ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བོད་ལྗོངས་ཀྱིས་ཐག་རིང་གྲོང་གསེབ་ཀྱི་གློག་བེད་སྤྱོད་གནད་དོན་ཐག་གཅོད་བྱས་པ།

2016-07-07
ཀ +
        ཉིན་ཤས་གོང་བོད་ལྗོངས་ཀྱི་གྲོང་རྡལ་ཆུང་གྲས་དང་ལྟེ་བའི་གྲོང་ཚོའི་གློག་དྲ་ལེགས་བཅོས་རིམ་སྤོར་གྱི་རེ་འཁོར་གསར་པའི་ལས་གཞི་དེ་དངོས་སུ་འགོ་བཙུགས་པ་དང་། ད་ཐེངས་ཀྱི་ལེགས་བཅོས་རིམ་སྤོར་ལས་གཞི་དེས་བོད་ལྗོངས་ཀྱི་ཐག་རིང་ཞིང་འབྲོག་ཁུལ་གྱིས་བདེ་འཇགས་དང་། བརྟན་པོ། བློས་འགེལ་ཆོག་པ་བཅས་ཀྱི་ཐོག་ནས་གློག་བེད་སྤྱོད་ཐུབ་པ་བྱ་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་རིང་། བོད་ལྗོངས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་གྲོང་གསེབ་ཀྱི་གློག་དྲ་ལེགས་བཅོས་རིམ་སྤོར་གྱི་ཤུགས་ཚད་ཆེ་རུ་གཏོང་རྒྱུ་རེད།
        སྤྱི་ལོ༢༠༡༧ལོའི་ལོ་མཇུག་བར། མ་འཇོག་ལེགས་གྲུབ་ཐུབ་ཚད་སྒོར་དུང་ཕྱུར༡༡༩ཟིན་པ་བྱ་རྒྱུ་དང་། བོད་ལྗོངས་ཀྱི་མི་འབོར་ས་ཡ་གཅིག་དང་དྲུག་འབུམ་ཉིས་ཁྲི་ཡི་གློག་བེད་སྤྱོད་ཀྱི་དཀའ་གནད་སེལ་ཐུབ་པ་བྱ་རྒྱུ་དང་། དེ་དག་བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་རྫོང་དྲུག་ཅུ་རེ་གཅིག་དང་གྲོང་རྡལ་ཆུང་གྲས་དང་ལྟེ་བའི་གྲོང་ཚོ་༣༡༠༠དང་འབྲེལ་བ་ཡོད་པ་རེད།
འབྲེལ་ཡོད་རྩོམ་ཡིག