ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

པར་ངོས་མཛེས་པས་ཡིད་ཀྱི་བརྟན་པ་འཕྲོག ། ཇུས་འགོད་གསར་བས་མིག་གི་དགའ་སྟོན་རོལ། །

2016-04-26 བྱམས་པ།

        ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགྱུར། ཚེས་26ཉིན་གྱི་སྔ་དྲོའི་དུས་ཚོད་10སྟེང་། ཀྲུང་གོའི་བོད་ལྗོངས་དྲ་བའི་ཡན་ལག་དྲ་ངོས་གསར་བཅོས་པར་གཞི་སྒོ་ཕྱེ་བའི་མཛད་སྒོ་དེ་ཀྲུང་གོའི་བོད་ལྗོངས་དྲ་བའི་པེ་ཅིན་གྱི་སྤྱི་ཁྱབ་པུའུ་རུ་བསྡུས། འཇར་མན་གྱི་སྐད་ཡིག་པར་གཞི་གསར་བའི་སྟེང་ཀློག་མཁན་གྱིས་དོ་ཁུར་བྱེད་བཞིན་པའི་བོད་དོན་གསར་འགྱུར་གཙོ་བོ་འགོད་འགྱུར་ཡོད། ཇུས་འགོད་ཐད་ཞབས་ཞུའི་འདུ་ཤེས་འབུར་ཏུ་གཏོད་དེ། མཛུབ་གུས་རྡེག་པ་ཙམ་གྱིས་ཆེས་གསར་བའི་གསར་འགྱུར་ཀློག་མྱོང་ཐུབ་པར་དམིགས་འབེན་དུ་བཟུང་ཡོད།
        མི་འགའ་རེས་བརྗོད་རྒྱུར། ཀྲུང་གོའི་གསར་འགྱུར་སྨྱན་བྱེད་དེ་རྒྱལ་སྤྱིའི་སྙན་གྲགས་ཆེ་བའི་སྨྱན་བྱེད་དང་བསྡུར་ན། གནམ་སའི་བར་ཁྱད་ཆེན་པོ་ཡོད། བར་ཁྱད་དེ་ག་ནས་བྱུང་བ་ཡིན་ནམ་ཅེ་ན། ཀློག་མཁན་གྱིས་དོ་ཁུར་བྱེད་པའི་གསར་འགྱུར་དཀོན་པའི་མི་ཚད། གསར་འགྱུར་འགོད་སྟངས་ཀྱི་རྣམ་པའང་ཉ་ཉོག་མཉམ་བསྲེས་ཆེ་བས། ཀློག་པ་པོ་མཐོང་ཆེན་བྱེད་ཀྱིན་མེད། བཤད་ཚུལ་དེ་རྩོམ་སྒྲིག་པ་རང་ཡང་མོས་མཐུན་ཡོད། ཀྲུང་གོའི་མི་མགོ་གཡོལ་མི་ཐུབ་ལ་ཕྱི་རྒྱལ་གྱི་མི་ལ་སློབ་སྦྱོང་བྱ་ཐབས་མེད་པས། འཇར་མན་སྐད་ཡིག་གི་པར་གཞི་གསར་བཅོས་མི་བྱ་ཐབས་མེད་བྱུང་།

        འཇར་མན་སྐད་ཡིག་གི་ཡན་ལག་པར་ངོས་གསར་བས་མཛེས་དཔྱོད་དང་གསར་གཏོད་ཀྱི་འདུ་ཤེས་ལ་བརྩོན་ལེན་བྱས་ཡོད།
        ལེ་ཚན་ཉུང་བུར་བསྡུས་ཏེ་རྒྱལ་སྤྱིའི་ཚད་མཐོའི་ལམ་ཕྱོགས་ལ་སྙེག་ཡོད། ལེ་ཚན་ལ་སྐབས་དོན་གསར་འགྱུར་དང་རིག་གནས། ཆོས་ལུགས་ཡུལ་སྐོར། དཔྱད་བརྗོད་བཅས་ཡོད། ཇུས་འགོད་ཐད་ངོས་གཙང་ལ་གསལ་ཆོད་པའི་མི་ཚད་ཡིད་དབང་འགུགས་པའི་ནུས་པ་ལྡན། དྲ་བ་ཡོངས་སུ་ཕྱོགས་སྟོན་ཁུལ་དང་གཙོར་བཏོན་གསར་འགྱུར་ཁུལ། ལེ་ཚན་ཁུལ། བྱེད་ནུས་ཁུལ་བཅས་ཁག་བཞིར་བགོས་ཏེ། པར་རིས་ཆེ་བ་ཚོགས་སྒྲིག་པའི་ཁྱབ་སྟངས་ཀྱིས་ཀློག་མཁན་ལ་གསར་འགྱུར་གྱི་མཛེས་དཔྱོད་ཀྱིས་མིག་དབང་འཕྲོག་པ་ཡིན། སྒྲ་བརྙན་ལེ་ཚན་གྱི་ཇུས་འགོད་ལ་བཀོལ་མཁན་གྱི་བསམ་བློ་འབུར་ཏུ་གཏོད་པའི་འདུ་ཤེས་བཟུང་ཡོད། དྲ་གྲོགས་ལ་བོད་དོན་གྱི་ཆ་འཕྲིན་བདེན་ཐུབ་འགོད་པའི་མི་ཚད། གཤམ་གསལ་གྱི་ཞབས་ཞུའི་བྱེད་ནུས་ཀྱིས་དྲ་གྲོགས་ལ་གསར་འགྱུར་ཀློག་པའི་ཞོར་དུ་རིག་གནས་ལ་མྱོང་རོལ་བྱས་ཆོག
        1.མྱུར་འཕྲིན་རེས་འཁོར།  དུས་ལྟར་རྒྱལ་སྤྱི། རྒྱལ་ནང་། བོད་ཁུལ་གྱི་གསར་འགྱུར་མང་པོ་མཇར་མན་སྐད་ཡིག་གི་ལམ་ནས་འགོད་པ།
        2.ཚིག་བྱང་རྡེག་པས་འཚོལ་ཀློག  ཚིག་བྱང་རྡེག་པ་ཙམ་གྱིས་དཀར་ཆག་ཆ་ཚང་གྲུབ་པའི་བྱེད་ནུས་མངོན་འགྱུར་ཐུབ།
        3.པར་རིས་ལས་བོད་ལྗོངས་ལ་སྐོར་བལྟ་བྱེད་པ། ས་ཁྲ་དང་མཛེས་བའི་པར་རིས། ཡུལ་བསྐོར་གྱི་དམིགས་གནས་བཅས་གཅིག་ཏུ་སྒྲིལ་ཏེ་རྡེག་པ་ཙམ་གྱིས་ཡུལ་སྐོར་གྱི་ཆ་འཕྲིན་ཡོངས་སུ་བཀླགས་ཆོག

