འཚོ་བའི་ཆུ་ཚད་གོང་མཐོར་འགྲོ་བ་དང་བསྟུན་ཏེ། མི་རྣམས་ཀྱིས་མྱུར་བ། མགྱོགས་པ། བདེ་འཇགས་ཀྱི་ཐད་ལ་དེ་བས་རྒྱུས་ལོན་བྱུང་བས། དངུལ་བྱང་གཱ་ཡིས་མྱུར་བར་རིན་སྤྲོད་ཐུབ་པའི་བྱ་ཐབས་དེ་མི་རྣམས་ཀྱི་འཚོ་བའི་ཁྲོད་དུ་རྒྱུན་འབྱམས་འགྲོ་བཞིན་ཡོད། ལྷ་སའི་རྡོ་སེང་གེ་ལམ་ཧྲེན་ལི་དུས་རབས་ཐང་ཆེན་གྱི་གཡུ་བྱུར་ཚོང་མཁན་གྱི་ཚོང་པ་ཞིག་གིས།“ད་ལོའི་དུས་ཆེན་གཉིས་ཀྱི་སྐབས་སུ་ང་ཚོའི་ཚོང་མཁན་དུ་ཡོང་མཁན་ཕལ་ཆེ་བས་དངུལ་བྱང་གཱ་ཡིས་འཛད་སྤྱོད་བྱེད་ཀྱི་འདུག གཡུ་བྱུར་དེ་དག་རིན་གོང་མཐོ་བས། དངུལ་སྨར་ཁྱེར་ན་སྟབས་མི་བདེ་བས་གཱ་དེ་མྱུར་ཞིང་སྟབས་བདེ་དང་། བདེ་འཇགས་རེད། ”ཟེར།
གསར་འགོད་པས་པེ་དབྱི་སྒོ་རྩིས་ཚོང་ཁང་གི་དངུལ་བསྡུ་བྱ་ཡུལ་ནས་སྐར་མ་བཅོ་ལྔའི་རིང་འཛད་སྤྱོད་པ་མང་པོ་ཞིག་གིས་གཱ་བཀོལ་ཏེ་རིན་སྤྲོད་བྱེད་བཞིན་འདུག
པེ་དབྱི་སྒོ་རྩིས་ཚོང་ཁང་གི་དངུལ་བསྡུའི་ལས་སྡོད་འགོ་པས་ངོ་སྤྲོད་བྱས་པར་གཞིགས་ན། “དུས་ཆེན་གཉིས་”ཀྱི་སྐབས་སུ་འཛད་སྤྱོད་པས་གཱ་བེད་སྤྱོད་ཚད་དེ་རྒྱུན་གཏན་ལས་ལྡབ་གཉིས་གསུམ་གྱིས་མང་བ་དང་། གཱ་སྤྱད་ན་དངུལ་སིལ་མ་བསློག་པའི་ངལ་བ་བསྟེན་མི་དགོས་པས། འཛད་སྤྱོད་པར་སྟབས་བདེ་ལ། ང་ཚོར་ཡང་སྟབས་བདེ་འདུག་ཅེས་བཤད།
སྒྲོལ་དཀར་ནི་གཞུང་ཞབས་པ་ཞིག་ཡིན། གསར་འགོད་པས་ཁོ་མོ་མཐོང་སྐབས། ཁོ་མོ་དང་གྲོགས་མོ་མཉམ་དུ་གྱོན་པ་ཚད་བཞིན་ཡོད། ཁོ་མོས་བརྗོད་དོན། དེང་དུས་དངུལ་སྨར་མང་པོ་ལུས་སུ་ཁྱེར་ན་སྟབས་མི་བདེ་ལ་བདེ་འཇགས་ཀྱང་མེད། རྒྱུན་དུ་གཱ་ཁྱེར་ན་སྟབས་བདེ་ཞིང་གང་ཡང་ཉོ་ཆོག དུས་རྒྱུན་ངའི་ལུས་སུ་དངུལ་སྨར་སྟོང་ཕྲག་གཅིག་ཀྱང་འཁྱེར་གྱི་མེད། ཅེས་བཤད་ཞོར། གྱོན་གོས་ཚད་རྗེས། ཁོ་མོ་དང་གྲོགས་མོ་གཉིས་ཀྱིས་གཱ་ཡིས་དངུལ་རྩིས་བརྒྱབ།
