པར་རིས་ནི་ཡིག་མཁན་གྱིས་མང་ཚོགས་ལ་“བཀྲ་ཤིས་སྨོན་ཚིག”བྲི་བཞིན་པ།
དྲ་བ་འདིའི་གསར་འགོད་གསར་འཕྲིན་སྤེལ་གསལ། ལོ་གསར་བསླེབ་ལ་ཉེ་བས། ལོ་གསར་གྱི་མཁའ་དབུགས་ཧ་ཅང་སྟུག་ཅིང་། སྤྲེལ་ལོའི་ལོ་གསར་བསུ་ཆེད། ཚེས་4ཡི་ཕྱི་དྲོར། ལྷ་ས་གོང་དཀར་གནམ་ཐང་དུ་བོད་རང་སྐྱོང་ལྗོངས་རིག་རྩལ་མཐུན་ཚོགས་ཀྱིས་ཀྲུང་གོ་དམངས་སྤྱོད་བོད་རང་སྐྱོང་ལྗོངས་དོ་དམ་ཅུས་དང་མཉམ་འབྲེལ་གྱིས་དགའ་སྤྲོ་འབུལ་བའི་གཤམ་སྐྱོད་རིག་རྩལ་དང་བླངས་ཞབས་ཞུ། བོད་ལྗོངས་སུ་“བཀྲ་ཤིས་སྨོན་ཚིག”“གཡང་”ཁྱིམ་དུ་ཁྱེར་བའི་སྤྱི་ཕན་རིག་གནས་བྱེད་སྒོ་བསྒྲུབས།
པར་རིས་ནི་ཡིག་མཁན་གྱིས་འགྲུལ་པར་གནང་བའི་ལོ་གསར་བཀྲ་ཤིས་སྨོན་ཚིག
རང་སྐྱོང་ལྗོངས་ཡིག་མཁན་མཐུན་ཚོགས་ཀྱི་འགན་འཛིན་གཞོན་པ། ལྷ་ས་གྲོང་ཁྱེར་གྱི་ཡིག་མཁན་གྱི་འགན་འཛིན་ཀའོ་ཐིང་ཧོང་གིས་“ང་ཚོའི་བྱེད་སྒོའི་འདིའི་དམིགས་ཡུལ་ནི་ལོ་གསར་འཁྲུག་ཆ་དོད་དུ་གཏོང་བ་དང་། ཕ་ཡུལ་དུ་ལོག་མཁན་ཚོར་སྨོན་ཚིག་དབུལ་རྒྱུ་དེ་ཡིན་”ཞེས་བཤད།
པར་རིས་ནི་མང་ཚོགས་ཀྱིས་“གཡང་”ཡིག་བཟུང་སྟེ་པར་ལེན་པ།
སི་ཁྲོན་ཁྲེན་ཏུ་བ་གཡང་དབྱིན་གྱིས། ལག་གཅིག་གིས་སྒམ་སྣོད་འདྲུད་པ་དང་། ལག་གཅིག་གིས་“གཡང་”ཡིག་བཟུང་བཞིན། “ཕ་ཡུལ་དུ་ལོག་མཚམས་སུ། ལག་རྟགས་དེ་འདྲ་ཐོབ་པས། ཡིད་ཧ་ཅང་དགའ། ”ཞེས་བཤད།
གསར་འགོད་པས་བྱེད་སྒོ་སྤེལ་ཡུལ་ནས་ཤེས་གསལ། ལོ་གསར་གྱི་སྦྱར་བྱང་ཁྲོད་དུ། དབུ་ཆེན་དང་འབྲུ་ཚ། འཁྱུག་ཡིག་ལ་སོགས་པའི་རྒྱ་བོད་ཀྱི་ཡིག་རིགས་སྣ་ཁ་མང་པོ་ཡོད་ཅིང་། མང་ཚོགས་མང་པོས་འཚང་ཁ་ཤིག་ཤིག་གིས་ཡིག་མཁན་དག་གིས་བྲིས་པའི་སྨོན་འདུན་ཐོབ་རེ་བྱེད་བཞིན་ཡོད་པས། ལོ་གསར་གྱི་མཁའ་དབུགས་འཁྲུག་ཆ་དོད་ཅིང་། མང་ཚོགས་ཀྱི་དགའ་བསུའང་ཆེན་པོ་ཐོབ།