ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བོད་ལྗོངས་ཀྱི་རྒྱལ་ཡོངས་ཚོགས་ཆེན་གཉིས་སུ་ཞུགས་པའི་འཐུས་མི་ལྷ་ས་ནས་པེ་ཅིང་དུ་བསྐྱོད་པ།

2016-03-02

པར་འདི་ནི་བོད་ལྗོངས་ཀྱི་རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་ཞུགས་པའི་སྲིད་གྲོས་ཨུ་ཡོན་པས་གནམ་ཐང་གི་སྒུག་སྡོད་གནས་ཁུལ་ནས་དོ་ཁུར་བྱེད་པའི་བརྗོད་གཞི་གནད་འགག་སྐོར་བསམ་འཆར་བརྗེ་རེས་བྱེད་པའི་རྣམ་པ་རེད།

ངེད་དྲ་ཚིགས་ཀྱི་ཟླ3པའི་ཚེས1ཉིན་ལྷ་ས་ནས་འབྱོར་བའི་འཕྲིན། ཟླ2པའི་ཚེས26ཉིན། རང་སྐྱོང་ལྗོངས་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཁྲི་300་ཡི་རེ་འདུན་འཁུར་བའི་བོད་ལྗོངས་ཀྱི་རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་ཞུགས་པའི་འཐུས་མི་དང་། ཨུ་ཡོན་པ་གནམ་གྲུར་བསྡད་དེ་པེ་ཅིང་དུ་བསྐྱོད། ལྗོངས་དམངས་ཆེན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་ཞུ་ཞོལ་ཀོང་དང་། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཅིན་ཧྲེ་ཞོན་སོགས་གནམ་ཐང་དུ་སོང་ནས་བོད་ལྗོངས་ཀྱི་རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་ཞུགས་པའི་འཐུས་མི་དང་ཨུ་ཡོན་པར་སྐྱེལ་མ་བྱས། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་པད་མ་ཆོས་སྒྲོན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་པ་སྐལ་བཟང་སྒྲོལ་དཀར་སོགས་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་དུས། ཁོ་མོ་ཚོས་རང་ཉིད་ཀྱིས་བོད་ལྗོངས་མི་དམངས་ཀྱི་རྒྱལ་ཡོངས་དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན་པའི་ཚབ་བྱས་པ་ནི་གཟི་བརྗིད་དང་ང་རྒྱལ་ཅིག་ཏུ་འདོད་པ་དང་། ལྗོངས་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཁྲི་སུམ་བརྒྱའི་ཚབ་བྱས་ཏེ་རྒྱལ་ཁབ་ཀྱི་ཆབ་དཔལ་རིག་གསུམ་དང་། སྤྱི་ཚོགས་ཀྱི་ལས་དོན་ལ་དོ་དམ་བྱེད་པ་ཡིན་པས། ཕྲག་སྟེང་གི་ལས་འགན་ཅི་ལྟར་ལྕི་ཡང་གཟི་བརྗིད་དུ་འདོད་ནས་ཚང་མའི་རེ་བ་སྟོང་ཟད་དུ་མི་སྟོང་བར་མ་ཟད། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཚད་མཐོན་པོས་འགན་འཁུར་བའི་རྣམ་འགྱུར་གྱིས་ཚོགས་ཆེན་གཉིས་ལེགས་པོར་འཚོགས་ཏེ་འཐུས་མི་དང་ཨུ་ཡོན་པའི་འགན་འཁྲི་དངོས་ཐོག་དོན་འཁྱོལ་བྱ་རྒྱུ་དང་། བསམ་འཆར་སྤེལ་ནས་ཇུས་འདོན་གྱིས་ཏང་དང་། མི་དམངས་ལ་འགན་འཁྲི་ཚད་མཐོན་པོ་འཁུར་བའི་རྣམ་འགྱུར་གྱིས་བདག་པོའི་སྙིང་སྟོབས་གང་ལེགས་སྒོས་འདོན་སྤེལ་དང་། རྩ་ཁྲིམས་དང་ཁྲིམས་ལུགས་ཀྱིས་གནང་བའི་དབང་ཆ་ལག་བསྟར་ཡག་པོ་བྱས་ཏེ་ནན་ཏན་སྒོས་སྲིད་གཞུང་བྱ་བའི་སྙན་ཞུ་དང་གལ་ཆེའི་དོན་ཚན་གཞན་དག་ལ་གྲོས་ཞིབ་བྱས་ཏེ་སྤྲོ་སེམས་འཁོལ་པོའི་ངང་ཚོགས་འདུར་ཞུགས་པ་དང་ཏན་ཏན་ཏིག་ཏིག་སྒོས་ཚོགས་འདུ་ཡག་པོར་འཚོག་རྒྱུ་ཡིན། དུས་མཚུངས་སུ་བོད་ལྗོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་དང་བརྟན་འཇགས་སོགས་ཀྱི་ལས་དོན་སོ་སོའི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། གྲུབ་འབྲས་གསར་པ་ལེགས་པོ་ཞུས་ཏེ་བོད་ལྗོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་རྣམ་པ་གསར་པ་མངོན་ནས་ང་ཚོ་ཐུན་མོང་གི་སེམས་འདུན་དང་འབོད་སྒྲ་གང་ལེགས་སྒོས་ཞུས་ཏེ་རིན་ཐང་ལྡན་པའི་འཛུགས་སྐྲུན་རང་བཞིན་གྱི་བསམ་འཆར་འགའ་བཏོན་ཏེ། བོད་ལྗོངས་ཀྱི་རིགས་སོ་སོའི་མི་དམངས་དང་ཕྱོགས་སོ་སོའི་མི་སྣའི་ཚབ་བྱས་ནས་བདག་པོའི་དབང་ཆ་བེད་སྤྱོད་བྱེད་རྒྱུ་ཡིན་ཞེས་བསྟན།

འབྲེལ་ཡོད་རྩོམ་ཡིག