ཟླ༣པའི་ཚེས༢ཉིན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་གཞུང་ལས་ཁང་གིས་ཀན་སུའུ་སྲིད་དོན་གཙང་སྐྱོང་གི་དྲ་ལམ་བརྒྱུད་ལུང་ནན་གྲོང་ཁྱེར་གྱི་རྫོང8དང་དེ་བཞིན་ཀན་ལྷོ་ཁུལ་ལ་སྐོར་ཞིབ་ལས་ཐོན་པའི་གནད་དོན་ཕྱིར་ལྡོག་བྱས་ཤིང་། དེའི་ཁྲོད་འཛུགས་སྐྲུན་རྣམ་གྲངས་ཅུང་ཆེ་ཤོས་སུ་རུལ་སུངས་ཀྱི་ཉེན་ཁ་གནས་པ་དང་“ལས་མེད་ཕོགས་ཟའི”གནད་དོན་སོགས་སྐབས་དུ་མར་བྱུང་ཡོད་པ། གཉེན་ཉེ་སྤུན་མཆེད་བཅས་ཀྱིས་ཁྲིམས་འགལ་སྒོས་མ་མཐའི་འཚོ་རྟེན་འགན་སྲུང་གི་གསབ་དངུལ་གཡོ་ལེན་བཅས་ཀྱི་གནད་དོན་ཡར་ཞུ་ཅུང་མང་པ་བཅས་ཀྱི་གནས་ཚུལ་ཐོན་ཡོད་འདུག
ཁང་རྫོང་དུ་ས་ཁང་བདག་ཁོངས་གསར་སྤེལ་རྣམ་གྲངས་སུ་རུལ་སུངས་ཀྱི་ཉེན་ཁ་གནས་ཡོད་པ།
དེར་གནས་པའི་གནད་དོན་གཙོ་བོ་ནི། རྫོང་གི་དོ་དམ་ལས་བྱེད་པའི་སྒྲིག་ཁྲིམས་ལག་བསྟར་བྱས་པ་མི་འདང་པ་དང་ལྟ་སྐུལ་སྒྲིག་ཁྲིམས་ལག་བསྟར་བྱས་པ་ཅུང་ནན་མོ་མིན་པའི་སྣང་ཚུལ་བྱུང་ཡོད་པ། ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་དོ་དམ་ཚད་ལྡན་མིན་པ་དང་། རྣམ་གྲངས་འཛུགས་སྐྲུན་གྱི་གོ་རིམ་ལག་བསྟར་བྱས་པ་གནད་ལ་འཁེལ་མེད་པ། ས་ཁང་བདག་ཁོངས་གསར་སྤེལ་རྣམ་གྲངས་ལ་ལྟ་སྐུལ་བྱེད་ཤུགས་ནུས་ལྡན་མིན་པར་རུལ་སུངས་ཀྱི་ཉེན་ཁ་གནས་ཡོད་པ།གཞུང་གི་རྒྱུ་ནོར་དོ་དམ་ཚད་ལྡན་མིན་པར་ལྟ་སྐུལ་འཐུས་ཤོར་ཡིན་འདུག
ཁྲེང་རྫོང་དུ་སྒྲིག་འགལ་སྒོས་འཛུགས་བསྐྲུན་བྱས་པ། ཁྲིམས་འགལ་གྱིས་ས་ཞིང་བདག་འཛིན་བྱས་པའི་གནས་ཚུལ་རྟག་ཏུ་བྱུང་ཡོད་པ།
