ཁྲེན་ཆོན་གོས་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་བཀོད་འདོམས་ལྟེ་གནས་དང་ལྷ་ས་གྲོང་ཁྱེར་སྡོད་བྱའི་མི་སྣར་བྱམས་བརྩེའི་འཚམས་འདྲི་གནང་བ།
དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཧྲུའུ་ཅི་ཁྲེན་ཆོན་གོས་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་བཀོད་འདོམས་པུའུ་དང་ལྷ་ས་གྲོང་ཁྱེར་བརྒྱ་གཅིག་ལྷོ་ལམ་དམངས་ཕན་ཉེན་རྟོན་ལས་དོན་ས་ཚིགས་སུ་ཕེབས་ནས། བརྟན་ལྷིང་སྲུང་སྐྱོབ་བྱེད་པའི་ལས་དོན་ལ་བརྟག་དཔྱད་དང་མཛུབ་སྟོན་གནང་ཞིང་། དུས་ཆེན་རིང་བརྟན་ལྷིང་སྲུང་སྐྱོབ་ཀྱི་འཐབ་ས་མདུན་མར་ལས་གནས་བརྟན་སྲུང་བྱེད་མཁན་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་དང་ལས་བྱེད་ལས་བཟོ་པ་ཚོར་བྱམས་བརྩེའི་ངང་གཟིགས་ནས་འཚམས་འདྲི་གནང་བ་རེད། འདི་ནི་ཁྲེན་ཆོན་གོས་ལས་གནས་བརྟན་སྲུང་བྱེད་པའི་མི་དམངས་ཉེན་རྟོག་པ་དང་མཛའ་བརྩེའི་གླེང་མོལ་གནང་བའི་གནས་ཚུལ་རེད།(གསར་འགོད་པ་ཡའོ་ཇོན་ཧེས་པར་བླངས།)
དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་བཀོད་འདོམས་པུའུ་དང་ལྷ་ས་གྲོང་ཁྱེར་བརྒྱ་གཅིག་ལྷོ་ལམ་དམངས་ཕན་ཉེན་རྟོག་ལས་དོན་ས་ཚིགས་སུ་ཕེབས་ནས། བརྟན་ལྷིང་སྲུང་སྐྱོབ་བྱེད་པའི་ལས་དོན་ལ་བརྟག་དཔྱད་དང་མཛུབ་སྟོན་གནང་ཞིང་། དུས་ཆེན་རིང་བརྟན་ལྷིང་སྲུང་སྐྱོབ་ཀྱི་འཐབ་ས་མདུན་མར་ལས་གནས་བརྟན་སྲུང་བྱེད་མཁན་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་དང་ལས་བྱེད་ལས་བཟོ་པ་ཚོར་བྱམས་བརྩེའི་ངང་གཟིགས་ནས་འཚམས་འདྲི་གནང་།
ལྗོངས་སྤྱི་བདེ་ཐིང་བཀོད་འདོམས་ལྟེ་གནས་ཀྱི་ཚོམས་ཆེན་ནང་། ཁྲེན་ཆོན་གོས་སྡོད་བྱ་བྱེད་བཞིན་པའི་ལས་དོན་མི་སྣར་ཕྱག་བཏང་གནང་བ་མ་ཟད་བརྙན་གཏོང་བཀོད་འདོམས་མ་ལག་བརྒྱུད་ནས་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་བརྟན་ལྷིང་སྲུང་སྐྱོབ་ཀྱི་སྡོད་བྱའི་གནས་ཚུལ་ལ་སྐབས་འཕྲལ་བརྟག་དཔྱད་གནང་། ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོབ་ཀྱི་འཐབ་ས་མདུན་མར་འབད་འཐབ་གནང་མཁན་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་། གྲོང་ཚོ་དང་དགོན་པར་བཅའ་སྡོད་བྱེད་མཁན་ལས་བྱེད་པ། བོད་ལ་བཅའ་སྡོད་བྱེད་པའི་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དེ་བཞིན་སྤྱི་བདེ་དངོས་ཞབས་དམག་མི་དང་ཡུལ་དམག་གྲ་སྒྲིག་དམག་ཞབས་མི་སྣ། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ། བརྟན་ལྷིང་སྲུང་སྐྱོབ་ལས་དོན་ནང་ཞུགས་པའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་དང་ལོ་གསར་གྱི་སྨོན་འདུན་བཟང་པོ་སྒྲོན་གནང་།
