ད་ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པ”མགོ་རྩོམ་པའི་ལོ་ཡིན་ལ། གཞིས་ཀ་རྩེ་གྲོང་ཁྱེར་གྱིས་ཞིང་ལས་ལོ་ཏོག་འདེབས་པའི་རྒྱ་ཁྱོན་མུའུ་ཁྲི133.65དོན་འཁྱོལ་བྱ་རྒྱུ་མ་ཟད། མུའུ་ཁྲི87.79ལ་འབྲུ་རིགས་འདེབས་རྒྱུ་རེད། ཟླ5པའི་ཚེས2ཉིན་བར། གྲོང་ཁྱེར་ཡོངས་སུ་མུའུ་ཁྲི34.197ལ་འབྲུ་རིགས་ལོ་ཏོག་བཏབ་ཅིང་། དེས་དཔྱིད་འདེབས་སྤྱིའི་རྒྱ་ཁྱོན་ལས26.14%ཟིན། འཆར་གཞི་ལྟར་ལུད་འཇོག་པ་དང་ཞིང་སྨན་རྒྱག་པ་ཚང་མ་དོན་ཐོག་ཏུ་འཁྱོལ་ཡོད། འདི་ནི་པ་སྣམ་རྫོང་དགའ་སྡོང་གྲོང་རྡལ་གྱི་མང་ཚོགས་ཀྱིས་ནས་འདེབས་པའི་གནས་ཚུལ་ཡིན་པ།