སྒྲིག་ཨུད་ཀྱིས་སྒྲིག་ཁྲིམས་ལག་བསྟར་དང་ཞིབ་བཤེར་བྱེད་པའི་འགན་ནུས་ལག་བསྟར་བྱས་པ་འཐུས་ཚང་མིན་པར་རང་འགུལ་གྱིས་ཤུགས་རྐྱེན་ཆེ་བའི་གྱོད་དོན་ཐག་གཅོད་བྱས་པ་ཉུང་པ་དང་། འགན་འཁྲི་རྩད་གཅོད་བྱེད་ཤུགས་མི་འདང་པ། སྲིད་གཞུང་ལ་དབང་བའི་རྒྱུ་ནོར་འཕྲོ་བརླགས་གཏོང་པའི་ཉེན་ཁ་ཡོད་པ། ཨར་ལས་འཛུགས་སྐྲུན་དང་སྲིད་གཞུང་གིས་ཉོ་སྒྲུབ་རྣམ་གྲངས་དོ་དམ་ཚད་ལྡན་མིན་པ་དང་། རྣམ་གྲངས་རྐྱང་མའི་གན་རྒྱའི་རིན་གོང་སྒོར་འབུམ་ལྔའི་མན་གྱི་འཛུགས་སྐྲུན་རྣམ་གྲངས་ནི་སུས་འཇོན་དེ་འགུགས་དང་སུས་འཇོན་དེ་ལེན་གྱི་ལྟ་སྐུལ་དོ་དམ་སྟོང་པར་ལུས་ཡོད་པས་སྤྱོད་གཙང་ཡོང་པར་ཉེན་ཁར་འཕྲད་ཡོད་པ། “ལས་མེད་ཕོགས་ཟའི”གནད་དོན་གཙང་བཤེར་ཚར་གཅོད་བྱས་མེད་པ། གྲོང་ཁྱེར་གྱི་ཕྱོགས་བསྡུས་དོ་དམ་དོན་འཁྱོལ་མིན་པས་སྲིད་གཞུང་གི་འགན་ནུས་སྡེ་ཚན་གྱིས་ལྟ་སྐུལ་དོ་དམ་བྱེད་ཤུགས་མི་འདང་པ། སྒྲིག་ འགལ་གྱིས་འཛུགས་བསྐྲུན་དང་ཁྲིམས་འགལ་གྱིས་ས་ཆ་བདག་ཏུ་འཛིན་པའི་གནས་ཚུལ་སོགས་སྐབས་འགར་བྱུང་ཡོད་པ་དང་། ས་ཁང་བདག་ཁོངས་གསར་སྤེལ་འཆར་འགོད་ལས་བརྒལ་པའི་འཛུགས་སྐྲུན་གྱི་སྣང་ཚུལ་ཅུང་རྒྱུན་འབྱམས་ཡིན་འདུག
ལི་རྫོང་དུ་ལས་བྱེད་པ་ཚོང་གཉེར་ཁེ་ལས་སུ་ཞུགས་པའི་གནད་དོན་ཚབས་ཆེན་ཡིན་པ།
ཏང་ཡོན་འགོ་ཁྲིད་ལས་བྱེད་ཁ་ཤས་ཀྱིས“མི་སྒེར་གྱིས་རྩ་འཛུགས་ཀྱི་བཀའ་བརྩི་སྲུང་བྱེད་པའི”འདུ་ཤེས་ཞན་པ། རྩ་འཛུགས་ཀྱིས་ལས་དོན་བཀོད་སྒྲིག་དང་ལས་གནས་ལེགས་སྒྲིག་བྱེད་སྐབས་རྩ་འཛུགས་དང་མཐོ་བཤད་དམའ་བཤད་བྱེད་པ། ལས་བྱེད་པ་བཀག་གསོག་བྱས་པ་མང་ཞིང་འཁོར་རྒྱུག་དལ་བ། ན་གཞོན་ལས་བྱེད་པ་གསོ་སྐྱོང་དང་བཀོལ་སྤྱོད་བྱས་པ་མི་འདང་པ། རྫོང་གི་ཐད་གཏོགས་ལས་ཁུངས་ཀྱིས་ཤང་གྲོང་ནས་མི་སྣ་བརྗེ་གཡར་བྱས་པ་ཅུང་མང་པ། “ལས་མེད་ཕོགས་ཟའི” གནད་དོན་སྔར་བཞིན་གནས་ཡོད་པ། སུས་འཇོན་དེ་འགུག་གི་གོ་རིམ་ཁྲོད་ཕྱི་ནས་བསྡུ་ཁུལ་གྱིས་ལྐོག་ནས་གཏན་འཁེལ་བྱས་པའི་གནས་ཚུལ་མང་པས་སྤྱོད་གཙང་ཡོང་ཐད་ཉེན་ཁ་ཆེན་པོ་གནས་ཡོད་པ། ལས་བྱེད་པ་ཚོང་གཉེར་ཁེ་ལས་སུ་ཞུགས་པའི་གནད་དོན་ཚབས་ཆེན་ཡིན་འདུག
