རྩ་འཛུགས་ལ་མི50ལས་མི་བརྒལ་ཞེས་ཁས་བླངས་མོད། དོན་དམ་དུ་མགྲོན་པོ183གདན་ཞུ་བྱས་འདུག་ལ། ད་དུང་གཏན་ཁེལ་བརྩི་སྲུང་ནན་མོ་བྱ་རྒྱུའི་ཁག་ཐེག་བྱས་མོད། འོན་ཀྱང་འཛེམ་བག་མེད་པར་ལེགས་སྐྱེས་བསྡུས་པ་རེད། དབྱང་ཧྥུའུ་ཧྲེན་ལ་མཚོན་ན་འདི་ལྟ་བུའི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པར“ངོ་སོ”ཆེན་པོ་ཞིག་ཡོད་སོང་བ་ཡིན་མོད། འོན་ཀྱང་གཏན་ཁེལ་དང་གཞི་ནས་འགལ་འདུག་པ་རེད། 2015ལོའི་ཟླ5པར། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སྨན་མདའ་ཤང་རི་གཞུང་གྲོང་ཚོའི་ཏང་ཀྲི་པུའུའི་ཧྲུའུ་ཅི་གཞོན་པ་དབྱང་ཧྥུའུ་ཧྲེན(ཁ་རུབ་ཆུས་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་བདམས་མངག་བྱས་པ)གྱིས་གཉེན་སྒྲིག་གི་ཆོ་ག་སྤེལ་བ་རེད། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་ན། ཏང་ཡོན་མགོ་ཁྲིད་ལས་བྱེད་པས་གཉེན་སྟོན་མ་བཤམས་པའི་སྔོན་ལ་རེ་ཞུ་བྱེད་དགོས། དབྱང་ཧྥུའུ་ཧྲེན་གྱིས་གོང་རིམ་རྩ་འཛུགས་ལ་རེ་བ་ཞུས་པའི་སྙན་ཞུ་ཁྲོད། འབྲེལ་ཡོད་གཏན་ཁེལ་ལྟར་གཉེན་སྟོན་བྱས་ཏེ། གཉེན་ཉེ་གྲོགས་པོ་མ་གཏོགས་གདན་ཞུ་མི་བྱེད་པ་དང་། གདན་ཞུ་མི་གྲངས50ལས་མི་བརྒལ་བ་ཁས་ལེན་བྱས།
ཟླ5པའི་ཚེས2ཉིན། དབྱང་ཧྥུའུ་ཧྲེན་གྱིས་ཆབ་མདོ་གྲོང་ཁྱེར་གྱི་གསོལ་མགྲོན་ཁང་ཆེ་གེ་མོ་ནས་གཉེན་སྟོན་གྱི་ཆོ་ག་སྤེལ་བ་དང་། གཉེན་སྟོན་གྱི་ཆོ་ག་དེ་ཁོས་རེ་ཞུ་བྱས་པ་ལས་གཟབ་རྒྱས་ཞེ་དྲག་ཡིན་ཏེ། གདན་ཞུ་མི་གྲངས5ལས་བརྒལ་བ་མ་ཟད། ད་དུང་སྒྲིག་འགལ་སྒོས་ལེགས་སྐྱེས་བསྡུས་པ་རེད། ཆབ་མདོ་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས“ལྔ་གཅིག”སྐབས་སུ་མངོན་གསལ་དུ་རྟོག་ཞིབ་དང་ལྐོག་ནས་རྩད་གཅོད་བྱེད་སྐབས། དབྱང་ཧྥུའུ་ཧྲེན་ལ་སྒྲིག་ལམ་དང་འགལ་བའི་བྱ་སྤྱོད་ཡོད་པ་ཤེས་པས། ཁ་རུབ་ཆུས་སྒྲིག་ཨུ་མངགས་ནས་ཞིབ་བཤེར་བྱེད་དུ་བཅུག