ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཞིས་ཅིན་ཕིང་གིས་འབར་མ་རྒྱལ་ཡོངས་དམངས་གཙོ་མནའ་མཐུན་གྱི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

2015-06-12

ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུའུ་ཞི་ཨང་སན་སུ་སྐྱིད་ཀྱིས་ཁྲིད་པའི་འབར་མ་རྒྱལ་ཡོངས་དམངས་གཙོ་མནའ་མཐུན་གྱི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཚེས་བཅུ་གཅིག་ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུའུ་ཞི་ཨང་སན་སུ་སྐྱིད་ཀྱིས་ཁྲིད་པའི་འབར་མ་རྒྱལ་ཡོངས་དམངས་གཙོ་མནའ་མཐུན་གྱི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་།

ཞིས་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་དུ་འཐབ་ཇུས་དང་ཡུན་རིང་གི་ཕྱོགས་ནས་ཀྲུང་གོ་དང་འབར་མ་གཉིས་ཀྱི་འབྲེལ་བར་ལྟ་སྟངས་བཟུང་ཡོད་ལ། འབར་མས་བདག་དབང་རང་བཙན་དང་མངའ་ཁོངས་ཆ་ཚང་བར་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་དང་། འབར་མས་རང་བདག་སྒོས་བདམས་པའི་འཕེལ་རྒྱས་བགྲོད་ལམ་ལ་བརྩི་འཇོག འབར་མའི་མི་རིགས་བར་འདུམ་གྱི་འཕེལ་རིམ་ལ་རོགས་སྐྱོར་བཅས་བྱས་ནས། ཀྲུང་གོ་དང་འབར་མའི་བར་གྱི་སྲོལ་རྒྱུན་མཛའ་མཐུན་དང་དངོས་གཉེར་མཉམ་ལས་ལ་བློ་བརྟན་འགྱུར་མེད་སྒོས་སྐུལ་འདེད་གཏོང་འདོད་ཡོད་པར་མ་ཟད། འབར་མའི་ཕྱོགས་ཀྱིས་ཀྲུང་གོ་དང་འབར་མ་གཉིས་ཀྱི་འབྲེལ་བའི་གནད་དོན་ཐད་དུས་དང་རྣམ་པ་ཀུན་དུ་ལངས་ཕྱོགས་གཅིག་འདྲ་འཛིན་པ་དང་། རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། ཀྲུང་གོ་དང་འབར་མ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧུར་ཐག་སྒོས་འབད་བརྩོན་བྱེད་དགོས་པར་རེ་བ་བྱེད་ཀྱིན་ཡོད་ཟེར།

ཨང་སན་སུ་སྐྱིད་ཀྱིས་བཤད་རྒྱུར། འབར་མ་དང་ཀྲུང་གོ་གཉིས་ནི་ཁྱིམ་མཚེས་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་འབད་བརྩོན་བྱེད་པ་ནི་ཧ་ཅང་གལ་ཆེ། འབར་མ་རྒྱལ་ཡོངས་དམངས་གཙོ་མནའ་མཐུན་གྱིས་འབར་མ་དང་ཀྲུང་གོ་གཉིས་ཀྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་བྱེད་པའི་ཀྲུང་གོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་བླངས་པར་ཡིད་སྨོན་བྱས་པར་མ་ཟད། ཐེངས་འདིའི་འཚམས་འདྲི་བརྒྱུད་དེ། ཏང་གཉིས་བར་གྱི་འབྲེལ་བ་ཇེ་དམ་དུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་མཐུན་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་བར་རེ་བ་བྱེད་ཀྱིན་ཡོད་ཟེར།

འབྲེལ་ཡོད་རྩོམ་ཡིག