ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཁོང་ཁྲོ་ཆེན་པོས“བོད་རང་བཙན”གྱི་དྲིལ་བསྒྲགས་དངོས་པོ་མེད་པ་བཟོ་དགོས་པའི་བླང་བྱ་ནན་པོ་བཏོན་པ།

2016-03-02

ཉིན་དེ་དག་རིང་ཀྲུང་གོ་བ་རྣམས་ལོ་གསར་གཏོང་བའི་དུས་དེར། མི་འགའ་ཤས་ཤིག་གིས་ཆེད་མངགས་རྙོག་དྲ་བཟོ་ཡི་ཡོད། དེས་ན་ང་ཚོས་ཀྱང་འཛེམས་ཟོན་བྱེད་དགོས་དོན་མེད། ལྷག་དོན་དུ་ཉིན་འགའི་གོང་བྷང་ག་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གཞུང་ཚབ་པ་མྰ་མིང་ཆྰང་ཁོང་ཁྲོ་ཆེན་པོ་ལངས།རྒྱ་གར་གྱི་སྨྱན་སྦྱོར་མགྱོགས་འཕྲིན་ཚགས་པར(The Indian Express)དང་ཨ་རིའི་སྨྱན་སྦྱོར“ལྟ་ཞིབ་མཁས་ཅན”(Observer)སོགས་ཀྱིས་ཟླ་2ཚེས་8ཉིན་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཟླ་2ཚེས་6ཉིན། བྷང་ག་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གཞུང་ཚབ་པ་མྰ་མིང་ཆྰང་གིས“ཏྰ་ཁྰ་སྒྱུ་རྩལ་གླེང་སྟེགས”ཞེས་པར་གཟིགས་སྐོར་གནང་སྐབས།“བོད་རང་བཙན”དང་འབྲེལ་བ་ཡོད་པའི་དྲིལ་བསྒྲགས་བརྩམས་ཆོས་མཐོང་མ་ཐག་ཁོང་ཁྲོ་ཆེན་པོ་ལངས་བ་དང་། ཁོང་གིས་དྲིལ་བསྒྲགས་དངོས་པོ་དེ་དག་མེད་པ་བཟོ་རྒྱུའི་བླང་བྱ་ནན་པོ་བཏོན།

གསར་འགྱུར་སྤེལ་བར་གཞིགས་ན། དྲིལ་བསྒྲགས་དངོས་པོ་དེ་དག་ནི་རྒྱ་གར་གྱི་གློག་བརྙན་སྒྲིག་བཟོ་བ་རུད་ཐུ་སྰར་རེན(Ritu Sarin)དང་དེའི་བཟའ་ཟླ་ཡུལ་གྱར་བོད་མི་བསྟན་འཛིན་བསོད་ནམས(Tenzing Sonam)ཞེས་པ་གཉིས་པོའི་རེད། གསར་འགོད་པས་འབྲེལ་ཡོད་དཔྱད་གཞིའི་རྒྱུ་ཆ་བཙལ་ནས་རྒྱུས་ལོན་བྱུང་བར། བཟའ་ཚོ་གཉིས་པོ་ནི “བོད་རང་བཙན”གྱི་ལས་རིགས་གཙོ་བོ་བྱེད་མཁན་རེད་ཅེས་བརྗོད་ཆོག་པ་དང་།“བོད་རང་བཙན”གྱི་སྒྱུ་རྩལ་བྱེད་སྒོ་ཐེངས་མང་སྒྲིག་འཛུགས་བྱས་ནས་དྲིལ་བསྒྲགས་བྱེད་ཀྱི་ཡོད། བསྟན་འཛིན་བསོད་ནམས་ཀྱི་ཨ་ཕ་ནི་དེ་སྔོན་ལོ་རབས་50ཡི་དུས་མཇུག་ཏུ་ཡུལ་གྱར་བོད་མི་ངོ་ལོག་བྲོས་བྱོལ་པ་སྒྲིག་འཛུགས་བྱེད་མཁན་གྲས་ཤིག་ཡིན་པ་དང་ཕྱིས་སུ་བོད་ཀྱི“ཡུལ་གྱར་སྲིད་གཞུང”གི“པུའུ་ཀྲང”ཞེས་པའི་ལས་འགན་འཁུར་མྱོང་།ཏྰ་ཁྰ་སྒྱུ་རྩལ་གླེང་སྟེགས་ཀྱི་སྲིད་འཛིན་ཀྲུའུ་རེན་སྰ་ཀྲེ་རྡེ་ཧའོ་སེ་དབྱིན་གྱིས་སྨྱན་སྦྱོར་ལ། ཀྲུང་གོའི་གཞུང་ཚབ་ཆེན་མོས་ཆབ་སྲིད་ཀྱི་ལྟ་བ་འདྲེས་པའི“སྒྱུ་རྩལ་འགྲེམ་སྟོན”དེ་དག་མཐོང་སྐབས་སེམས་ནང་ཕོག་ཐུག་བྱུང་བ་དང་། དེ་ནས་འཕྲིན་ཡིག་གཅིག་བསྐུར་ཏེ་ངོ་རྒོལ་བྱས་པ་མ་ཟད་ད་དུང་བརྩམས་ཆོས་དེ་དག་མེད་པ་བཟོ་དགོས་པའི་བླང་བྱ་བཏོན་པ་རེད་ཅེས་བརྗོད།