ཞིབ་བཤེར་བྱས་པ་བརྒྱུད། དབྱང་ཧྥུའུ་ཧྲེན་གཉེན་བསྒྲིགས་པའི་ཉིན་དེར་བསྡོམས་པས་གསོལ་སྟོན་ཅོག་ཙེ22ཡོད་པ་དང་། བཟའ་ཟླ་ཕྱོགས་གཉིས་ཀའི་ལས་གྲོགས་དང་གྲོགས་པོ། དེ་མིན་གཉེན་ཉེ་བཅས་བསྡོམས་པས་མི183གདན་ཞུ་བྱས་ཤིང་། ལེགས་སྐྱེས་བསྡོམས་པས་སྒོར་ཁྲི5ལྷག་བསྡུས་པ་དང་། དེའི་ཁྲོད་གཉེན་ཉེ་འདས་པའི་མགྲོན་པོ་གཞན་གྱི་ལེགས་སྐྱེས་སྒོར་ཁྲི3ཡོད་པ་རེད།
དབྱང་ཧྥུའུ་ཧྲེན་གྱིས་སྟོན་མོ་གཟབ་རྒྱས་བཤམས་པ་མ་ཟད་སྒྲིག་འགལ་སྒོས་ལེགས་སྐྱེས་བསྡུས་པས། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སྒྲིག་ཨུས་ཁོ་ལ་ཏང་ནང་ནས་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་མ་ཟད། སྒྲིག་འགལ་སྒོས་བླངས་པའི་སྒོར་ཁྲི3པོ་གཞུང་ལ་སྤྲོད་རྒྱའི་བཀའ་བཀྱོན་གནང་། ཁ་རུབ་ཆུས་སྒྲིག་ཨུས་ད་དུང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱེད་པའི“ལས་རྐང་གཅིག་ལ་འགན་འཁྲི་གཉིས”ཀྱི་གཏན་ཁེལ་ལྟར།“འགན་འཁྲི་གཉིས”དངོས་འབེབས་བྱས་པ་མི་བཟང་བའི་ཁ་རུབ་ཆུས་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་དང་ཁ་རུབ་ཆུས་སྨན་མདའ་ཤང་ཏང་ཨུའི་ཧྲུའུ་ཅི། ཧྲུའུ་ཅི་གཞོན་པ། སྒྲིག་ཨུའི་ཧྲུའུ་ཅི་བཅས་ལ་ཐ་ཚིག་སྒྲོག་པའི་བཀལ་མོལ་གནང་། ཆད་པ་ཐོབ་པའི་དབྱང་ཧྥུའུ་ཧྲེན་གྱིས་བཤད་དོན། དང་ཐོག་ཕྱོགས་གཉིས་ཀྱི་ཕ་མས་རེ་བ་ནན་མོ་བཏོན་འོག འདི་ལྟ་བུའི་སྟོན་མོ་གཟབ་རྒྱས་བཤམས་ཏེ། རྩ་འཛུགས་ལ་བཞག་པའི་དམ་བཅའ་བརྩི་སྲུང་མ་བྱས་པ་མ་ཟད། རྩ་འཛུགས་ལ་མགོ་སྐོར་བཏང་བས། ད་ལྟ་འགྱོ ད་པ་བསམ་གྱིས་མི་ཁྱབ་པ་སྐྱེས་ཀྱིན་ཡོད།“འགན་འཁྲི་གཉིས”དངོས་འབེབས་བྱས་པ་མ་བཟང་བ་ལས་ཐ་ཚིག་སྒྲོག་པའི་བཀའ་མོལ་གནང་བའི་གོང་རིམ་མགོ་ཁྲིད་ཀྱིས་ཀྱང་། དབྱང་ཧྥུའུ་ཧྲེན་གྱིས་སྒྲིག་འགལ་སྒོས་གཉེན་སྟོན་གཟབ་རྒྱས་བྱས་པར་ལྟ་སྐུལ་གྱི་འགན་འཁྲི་དོན་ཐོག་ཏུ་མ་འཁྱོལ་བ་དང་། དེང་ཕྱིན་གྱི་བྱ་བའི་ཁྲོད། ལས་བྱེད་པར་ལྟ་སྐུལ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ལས་བྱེད་པར་སློབ་གསོ་དང་དོ་དམ་བྱེད་པར་ཤུགས་སྣོན་རྒྱུའི་བསམ་ཚུལ་བསྟན།