ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

སྐབས་དང་པོའི་གཉན་པོ་གཡུ་རྩེའི་པར་ལེན་འགྲན་སྡུར་ཆེན་མོའི་སྤྱི་བསྒྲགས།

2016-06-16

མཚོ་སྔོན་གཅིག་སྒྲིལ་གཉན་པོ་གཡུ་རྩེ་རིག་གནས་ཡུལ་སྐོར་དུས་ཆེན་གྱི་རྒྱལ་ཁབ་རིམ་པའི་གཟུགས་འདས་བོད་ཀྱི་སྲོལ་རྒྱུན་གྱོན་གོས་འགྲེམ་སྟོན་དང་སྐབས་དང་པོའི་གཉན་པོ་གཡུ་རྩེའི་པར་ལེན་འགྲན་སྡུར་ཆེན་མོའི་སྤྱི་བསྒྲགས།

        ཕྱོགས་ཡོངས་ནས་གཅིག་སྒྲིལ་རྫོང་གི་རིག་གནས་ཡུལ་སྐོར་མཚན་སྙན་དང་ཤན་ཤུགས་མཐོ་རུ་གཏོང་བ་དང་། མི་རིགས་རིག་གནས་རྒྱུད་འཛིན་སྔོག་འདོན། རྫོང་ཡོངས་ཀྱི་རིག་གནས་ཡུལ་སྐོར་མཐུན་སྦྱོར་ངང་གོང་འཕེལ་དུ་གཏོང་ཆེད། གཅིག་སྒྲིལ་རྫོང་གཉན་པོ་གཡུ་རྩེ་རིག་གནས་ཡུལ་སྐོར་དུས་ཆེན་རྒྱལ་ཁབ་རིམ་པའི་གཟུགས་འདས་བོད་རིགས་སྲོལ་རྒྱུན་གྱོན་གོས་འགྲེམ་སྟོན་དང་སྐབས་དང་པོའི་གཉན་པོ་གཡུ་རྩེའི་པར་ལེན་འགྲན་སྡུར་ཆེན་མོ་སྤེལ་བའི་འབྲེལ་ཡོད་ཀྱི་སྤྱི་བསྒྲགས་ནི་གཤམ་གསལ་ལྟར།
        གཅིག ། བརྗོད་གཞི།
         རབ་མཛེས་མཚོ་སྔོན་གྱི་གནས་མཆོག གཉན་པོ་གཡུ་རྩེའི་ལྷན་འཛོམས།
        གཉིས། ནང་དོན།
        1.མཚོ་སྔོན་གཅིག་སྒྲིལ་གཉན་པོ་གཡུ་རྩེ་རིག་གནས་ཡུལ་སྐོར་དུས་ཆེན——རྒྱལ་ཁབ་རིམ་པའི་གཟུགས་འདས་བོད་ཀྱི་སྲོལ་རྒྱུན་གྱོན་གོས་འགྲེམ་སྟོན་འགྲན་སྡུར་ཆེན་མོ།
        འགྲན་ཞུགས་ཁྱབ་ཁོངས། ལྗོངས་ཞིང་ལྔའི་བོད་རིགས་མང་ཚོགས།
        2.སྐབས་དང་པོའི་གཉན་པོ་གཡུ་རྩེའི་པར་ལེན་འགྲན་སྡུར་ཆེན་མོ།
        འགྲན་ཞུགས་ཁྱབ་ཁོངས། རྒྱལ་ཡོངས་པར་ལེན་ཆེད་མཁས་མཐུན་ཚོགས་ཀྱི་ཚོགས་མི།
         གསུམ། གཙོ་སྒྲུབ་ལས་ཁུངས།
         ཀྲུང་གུང་གཅིག་སྒྲིལ་རྫོང་ཨུ། གཅིག་སྒྲིལ་རྫོང་མི་དམངས་སྲིད་གཞུང་།
         བཞི། དུས་ཚོད།
          2016.7.7——7.9