ཞི་ཧི་རྫོང་དུ་རྫོང་ཡོངས་སུ་ཐོན་སྐྱེད་བདེ་འཇགས་ཀྱི་དོན་རྐྱེན་རྒྱུན་དུ་བྱུང་ཡོད་པ།
སུས་འཇོན་དེ་འགུག་དང་སུས་འཇོན་དེ་ལན་གྱིས་ལས་རིམ་ཚད་ལྡན་མིན་པས་རུལ་སུངས་ཀྱི་ཉེན་ཁ་ཡོད་པ། གྲོང་ཚོའི་ལས་བྱེད་དང་ཤང་གྲོང་གི་འཕྲོད་བསྟེན་ཁང་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་མི་འདང་པ། ལས་ཁུངས་ཁ་ཤས་སུ་འགན་ནུས་ལག་བསྟར་བྱས་པ་ནན་མོ་མིན་པ། བཅའ་ཁྲིམས་ལག་བསྟར་སྡེ་ཚན་དང་དབང་ཆའི་སྡེ་ཚན་ཁ་ཤས་སུ་ཕན་ཐོགས་མ་བསྐྲུན་ཚེ་ལས་ཀ་མི་སྒྲུབ་པའི་གནས་ཚུལ་ད་དུང་ལྷགས་ཡོད་པ། གྲོང་ཁྱེར་གྱི་ཕྱོགས་བསྡུས་དོ་དམ་ནུས་པ་ཅུང་ཞན་པ་དང་རྫོང་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ཀྱི་གནས་བབ་ཛ་དྲག་ཡིན་ལ་དོན་རྐྱེན་ནམ་རྒྱུན་བྱུང་ཀྱིན་པ།
ཧའེ་རྫོང་དུ་འཛུགས་སྐྲུན་རྣམ་གྲངས་དོ་དམ་ལ་རུལ་སུངས་ཀྱི་ཉེན་ཁ་གནས་ཡོད་པ།
སྒྲིག་ཁྲིམས་ལག་བསྟར་དང་གྱོད་དོན་ཞིབ་གཅོད་བྱེད་པའི་ཁྲོད་གནས་ཚུལ་ཐག་གཅོད་ནན་མོ་མིན་པའི་གནད་དོན་བྱུང་ཡོད་པ་དང་། ལས་ཐོག་ཉེས་གསོག་གི་གྱོད་གཞིའི་ཞུ་སྦྱོར་ཕྱི་མར་ཐག་གཅོད་བྱས་པ་ཅུང་ཡང་པས་ཉེན་བརྡའི་སློབ་གསོའི་ནུས་པ་ལེགས་པོ་ཐོན་མེད་པ། འཛུགས་སྐྲུན་རྣམ་གྲངས་དོ་དམ་ཐད་སྒྲིག་འགལ་སྒོས་ལས་འགན་བགོ་བཤའ་བརྒྱབ་པའམ། ཡོངས་བསྒྲགས་ཐོག་སུས་འཇོན་དེ་འགུགས་དང་སུས་འཇོན་དེ་ལེན་བྱས་མེད་པ་དང་། སུས་འཇོན་དེ་འགུག་བྱས་པ་ཚད་ལྡན་མིན་པ། རྣམ་གྲངས་རགས་རྩིས་ལས་བརྒལ་པ། མཆན་བཀོད་ལས་བརྒལ་ཏེ་མ་དངུལ་གཏོང་པ། ལས་གྲྭའི་རྩིས་ཐོ་བཟོས་པ་དོན་དངོས་མིན་པ། ལས་གྲྭའི་མ་དངུལ་མང་རྩིས་བྱས་པ་སོགས་ཀྱི་གནད་དོན་ཚབས་ཆེན་ཡིན་པས་རུལ་སུངས་ཀྱི་ཉེན་ཁ་ཅུང་ཆེར་གནས་ཡོད།