“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྷང་ག་ལ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་བཅའ་སྡོད་བྱེད་པའི་གཞུང་ཚབ་ཆེ་མོ་ཁང”གི་དྲ་ཚིགས་ནང་འཁོད་པའི“གཞུང་ཚབ་ཆེན་མོ་བའི”ཆ་འཕྲིན་ལས་གསལ་བར། མྰ་མིང་ཆྰང་ནི་1965ལོའི་ཟླ་1པོར་སྐུ་འཁྲུངས་པ་དང་དབྱིན་ཇིའི་ཝུའར་ཧྲེ་སློབ་ཆེན་ནས་སློར་མཐར་ཕྱིན། དེ་སྔོན་ཕྱི་འབྲེལ་པུའུ་ལོ་ཙྰ་ཁང་གི་ཁོའོ་ཡོན་དང་། མྰ་ལ་སི་ཡར་བཅའ་སྡོད་གཞུང་ཚབ་ཆེ་མོ་ཁང་གི་དྲུང་ཡིག ཕྱི་འབྲེལ་པུའུ་ཨེ་ཤ་ཡ་སིའི་སི་ཀྲང་གཞོན་པ། ཀྲུང་གོ་—ཤར་ཕྱོགས་མནའ་འབྲེལ་ལྟེ་གནད་ཀྱི་དྲུང་ཡིག་ཆེན་མོ་སོགས་ཀྱི་ལས་འགན་འཁུར་མྱོང་བ་བཅས། ཨེ་ཤ་ཡ་ཤར་ལྷོའི་ཕྱི་འབྲེལ་ལས་དོན་ཐད་ཉམས་མྱོང་ཕུན་སུམ་ཚོགས་པ་དང་དེ་སྔོན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་གནང་བཞིན་པའི་ཞིས་ཅིན་ཕིང་གིས་བྷང་ག་ལ་རྒྱལ་ཁབ་ལ་འཚམས་འདྲི་གནང་སྐབས་མཉམ་དུ་ཕེབས་མྱོང་ཡོད།

2015ལོར་མྰ་མིང་ཆྰང་བྷ་ག་ལའི་གཞུང་ཚབ་ཆེན་མོའི་ལས་འགན་འཁུར་འགོ་བརྩམས། ཁོང་གིས་ཀྲུང་གོ་དང་བྷང་ག་ལའི་དབར་གྱི་རིག་གནས་སྤེལ་རེས་དང་མཉམ་ལས་ལ་ཧ་ཅང་མཐོང་ཆེན་གནང་བ་དང་། དེ་སྔོན་བྷང་ག་ལའི་གཞོན་ནུ་མང་པོ་སྒྲིག་འཛུགས་བྱས་ནས་ཀྲུང་གོར་ལྟ་སྐོར་བྱེད་པར་སླེབས།“ལམ་གཅིག་ཁུལ་གཅིག”གི་འཐབ་ཇུས་བཏོན་རྗེས་ལྷོ་ཨེ་ཤ་ཡར་གནས་པའི་བྷང་ག་ལའི་ས་ཁུལ་གྱི་ལེགས་ཆ་མངོན་གསལ་དོད་པས། ཡུན་ནན་ཞིང་ཆེན་དབར་སྤེལ་རེས་སྔར་བས་ཇེ་ཟབ་ཏུ་ཕྱིན།ད་ཐེངས་བྷང་ག་ལར་ཐོན་པའི“བོད་རང་བཙན”གྱི་དྲིལ་བསྒྲགས་དངོས་པོ་ནི་རྒྱུ་རྐྱེན་མེད་པའི་དོན་རྐྱེན་རྐྱང་པ་ཞིག་མིན། རྒྱལ་སྤྱིའི་གར་སྟེགས་ཐོག་རིམ་བཞིན“སྐད་སྒྲ་ཉམས་འགྲོ”བཞིན་པའི“བོད་རང་བཙན”གྱི་སྟོབས་ཤུགས་ཀྱིས་མུ་མཐུད་ནས་དོན་རྐྱེན་ཆུང་ཙག་བཟོས་ཏེ། རིག་གནས་དང་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་ཁོང་ཚོའི་ཆབ་སྲིད་ཀྱི་ལྟ་བ་བརྒྱུད་སྒྲོག་བྱེད་པ་དང་།“གཉའ་གནོན་དང་བརྙས་བཅོས་ཕོག་པའི”གཟུགས་བརྙན་གསར་བཟོ་བྱས་ཏེ་གཞན་གྱི་སྙིང་རྗེ་ཐོབ་ཐབས་དང་དོ་ཁུར་ཡོང་ཐབས་བྱེད་པ། ཐ་ན“དམིགས་ཡུལ་ཡོད་པའི་མི་སྣ”ཡི་རྒྱབ་སྐྱོར་ཐོབ་ཐབས་བྱེད་ཀྱི་ཡོད།འདི་ལྟ་བུའི་མངོན་གསལ་མེད་པའི་ཁ་བྲལ་གྱི་བྱ་སྤྱོད་ལ་བཟོད་བསྲན་བྱ་ཐབས་བྲལ་བ་དང་། གཞུང་ཚབ་ཆེན་མོ་མྰ་མིང་ཆྰང་ཁོང་ཁྲོ་ཆེན་པོ་གནང་བའི་གནས་ཚུལ་དེའི་ཐོག་ནས་གསལ་བར། བོད་ལྗོངས་ཀྱི་ལས་དོན་ནི་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པས་དེར་ཧོལ་རྒྱུགས་རྩ་བ་ནས་བྱ་མི་ཆོག་པ་དེ་རེད།

འབྲེལ་ཡོད་རྩོམ་ཡིག