ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

མཚོ་སྔོན་གཅན་ཚ་སྐྱེ་ཁམས་སྐྱེ་ལྡན་བོད་ཇ་འདེབས་འཛུགས་ཞིབ་འཇུག་གསར་སྤེལ་རྟེན་གཞི།

2020-01-20 སངས་སྦ།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། མཚོ་སྔོན་གཅན་ཚ་སྐྱེ་ཁམས་སྐྱེ་ལྡན་འདེབས་འཛུགས་ཞིབ་འཇུག་གསར་སྤེལ་རྟེན་གཞི་ནི། གཅན་ཚའི་ན་གཞོན་ལས་རིགས་གསར་གཏོད་པའི་ལས་གཞི་ཞིག་ཡིན་ལ། གཅན་ཚ་རྫོང་མི་དམངས་སྲིད་གཞུང་གིས་ཞིང་གསུམ་ལས་གཞི་དར་སྤེལ་དང་ལྷག་པར་རྒྱལ་ཁབ་ཀྱི ༼  ཞིང་སྡེ་འཕེལ་རྒྱས་ ༽ ཀྱི་འཐབ་ཇུས་སྲིད་ཇུས་དང་འབྲེལ་ནས། སྔ་གཞུག་ཏུ་རྫོང་དེའི་སྣང་ར་ཞང་བདེ་སྐྱིད་གྲོང་ཚོ་དང་མར་ཁུ་ཐང་གྲོང་རྡལ་ཡུལ་བོ་ཆེ་སྡེ་བ་གཉིས་སུ་འདེབས་འཛུགས་ཞིབ་འཇུག་གསར་སྤེལ་རྟེན་གཞི་གསུམ་བཙུགས་ཤིང་། 2019ལོར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས“མཚོ་སྔོན་གྱི་ཁེ་ལས་ཕྱིར་འགྲོ་བ་དང་ཕྱིའི་ཁེ་ལས་ནང་དུ་འདྲེན་པའི་”དགོངས་དོན་ལག་ལེན་ངང་ཇ་རྟའི་གནའ་ལམ་གྱི་འབྱུང་ཁུངས་སི་ཁྲོན་ཞིང་ཆེན་གཡག་རྔ་ས་ཆར་རྟེན་གཞི་གསར་བ་ཞིག་བཙུགས། དེས་ས་ཁུལ་གཉིས་བར་གྱི་རིག་གནས་ལག་རྩལ་སློབ་སྦྱོང་དང་དཔལ་འབྱོར་མཉལ་ལས། མི་རིགས་མཐུན་སྒྲིལ་སྲ་བརྟན་བཅས་ཀྱི་ཕྱོགས་སུ་འབྲས་བུ་མི་དམན་པ་ལངས།
        རྟེན་གཞི་འདི་ནི་ཇ་ཤིང་རྭ་བའི་ཡུལ་སྐོར་ལྗོངས་རྒྱུ་ལྟ་སྐོར་དང་རོལ་མྱོང་གཞི་གཅིག་ཏུ་འདྲེས་པའི་ཁྱད་ལྡན་ཐོན་ལས་ཞིག་ཡིན་པས། མདོ་དབུས་མཐོ་སྒང་སྟེང་ཇ་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ཡུལ་སྐོར་ཐོན་ལས་གཅིག་པུ་རང་ཡིན། ཐོན་ལས་འདིས་གཅན་ཚའི་དབུལ་ཕུང་ཁྱིམ་མི་མང་བོའི་ལས་ཞུགས་དང་ཡོང་འགོ་འཕར་སྣོན། ལག་རྩལ་ཁྱབ་སྤེལ་བཅས་སུ་བྱས་རྗེས་མི་དམན་པ་བཞག་ཡོད་ལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྨ་ཆུ་འབབ་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ལེགས་འཕེལ་རྒྱས་ཀྱི་དགོངས་དོན་གཞིར་བཟུང་དེ་རྨ་ཆུ་ཁུགས་པའི་བོད་ཇའི་གྲོང་ཚོ་ཐོག་མ་རུ་“པཎ་ཆེན་གསོལ་ཇ”དང་“མདའ་སྟོན་གསོལ་ཇས”མཚོན་པའི་བོད་ཇའི་ཚོང་རྫས་གསར་བ་མང་པོ་གསར་དུ་བསྐྲུན་ཏེ།“རྒྱུད་གཅིག་ལམ་གཅིག”གི་འབྲེལ་ལམ་བརྒྱུད་ནས་བོད་ཇའི་ལོ་རྒྱུས་སྟེང་གི་ཟིན་ཐོ་གསར་བ་བསྐྲུན་ཡོད།
འབྲེལ་ཡོད་རྩོམ་ཡིག