ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

རྒྱའི་བུད་མེད་ཅིག་གིས་ཕྲུ་གུ་པང་སྟེ་རང་སྲོག་བཅད།

2016-01-05 བཀྲ་ཤིས་མཚོ།

ཟླ ༡ པའི་ཚེས ༤ ཉིན་སྒྲོག་སྤེལ་བྱས་པ་ལྟར་ན། ཅང་སུའུ་ཞིང་ཆེན་ཧྲུའུ་ཡང་རྫོང་གི་ན་གཞོན་ཐང་ཆེན་ཉེ་འགྲམ་གྱི་འགྲིམ་འགྲུལ་དངུལ་ཁང་གི་ཐོག་བརྩེགས་ནས་བུད་མེད་ཅིག་མར་མཆོངས་ཏེ་རང་སྲོག་བཅད་འདུག རུས་ཀྲང་ཅན་གྱི་བུད་མེད་དེ་ལོ་ ༢༨ ཡིན་འདུག་ལ། ཁོ་མོས་བུ་ཆུང་ལོ་གསུམ་ལ་སོན་པ་དེ་པང་དུ་བཟུང་ནས་ཁང་བརྩེགས་ཨང་རིམ་ ༢༠ ཅན་གྱི་སྟེང་ནས་མར་མཆོངས་ཞིང་། མོ་རང་ས་དེ་ག་རང་ནས་རྐྱེན་ལམ་དུ་ཤོར་འདུག་པ་དང་། པང་དུ་བཟུང་བའི་ཕྲུ་གུ་དེ་མྱུར་སྐྱོབ་ལྟེ་གནས་སུ་བསྐྱལ་ཏེ་མྱུར་སྐྱོབ་བྱས་པ་རེད། དྲ་ལམ་དུ་ཁྱབ་པའི་གནས་ཚུལ་ལྟར་ན། རུས་ཀྲང་ཅན་གྱི་བུད་མེད་དེ་ནི་ལོ་ན་ ༥༠ ཡས་མས་ཀྱི་སྐྱེས་པ་ཞིག་གི་མཛའ་མོ་ཡིན་པ་དང་། ཉིན་དེར་ཁོ་གཉིས་དབར་འཁྲུག་རྩོད་ལངས་པས་བུད་མེད་དེའི་བློ་ཁ་འཚབ་འཚུབ་ཏུ་གྱུར་བ་དང་། རང་སེམས་ཚོད་འཛིན་བྱེད་མ་ཐུབ་པར་ཕྲུ་གུ་པང་དུ་བཟུང་སྟེ་ཁང་བརྩེགས་མཐོན་པོའི་རྩེ་ནས་མར་ལྡིང་ཏེ་རང་སྲོག་བཅད་པ་རེད།

དོན་རྐྱེན་བྱུང་སའི་ཡུལ་དངོས་ཀྱི་གནས་ཚུལ།

དོན་རྐྱེན་བྱུང་སའི་ཡུལ་དངོས་ཀྱི་གནས་ཚུལ།

བུད་མེད་དེའི་ལོ་ན་གསུམ་ཅན་གྱི་བུ་ཆུང་།

འབྲེལ་ཡོད་རྩོམ་ཡིག