       ཀྲུང་གོའི་བོད་ལྗོངས་དྲ་བའི་སྤྱི་ཁྱབ་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་གཞོན་པ་ཧྥན་ཏིན་ཁོས་ཤིས་ཚིག་འབུལ་བཞིན་པ།


       ཀྲུང་གོའི་བོད་ལྗོངས་དྲ་བའི་སྤྱི་ཁྱབ་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་གཞོན་པ་ཧྥན་ཏིན་ཁོས་ངོ་སྤྲོད་ལྟར་ན། མཇར་མན་སྐད་ཡིག་གི་པར་གཞི་གསར་བཅོས་ནི་ངེད་དྲ་བའི་ལག་རྩལ་དང་སྒྲིག་བཟོ་དཔུང་ཁག རྒྱལ་སྤྱིའི་དར་སྤེལ་ལྟེ་གནས་ཀྱི་ན་གཞོན་རྣམས་ཀྱིས་ཐུན་མོང་གི་བློ་གྲོས་དང་ཧུར་བརྩོན་གྱིས་ཞིབ་ལས་ཚགས་བཟོ་ལས་གྲུབ་པའི་བརྩམས་ཆོས་ཁྱད་འཕགས་ཤིག་ཡིན། ངེད་དྲ་བས་རང་སྐྱ་འཕེར་བས་སྒྲིག་བཟོ་བྱས་པའི་ཐེངས་དང་པོའི་པར་གཞི་གསར་བ་ཡིན་པས་དོན་སྙིང་ཆེན་པོ་ལྡན། ཐེངས་འདིའི་པར་གཞི་གསར་བཅོས་ནང་མིག་སྔར་དྲ་བ་གཙོ་བོ་དག་གིས་རྒྱ་ཁྱབ་ཀྱིས་བཀོལ་བའི་“རྦབ་ཆུ་ལུགས་”དང་“འབུར་གཏོད་ཅན་”གྱི་ཇུས་འགོད་འདུ་ཤེས་བཀོལ་ཏེ།  རྒྱལ་སྤྱིའི་དྲ་བའི་སྐད་ཡིག་གིས་རྒྱལ་ཁབ་ཕྱི་ནང་གི་མཇར་མན་གྱི་སྐད་ཡིག་བཀོལ་མཁན་གྱི་དྲ་གྲོགས་རྣམས་ལ་བདེན་པ་དྲང་བཞག་གི་བོད་དོན་གསར་འགྱུར་སྟེགས་བུ་ཞིག་མཁོ་སྤྲོད་བྱས་ཡོད།
        ཀྲུང་གོའི་བོད་ལྗོངས་དྲ་བ་ནི་2000ལོའི་ཟླ་5པར་སྒོ་གསར་དུ་ཕྱེ་བ་དང་། ཀྲུང་དབྱང་གཙོ་གནད་གསར་འགྱུར་དྲ་བ་14ཡི་གྲས་གཅིག་ཡིན། གོ་ལ་ཧྲིལ་བོར་ཆེས་དགའ་བསུ་ཐོབ་པ་དང་ཤུགས་རྐྱེན་ཆེ་བ།  ཆེས་བདེན་དྲང་ཆེ་བའི་བོད་དོན་གསར་འགྱུར་དང་ཆ་འཕྲིན་སྣ་ཚོགས་འགོད་པའི་དྲ་བ་ཞིག་ཡིན། མིག་སྔར་རྒྱ་ཡིག  དབྱིན་ཡིག  མཇར་མན་གྱི་སྐད་ཡིག  ཧྥ་རན་སིའི་སྐད་ཡིག བོད་ཡིག་བཅས་སྐད་ཡིག་རིགས་ལྔ་དང་ཡན་ལག་དྲ་བ་དྲུག་ཡོད། ལོ་ཧྲིལ་བོའི་ཉིན་སུམ་བརྒྱ་དྲུག་ཅུ་རེ་ལྔ་དང་ཉིན་རེའི་དུས་ཚོད་ཉེར་བཞིའི་རིང་གོ་ལ་ཧྲིལ་བོར་བོད་དོན་གསར་འགྱུར་དང་ཆ་འཕྲིན་བརྒྱུད་འགོད་ཞབས་ཞུ་བྱ་བཞིན་ཡོད།

འབྲེལ་ཡོད་རྩོམ་ཡིག