         ལྔ། ས་གནས།
        1.གྱོན་གོས་འགྲེམ་སྟོན་ཆེན་མོ་གཅིག་སྒྲིལ་རྫོང་
        2.པར་ལེན་འགྲན་སྡུར་ཆེན་མོ་འགྲེམ་སྟོན་ཟི་ལིང་དཀྱིས་དབུས་ཐང་ཆེན་དུ་འཚོག་རྒྱུ།
       དྲུག བྱ་དགའི་རྣམ་གྲངས་དང་བྱ་དགའི་དངུལ་བཀོད་སྒྲིག
       1.གྱོན་གོས་འགྲན་སྡུར་ཆེན་མོ།
       ཨང་དང་པོ་གཅིག ། བྱ་དགར་དམངས་སྒོར་འབུམ་གཅིག
       ཨང་གཉིས་པ་གཉིས། བྱ་དགར་དམངས་སྒོར་ཁྲི་དྲུག
       ཨང་གསུམ་པ་གསུམ། བྱ་དགར་དམངས་སྒོར་ཁྲི་གསུམ།
       རིག་གནས་རྒྱུན་འཛིན་གྱི་ས་ཕྱོགས་གཤའ་མའི་གྱོན་ཆས་བྱ་དགའ་ལྔ་ཡོད། བྱ་དགའ་རེར་དམངས་སྒོར་ཁྲི་གཅིག་ཡོད།
       ཆེས་དགའ་བསུ་ཐོབ་པའི་བྱ་དགའ་གཅིག་ཡོད། བྱ་དགར་དམངས་སྒོར་ཁྲི་གཅིག་ཡོད།
       ཕུལ་བྱུང་བྱ་དགའ18ཡོད། བྱ་དགར་དམངས་སྒོར་སྟོང་གསུམ་རེ་ཡོད།
       2.གཉན་པོ་གཡུ་རྩེ་རྟགས་མའི་པར་ལེན་འགྲན་སྡུར་ཆེན་མོ།
       ཨང་དང་པོ་གཅིག ། བྱ་དགར་དམངས་སྒོར་ཁྲི་གསུམ་རེ།
       ཨང་གཉིས་པ་གཉིས། བྱ་དགར་དམངས་སྒོར་ཁྲི་གཉིས་རེ།
       ཨང་གསུམ་པ་གསུམ། བྱ་དགར་དམངས་སྒོར་ཁྲི་གཅིག་རེ།
       ཕུལ་བྱུང་བཅུ། བྱ་དགར་དམངས་སྒོར་སྟོང་གཉིས་རེ།
       བདུན།
       བདུན། མིང་ཐོ་འགོད་ཐབས།
       ཡུལ་དངོས་སུ་མིང་ཐོ་འགོད་པ་དང་དྲ་ཐོག་ནས་མིང་ཐོ་འགོད་པ།
    ༼ གཅིག ༽ གྱོན་གོས་འགྲན་སྡུར་ཆེན་མོ།
    1.མིང་ཐོ་འགོད་པའི་དུས་ཚོད། 2016ལོའི་ཟླ6པའི་ཚེས10ནས་ཚེས26ཉིན་གྱི་ཆུ་ཚོད18བར།
    2.མིང་ཐོ་འགོད་ཡུལ། གཅིག་སྒྲིལ་རྫོང་ཡུལ་སྐོར་ཅུའུ།
    3.ཡིག་ཟམ། 290260798@qq.com
    4.དྲ་གནས། གཉན་གཡུ་རྩེ་ཡུལ་སྐོར་དྲ་ཚིགས། (www.nianbaoyuze.net.cn
    5.སྐད་འཕྲིན་ལས་མིང་ཐོ་འགོད་ཐབས། 年保玉则微信公众平台
    6.འབྲེལ་གཏུག་བྱེད་ས། ནོར་བུ་དབང་ཕྱུག ཙི་མན་ཧྲིན།