ལྷ་ས་གྲོང་ཁྱེར་བརྒྱད་གཅིག་ལྷོ་ལམ་དམངས་ཕན་ཉེན་རྟོག་ལས་དོན་ས་ཚིགས་སུ་ཁྲེན་ཆོན་གོས་སྡོད་བྱ་བྱེད་བཞིན་པའི་མི་དམངས་ཉེན་རྟོག་པར་མཛའ་བརྩེའི་གླེང་མོལ་གནང་ནས་སྡོད་བྱ་བྱེད་སྟངས་དང་དུས་ཆེན་རིང་གི་ལས་རེས་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་། ཁྲེན་ཆོན་གོས། དུས་ཆེན་རིང་རྒྱ་ཆེའི་སྤྱི་བདེ་ལས་བྱེད་ཉེན་རྟོག་པ་ཚོས་ཁྱིམ་ཚང་ཆུང་ངུ་བློས་གཏོང་བྱས་ནས་ཁྱིམ་ཚང་ཆེན་མོར་ལྟ་རྟོག་བྱེད་པ་དང་། རང་སོ་སོའི་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ཏེ་མི་རིགས་ཁག་གི་མང་ཚོགས་ཚོའི་བདེ་འཇགས་དང་བདེ་སྐྱིད་ལ་སྲུང་སྐྱོབ་བྱས་ནས། དགའ་སྐྱིད་འཆམ་མཐུན་གྱི་དུས་ཆེན་རྣམ་པ་བསྐྲུན་པར་བྱས་རྗེས་ཆེན་པོ་བཞག་ཡོད་པས། ཏང་དང་སྲིད་གཞུང་གིས་ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་མི་རིགས་ཁག་གི་མི་དམངས་མང་ཚོགས་ཚོས་ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཚོ་དང་ཁྱིམ་མི་རྣམས་ལོ་གསར་སྤྲོ་པོ་ཡོང་བ་དང་སྤྲེལ་ལོར་བཀྲིས་ཕུན་སུམ་ཚོགས་པ། བཀྲིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། རེ་བར་དུས་རྟག་ཏུ་ཉེན་ཟོན་གྱི་དུང་བརྡ་སྒྲོགས་པ་དང་ལས་གནས་བརྟན་སྲུང་བྱེད་པ། ཁྲིམས་འཛིན་ལུགས་མཐུན་བྱེད་པ། ཞབས་ཞུ་ཧུར་ཐག་སྒྲུབ་ཐུབ་པ་བྱ་རྒྱུ་དང་། མི་རིགས་ཁག་གི་མང་ཚོགས་ཚོས་བདེ་བདེ་ལྷོད་ལྷོད་དང་དགའ་དགའ་སྤྲོ་སྤྲོའི་ངང་དུས་ཆེན་གཏོང་བར་འགན་ལེན་ཏན་ཏིག་ཐུབ་པ་དགོས་ཞེས་གསུངས།
ཁྲེན་ཆོན་གོས། 2015ལོར། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་དབུ་ཁྲིད་སྲ་བརྟན་འོག ལྗོངས་ཡོངས་ཀྱི་ཏང་སྲིད་དམག་དམངས་ཀྱིས་སེམས་ཤུགས་གཅིག་སྒྲིལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་ལྷག་དོན་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་ངེས་པར་དུ་བོད་ལྗོངས་བརྟན་ལྷིང་དགོས”པའི་གལ་ཆེའི་འཐབ་ཇུས་དགོངས་པ་དོན་འཁྱོལ་ལག་བསྟར་གཏིང་ཟབ་བྱས་པ། ནན་ཏན་ངང་བརྟན་ལྷིང་སྲུང་སྐྱོབ་ཀྱི་བྱ་ཐབས་ཁག་དོན་འཁྱོལ་བྱས་པ་བཅས་སྤྱི་ཚོགས་ཁྱོན་ཡོངས་ཀྱི་རྒྱུན་སྲིང་དང་འཆམ་མཐུན་བརྟན་ལྷིང་མངོན་གྱུར་བྱུང་བས། ངས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་བློ་མཐུན་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བྱམས་བརྩེའི་འཚམས་འདྲི་ཞུ་རྒྱུ་ཡིན། བློ་མཐུན་ཚོ་དང་ཁྱིམ་མི་ཚོར་ལོ་གསར་གྱི་སྨོན་འདུན་བཟང་པོ་སྒྲོན་རྒྱུ་ཡིན་ཞེས་གསུངས།