ཝུན་རྫོང་དུ་ལས་ཐོག་ཉེས་གསོག་གི་གྱོད་གཞིའི་ཞུ་སྦྱོར་ཕྱི་མར་ཐག་གཅོད་བྱས་པ་ཅུང་ཡང་པ།
ལས་ཐོག་ཉེས་གསོག་གྱོད་གཞིའི་ཞུ་སྦྱོར་ཕྱི་མར་ཐག་གཅོད་ཅུང་ཡང་པས་ཉེན་བརྡའི་སློབ་གསོའི་ནུས་པ་ལེགས་པོ་ཐོན་མེད་པ། འཛུགས་སྐྲུན་རྣམ་གྲངས་དོ་དམ་གྱི་ཐད། ཡོངས་བསྒྲགས་ཐོག་སུས་འཇོན་དེ་འགུགས་ཀྱི་ལས་རིམ་སྤེལ་མེད་པའམ། སུས་འཇོན་དེ་འགུག་གི་ལས་རིམ་སྤེལ་བ་ཚད་ལྡན་མིན་པ།རྣམ་གྲངས་རགས་རྩིས་ལས་བརྒལ་པ་སོགས་ཀྱི་གནད་དོན་ཚབས་ཆེན་ཡིན་པས་རུལ་སུངས་ཀྱི་རྐྱེན་ངན་གནས་ཡོད་པ།
ཏིང་རྫོང་དུ་ཞིང་འབྲེལ་མ་དངུལ་རྔམ་འཛིན་དང་གཞན་དུ་སྤྱད་པའི་གནད་དོན་འབྱུང་བཞིན་པ།
གཞུང་དོན་སྒྲུབ་མཁན་གྱིས“ལས་མེད་ཕོགས་ཟའི”སྣང་ཚུལ་སྔར་བཞིན་གནས་ཡོད་པ། ཞིང་འབྲེལ་མ་དངུལ་གྱི་དོ་དམ་ལམ་ལུགས་འཐུས་ཚང་མིན་པ། སྲིད་དོན་གཙང་སྐྱོང་ལ་ཚོད་འཛིན་བྱ་ཐབས་གོ་ཆོད་མིན་པས་ཞིང་འབྲེལ་མ་དངུལ་ལྐོག་ཟ་དང་གཞན་སྤྱོད་བྱས་པའི་གནད་དོན་འབྱུང་གི་ཡོད་པ། ལས་གྲྭ་འཛུགས་སྐྲུན་གྱི་ཁྱབ་ཁོངས་སུ་འབྲེལ་ཡོད་གཏན་འབེབས་ལག་བསྟར་བྱས་པ་དོན་འཁྱོལ་མིན་པས་རུལ་སུངས་ཀྱི་ཉེན་ཁ་གནས་ཡོད་པ་རེད།
ལེང་ཏིང་རྫོང་དུ་བཟོ་བའི་ཐོབ་ཐང་ཅན་གྱི་མི་སྣས་ཁོའོ་རིམ་པའི་ལས་གནས་སྟེང་ལས་འགན་འཁུར་ཡོད་པ།