    7.འབྲེལ་གཏུག་ཨང་གྲངས། 0975-8332000 18097455888
    ༼ གཉིས། ༽གཉན་པོ་གཡུ་རྩེ་པར་ལེན་འགྲན་སྡུར་ཆེན་མོ།
    1.མིང་ཐོ་འགོད་པའི་དུས་ཚོད། 2016ལོའི་ཟླ6པའི་ཚེས10ནས་ཟླ7པའི་ཚེས1ཉིན་གྱི་ཆུ་ཚོད18བར། བརྩམས་ཆོས་བསྐུར་བའི་དུས་ཚོད། 2016ལོའི་ཟླ7པའི་ཚེས10ནས་ཟླ8པའི་ཚེས20ཉིན་གྱི་ཆུ་ཚོད18བར།
    2.མིང་ཐོ་འགོད་ཡུལ། གཅིག་སྒྲིལ་རྫོང་དམངས་ཆེན་གཞུང་ལས་ཁང་། ༼གཅིག་སྒྲིལ་རྫོང་གི་སྐབས་དང་པོའི་གཉན་པོ་གཡུ་རྩེ་པར་ལེན་འགྲན་སྡུར་ཨུ་ཡོན་ལྷན་ཚོགས། ༽
    3.ཡིག་ཟམ། 3485076288@qq.com
    4.དྲ་གནས། གཅིག་སྒྲིལ་རྫོང་མི་དམངས་སྲིད་གཞུང་དྲ་བ། (http://www.jiuzhixian.gov.cn/
    5.སྐད་འཕྲིན་ལས་མིང་ཐོ་འགོད་ཐབས། 久治县摄影
    6.6.འབྲེལ་གཏུག་བྱེད་ས། དཔལ་ཆེན་། 13139156969 ཚེ་རིང་སྒྲོལ་མ། 15809755666 གཞུང་ལས་ཁང་། 0975-8332160
    འགྲན་སྡུར་རྒྱུས་ལོན་བྱ་འདོད་ན། གཅིག་སྒྲིལ་རྫོང་མི་དམངས་སྲིད་གཞུང་དྲ་བ་དང་གཉན་པོ་གཡུ་རྩེ་ཡུལ་སྐོར་དྲ་ཚིགས་སྟེང་གི«མཚོ་སྔོན་གཅིག་སྒྲིལ་གཉན་པོ་གཡུ་རྩེ་རིག་གནས་ཡུལ་སྐོར་དུས་ཆེན་རྒྱལ་ཁབ་རིམ་པའི་གཟུགས་འདས་བོད་ཀྱི་སྲོལ་རྒྱུན་གྱོན་གོས་འགྲེམ་སྟོན་དང་ཐོག་དང་པོའི་གཉན་པོ་གཡུ་རྩེའི་པར་ལེན་འགྲན་ཚོགས་ཆེན་མོའི་བྱ་འགུལ་སྒྲིག་སྲོལ»ཅེས་པར་གཟིགས་རོགས། ཐེངས་འདིའི་འགྲན་སྡུར་གྱི་དཔྱད་འདེམས་དབང་ཆ་མཐའ་དག་གཉན་པོ་གཡུ་རྩེ་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ཨུ་ཡོན་ཚོགས་ཆུང་ལ་དབང་། རྒྱ་ཆེའི་མི་དམངས་མང་ཚོགས་དུས་ལྟར་འགྲན་སྡུར་ལ་ཞུགས་པར་དགའ་བསུ་ཞུ།

 


    2016ལོའི་ཀྲུང་གོ•གཅིག་སྒྲིལ་གཉན་པོ་གཡུ་རྩེ་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ཨུ་ཡོན་ཚོགས་ཆུང་ནས།

འབྲེལ་ཡོད་རྩོམ་ཡིག