ཁྲེན་ཆོན་གོས། བདེ་འཇགས་དང་བརྟན་ལྷིང་གི་ལས་དོན་ནི་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་པས།ཉིན་ལྟར་དམ་འཛིན་བྱེད་དགོས་པ་ལས་ཉིན་མ་གཅིག་ཀྱང་ལྷོད་གཡེང་བྱ་མི་རུང་། དད་འདུན་ཧ་ཅང་ཆེན་པོ་དང་བྱ་ཐབས་ཧ་ཅང་ནུས་ལྡན། སེམས་ཤུགས་ཧ་ཅང་ཆེན་པོ་བཅས་ཀྱི་སྒོ་ནས་ནུས་ཤུགས་ཡོད་དགུ་དང་ཏན་ཏན་ཏིག་ཏིག་ངང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ལས་དོན་ཁག་གང་ལེགས་བསྒྲུབ་ནས། ཏང་དང་མི་དམངས་ལ་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས། ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོ་དགོས་པ་དང་ཆབ་སྲིད་ཀྱི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས། ལྟེ་བའི་འདུ་ཤེས། གཅིག་མཐུན་གྱི་འདུ་ཤེས་ལ་ཤུགས་སྣོན་བརྒྱབ་ནས། དུས་དང་རྣམ་པ་ཀུན་ཏུ་བསམ་བློ་དང་བྱ་སྤྱོད་ཐད་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་བྱ་དགོས་པ། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ལ་བརྩི་སྲུང་དང་བརྩི་བཀུར། ལྷག་བསམ་བཅས་བརྟན་པོ་བྱེད་དགོས། ལས་དོན་ཐད་རང་འགུལ་བྱ་ཐུབ་པ་དགོས་པ་དང་། ལས་དོན་ཐག་གཅོད་སྔ་ཙམ་བྱེད་པ་དང་ཆུང་ས་ནས་ཐག་གཅོད་བྱེད་པ། ཐག་གཅོད་མགྱོགས་ཙམ་བྱེད་པ། ཐག་གཅོད་ལེགས་པོ་བྱེད་པ་བཅས་བྱས་ནས། བདེ་འཇགས་མེད་པ་དང་བརྟན་ལྷིང་མེད་པའི་རྒྱུ་རྐྱེན་སྣ་ཚོགས་མཆིས་པ་རྣམས་འབྱུང་རྩ་ནས་མེད་པ་བཟོས་ཏེ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་སྲིང་བརྟན་ལྷིང་ཡོང་བ་དང་བརྟན་ལྷིང་ཡུན་རིང་ཐུབ་པ། ཁྱོན་ཡོངས་ནས་བརྟན་ལྷིང་ཡོང་བ་བཅས་ལ་འགན་ལེན་ཏན་ཏིག་བྱེད་དགོས། བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་དོན་འཁྱོལ་བྱས་ནས་སྲ་བརྟན་འགྱུར་མེད་ངང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་གང་ལེགས་བྱས་ནས། བར་སྟོང་ཁུལ་མེད་པ་དང་མ་ཁྱབ་པའི་ཁུལ་མེད་པ། སྟོང་ཆའི་ཁུལ་མེད་པ་བཅས་ཀྱི་འགན་ལེན་ཏན་ཏིག་བྱེད་དགོས། འགན་འཁྲི་འཁུར་ཐུབ་པར་ཤུགས་སྣོན་ཆེན་པོ་བརྒྱབ་ནས་རིམ་པ་ཁག་དང་ཚན་པ་ཁག་དེ་བཞིན་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བརྟན་ལྷིང་སྲུང་སྐྱོབ་ཀྱི་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཏེ། རང་སྟོབས་ངང་ལས་ཀར་གྲུབ་འབྲས་ཡོད་པ་དང་འགན་འཁྲི་འཁུར་ནུས་པ། འགན་འཁྲི་ཁག་བགོས་བྱེད་པ། མཐུན་སྒྲིག་མཉམ་འགུལ་བཅས་བྱེད་དགོས། བརྟན་ལྷིང་སྲུང་སྐྱོབ་ཀྱི་སྒྲིག་ཁྲིམས་མུ་མཐུད་ནས་ནན་པོ་དང་ཁ་གསལ་པོ་ཡོང་བ་བྱས་ཏེ། སྲ་ཞིང་བརྟན་པའི་སྒྲིག་ཁྲིམས་དེས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཀྱི་བླང་བྱ་དོན་ཐོག་ཏུ་སྨིན་པར་འགན་ལེན་ཐུབ་པ་བྱ་དགོས་ཞེས་ནན་བཤད་གནང་།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། དྲུང་ཡིག་ཆེན་མོ་ཝང་རུད་ལན་བཅས་པ་འཚམས་འདྲི་གནང་བར་ཕེབས་ཡོད།