གསར་འགོད་པ་པེ་ཅིང་དཀྱིལ་ལམ་གྲོང་ཁྱེར་རྒྱ་ཟོག་ཚོང་ཁང་། སུ་ཉིང་ལྷ་ས་ཚོང་ཁང་དུ་འབྱོར། དེའི་སྐས་མགོ་དང་ཚོང་ཁང་ནང་དུ་བརྡ་ཁྱབ་ཅིག་འཕྲད་དུ་བཀལ་ཡོད། སུ་ཉིང་ལྷ་ས་ཀུང་སིའི་ཁྲོམ་རའི་ཇུས་འགོད་ཁང་གི་འགོ་འཛིན་དབྱང་ཀོང་གིས་། “ང་ཚོའི་དངོས་ཟོག་ཡོད་ཚད་ཁྲེན་ཏུ་ནས་དབོར་བ་རེད། ཐེངས་འདིའི་བྱེད་སྒོ་ལེགས་པོ་སྤེལ་ཕྱིར། དུས་ཆེན་གཉིས་ཀྱི་སྐབས་སུ་དུས་བཀག་དངོས་ཉོའི་བྱེད་སྒོ་སྤེལ་བར་ཚང་མས་དགའ་པོ་བྱེད། དེ་དག་ནང་80%ཡིས་གཱ་སྤྱད་དེ་ཉོ་ཚོང་བྱེད་བཞིན་འདུག་པས། སྟབས་བདེ་ཡིན་” ཞེས་བཤད།
གྲོང་མི་བཀྲ་ཤིས་དབང་འདུས་ཀྱིས་སུ་ཉིང་ལྷ་ས་ཆེད་ཚོང་ཁང་དུ་གཱ་སྤྱོད་དོན་བརྗོད་དོན། “ངས་ཤེས་གསལ་ཉེ་དུས་གཱ་ཡིས་ཉོ་ཚོང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་འདུག དེ་དག་ལ་ལས་ཀ་བརྟན་པོ་ཞིག་ཡོད་པ་དང་། འཛད་སྤྱོད་ཀྱི་ནུས་པའང་ཆེན་པོ་ཡོད་པ་དང་དུས་མཚུངས་སུ། འཛད་སྤྱོད་ཀྱི་བསམ་བློའང་ཤུགས་ཆེན་པོ་འདུག”
བཀྲ་ཤིས་དབང་འདུས་ལ་གཱ་ཐོག་ནས་དངུལ་སྤྲོད་ཉོ་ཚོང་བྱེད་མཁན་དེས་ཀྱང་བསམ་ཚུལ་གཅིག་པ་བཏོན་པ་སྟེ། “ད་ལོའི་དུས་ཆེན་གཉིས་ཀྱི་སྐབས་སུ་གཱ་སྤྱད་དེ་འཛད་སྤྱོད་བྱེད་མཁན་ཕལ་ཆེ་བ་ལོ་གཞོན་རེད། ང་ཚོའི་འདིར་དངུལ་སྨར་སྤྲོད་མཁན་ཕལ་ཆེ་བ་ནི་ལོ་རྒན་པ་དང་ཞིང་ཁུལ་ནས་ཡོང་བ་དེ་དག་རེད། བདེ་འཇགས་དང་སྟབས་བདེ་ཡོང་ཆེད་ངའང་གཱ་སྤྱོད་མཁན་གྱི་གྲས་ཤིག་ཡིན་”ཟེར།