འདི་ནི་བོད་རིགས་མང་ཚོགས་ཀྱིས་དུང་ཕྲུག་རྩྭ་ཐང་ཐོག་མི་ཁྲི་ཡི་སྒོར་གཞས་འཁྲབ་པའི་གནས་ཚུལ་ཡིན་པ།
ཟླ་7ཚེས་17ཉིན་སྐབས་བཅུ་བདུན་པའི“ཀྲུང་གོའི·རྣམ་པར་བཀྲ་བའི་ཀན་ལྷོ‘ཤམ་བྷ་ལ’ཡུལ་སྐོར་སྒྱུ་རྩལ་དུས་ཆེན”ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་དུང་ཕྲུག་རྩྭ་ཐང་ཐོག་གཏོང་འགོ་ཚུགས་ཤིང་། ད་རེས་ཀྱི“ཤམ་བྷ་ལ”ཡུལ་སྐོར་སྒྱུ་རྩལ་དུས་ཆེན་ཟླ་བདུན་པའི་ཟླ་མཇུག་བར་སྤེལ་རྒྱུ་ཡིན་པ་དང་། དེའི་རིང“ཤམ་བྷ་ལ”གོ་ལ་ཧྲིལ་པོའི་པར་རྒྱག་མཛད་སྒོ་ཆེ་མོ་དང་། འཛམ་གླིང་ཡུལ་སྐོར་གཟུགས་བརྙན་ཕོ་ཉའི་ཀྲུང་གོའི་གྲངས་ཉུང་མི་རིགས་འགྲན་ཁུལ་གྱི་འགྲན་བསྡུར། མི་རིགས་གྱོན་ཆས་འགྲེམས་འཁྲབ། མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས། མི་སྟོང་གི་རྟ་གྲལ་སྐོར་སྐྱོད། རྩྭ་ཐང་ཐོག་གི་མེ་ཕུང་མཉམ་སྤྲོ་ཆེ་མོ་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད།
ཀན་ལྷོ་བོད་རིགས་ས་ཁུལ་གྱི་དམངས་སྲོལ་དུས་ཆེན་གལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པའི“ཤམ་བྷ་ལ”ཡུལ་སྐོར་སྒྱུ་རྩལ་དུས་ཆེན་དེ་མི་རིགས་རིག་གནས་འགྲེམས་སྟོན་བྱེད་པ་དང་། མི་རིགས་རིག་གནས་དར་སྤེལ་གཏོང་བ། བོད་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཤེས་རྟོགས་དང་ཉམས་ལེན་བྱེད་པ་བཅས་ཀྱི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།