱི་དྲོ་འགྲིམ་འགྲུལ་པུའུ་ཡི་པུའུ་ཀྲང་དབྱང་ཁྲོན་ཐང་གིས་འཚོལ་སྐྱོབ་བྱ་བའི་ཚོགས་འདུར་མདོ་འཛིན་མཛད་པ་དང་། དོན་རྐྱེན་བྱུང་སའི་ས་ཁོངས་ནས་ཝུ་སུང་འགག་གི་འབྲི་ཆུའི་ཆུ་རྒྱུན་གྱི་འབྲེལ་ཡོད་སྡེ་ཁག་གིས་མུ་མཐུད་དུ་འཚོལ་སྐྱོབ་བྱ་བར་ཤུགས་སྣོན་དགོས་པ་དང་ཉིན་རེར་འཚོལ་སྐྱོབ་སྙན་ཞུ་འབུལ་དགོས་པ་བསྟན།

ཁ་བྱང་ཕྱི་མོ། "ཤར་ཕྱོགས་སྐར་ཆེན"རྟགས་ཅན་དོན་རྐྱེན་བྱུང་སའི་ཡུལ་དངོས་དག་ཐེར་གཙང་བཤེར་བྱ་བ་ཡོངས་སུ་འགྲུབ།

འབྲེལ་ཡོད་རྩོམ་ཡིག