ཤང་གྲོང་དང་རྫོང་ཐད་གཏོགས་ལས་ཁུངས་ཀྱི་ལས་དོན་ཚན་པར་ལས་གནས་སྟོང་པར་ལུས་པ་ཅུང་ལ་ འགོ་ཁྲིད་ཀྱི་ཉེ་འཁོར་དུ་ཡོད་པའི་ལས་བྱེད་པའི་ལས་གནས་བསྐོ་འཐེན་བྱས་པ་ཅུང་མགྱོགས་པ། ཤང་གྲོང་ལས་བྱེད་པའི་ལས་གནས་བརྗེ་གསོར་བྱེད་དཀའ་བ། ལས་བྱེད་པ་གསོག་འཇོག་བྱས་པ་མི་འདང་པ་དང་གྲུབ་ཚུལ་ལུགས་མཐུན་མིན་པ། ལས་བྱེད་པའི་ཤུལ་ལུས་གནད་དོན་ད་དུང་རྨང་ནས་ཐག་གཅོད་བྱས་མེད་པ་དང་། མིག་སྔར་བཟོ་བའི་ཐོབ་ཐང་ཅན་གྱི་མི་སྣས་ཁོའོ་རིམ་པའི་ལས་གནས་སྟེང་ལས་འགན་འཁུར་པའི་གནད་དོན་སྔར་བཞིན་གནས་ཡོད་པ། ལས་བྱེད་པར་ལྟ་སྐུལ་དོ་དམ་བྱས་པ་གཟབ་ནན་མིན་པ་དང་། མང་ཚོགས་ཀྱི་ཉེ་འཁོར་དུ་གནས་པའི་རུལ་སུངས་ཀྱི་གྱོད་གཞི་བྱུང་དང་འབྱུང་བཞིན་ཡོད་པ། རྣམ་གྲངས་དོ་དམ་ཚད་ལྡན་མིན་པས་སྲིད་དོན་གཙང་སྐྱོང་ཐད་ཉེན་ཁ་ལྷགས་ཡོད་པ་རེད།
ཀན་ལྷོ་ཁུལ་དུ་གཉེན་ཉེ་སྤུན་མཆེད་བཅས་ཀྱིས་ཁྲིམས་འགལ་སྒོས་མ་མཐའི་འཚོ་རྟེན་འགན་སྲུང་གི་གསབ་དངུལ་ལེན་པ་བཅས་ཀྱི་གནད་དོན་ཡར་ཞུ་བྱས་པ་ཅུང་མང་པོ་ཡོད་འདུག
གནད་དོན་གཙོ་བོ་ནི་གཤམ་གསལ་ལྟར་། རྣམ་གྲངས་ཁ་ཤས་ནི་དུས་ཚད་ཀྱི་དབང་གིས་ལྟ་སྐུལ་དོ་དམ་གྱི་གོ་རིམ་ཚད་ལྡན་མེད་པའི་གནད་དོན་ཐོན་ཡོད་པ་དང་། རྫོང(གྲོང་ཁྱེར)གྱི་འགན་སྲུང་སྡོད་ཁང་གི་སྲིད་ཇུས་དོན་འཁྱོལ་ལ་ལྟ་སྐུལ་བྱེད་ཤུགས་མི་འདང་པ་དང་ཁ་ཤས་སུ་གཞི་ཁྱོན་རྒྱ་བསྐྱེད་དེ་འཛུགས་སྐྲུན་བྱས་པ། ཁྱབ་ཁོངས་ལས་བརྒལ་ཏེ་བགོ་བཤའ་རྒྱག་པའི་གནད་དོན་གནས་པ། རྫོང་གི་ཐད་གཏོགས་སྡེ་ཚན་ཁ་ཤས་སུ་གོང་ཁེ་སྡོད་ཁང་གི་ཁ་གསབ་གཡོ་ལེན་བྱེད་པའི་སྣང་ཚུལ་བྱུང་ཡོད་པ། གཞི་རིམ་སྡེ་ཚན་དུ་ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱས་པ་མི་འདང་བ་དང་། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་དང་འགལ་བའི་གནད་དོན་བཅས་སྐབས་དུ་མར་བྱུང་ཡོད་པ། སློབ་གྲྭ་ཁ་ཤས་སུ་རྒྱུ་ནོར་དོ་དམ་བྱས་པ་རྙོག་འཛིང་ཡིན་པ། སྒྲིག་འགལ་སྒོས་འགྲོ་གྲོན་གཏོང་པའི་གནད་དོན་ཐོན་ཡོད་པ།གྲོང་གསེབ་ཀྱི་ལས་བྱེད་པར་སློབ་གསོ་དོ་དམ་བྱས་པ་ནན་པོ་མིན་པ། མང་ཚོགས་ཀྱི་ཉེ་འཁོར་དུ་གནས་པའི་རུལ་སུངས་ཀྱི་གནད་དོན་སྔར་བཞིན་ཅུང་འབུར་དུ་ཐོན་ཡོད་པ། གྲོང་གསེབ་ཀྱི་ལས་བྱེད་པ་ཁ་ཤས་ཀྱིས་གནོད་སེལ་བསྐྱར་སྐྲུན་དང་ཉེན་ཁང་སྒྱུར་བཀོད། གཞན་ཡུལ་གནས་སྤོ་སོགས་ཞིང་པར་ཕན་པའི་སྲིད་ཇུས་ལག་བསྟར་བྱེད་པ་སོགས་ཀྱི་ཐད་ནས་རྫུན་ཞུ་གཡོ་ལེན་བྱེད་པ་དང་། ལྐོག་ཟ་ལྐོག་བགོས་བྱེད་པ། གཡོ་ལེན་ལྐོག་ལེན་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཞིང་འབྲོག་པ་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་སྐྱོན་བཟོས་ཡོད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་ལ་དོ་དམ་བྱས་པ་ཚད་ལྡན་མིན་པར་གཉེན་ཉེ་བཅས་ཀྱིས་ཁྲིམས་འགལ་སྒོས་མ་མཐའི་འཚོ་རྟེན་འགན་སྲུང་གི་གསབ་དངུལ་ལྐོག་ལེན་བྱས་པ་སོགས་ཀྱི་གནད་དོན་ཡར་ཞུ་བྱས་པ་ཅུང་མང་པ། རྫོང(གྲོང་ཁྱེར)ཁ་ཤས་སུ་གསབ་དངུལ་སྤྲོད་པའི་ཚད་གཞི་ཇེ་དམར་གཏོང་པའམ་གསབ་དངུལ་སྤྲོད་ཡུལ་གྱི་ཁྱབ་རྒྱ་ཇེ་ཆེར་གཏོང་པའི་གནད་དོན་ཐོན་ཡོད་པ། གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་སྔར་བཞིན་གནས་ཡོད་པ། གཞུང་འཁོར་སྒེར་སྤྱོད་དང་གཞུང་དངུལ་གྱིས་བཟའ་བཏུང་སྤྱོད་པ། གཉེན་སྟོན་སོགས་དང་སློབ་མ་སློབ་རིམ་འཕར་བ་སྟོན་མོ་གཟབ་རྒྱས་བྱེད་པའི་གནད་དོན་སྔར་བཞིན་གནས་པ། སྡེ་ཚན་ཁ་ཤས་སུ་གཞུང་གྲོན་གསུམ་སྔར་བཞིན་ཅུང་མཐོ་བ། དཔང་ཡིག་མེད་པར་གང་འདོད་ལྟར་གཏེར་ཁ་སྔོག་འདོན་བྱེད་པ། ནགས་ཚལ་གཅོད་པ་སོགས་ཀྱི་སྣང་ཚུལ་སྔར་བཞིན་གནས་ཡོད་པ་བཅས་སོ།