དབྱིན་ཇིའི་ཉིན་རེའི་ཚགས་ཞེས་པར་ཕྱི་ཟླ ༧ པའི་ཚེས ༡༦ ཉིན་བཀོད་པ་ལྟར་ན། རྒྱ་གར་བྱང་ཤར་རྒྱུད་ཀྱི་ཨ་རུའུ་ན་ཆ(Arunachal Pradesh)མཉམ་འབྲེལ་མངའ་སྡེ་རུ་ཨ་ཕ་ཐྲན་ནི(Apatani)ཟེར་བའི་ཚོ་བ་ཞིག་ཡོད་པ་དང་། ཚོ་བ་འདིའི་བུད་མེད་རྒན་པ་ཚོའི་སྣ་ཁུང་དུ་མདོག་ནག་པོའི་སྣ་གཟེར་འདུག འདི་ནི་ཁོ་མོ་ཚོའི་ཟླ་མཚན་ཐོག་མ་བབ་རྗེས་ཀྱི་དར་མའི་རྟགས་མཚན་ཡིན་ལ། སྲོལ་རྒྱུན་འདི་དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུ་པར་ད་གཟོད་མེད་པར་བྱས་སྐད།
པར་ཚོམ་འདི་ནི་བརྙན་ལེན་མཁནCezary Wyszynskiལས་བྱུང་བ་ཡིན་ལ། ཁོས་ཚོ་བ་འདིའི་བུད་མེད་ཚོའི་ཉིན་རྒྱུན་འཚོ་བ་པར་དུ་བླངས་འདུག ཚོ་བ་འདི་ནི་ཙི་རོ་བྲག་རོང(ziro valley)ཁྲོད་ཀྱི་རི་སྡེ་ཆུང་ཆུང་ཞིག་དང་ཚོ་བའི་མི་རྣམས་དངོས་པོ་ཚང་མར་རྣམ་ཤེས་མཆིས་པར་རློམ་ཞིང་ཉི་ཟླ་ལ་གུས་པ་བླ་མེད་བྱེད།
ཚོ་བ་འདིའི་བུད་མེད་ཚོའི་གདོང་དུ་སྣ་གཟེར་ལས་གཞན་རི་མོ་ཡང་གཙགས་འདུག སྣའི་གཡས་གཡོན་དུ་སྣ་གཟེར་བརྡབས་པ་དང་དཔྲལ་དཀྱིལ་ཐུར་དུ་རི་མོ་སྔོ་ཤུར་ཅན་གཙགས། བརྡབ་གསིག་ཆེ་བའི་སྲོལ་རྒྱུན་འདི ༡༩༧༠ ལོར་ད་གཟོད་མེད་པར་བྱས་པ་རེད།
སྲོལ་རྒྱུན་འདི་བྱུང་བར་ལོ་རྒྱུས་ཀྱི་ཁུངས་སྣེ་འདེད་རྒྱུ་འདུག་སྟེ། ཉེ་འཁོར་གྱི་ཚོ་བ་རྣམས་ཚོ་ཁག་འདིའི་བུད་མེད་ལ་འགྲམ་ཆུ་འཆོར་བཞིན་ཡོད་པས། འཐབ་འཛིང་ཁྲོད་ཨ་ཕ་ཐྲན་ན་ཕམ་པ་ན་བུད་མེད་འདི་ཚོ་འཐབ་ནོར་ལྟ་བུར་འཕྲོག་འགྲོ་བས། མཚམས་ཤིག་ལ་ཚོ་དཔོན་རྐྱེན་པོ་ཞིག་གིས་ཚོ་བའི་བུད་མེད་ཁ་སྟབས་ཅན་གྱིས་ངེས་པར་དུ་སྣའི་གཡས་གཡོན་གཉིས་སྣ་གཟེར་རྒྱག་དགོས་པའི་སྲོལ་བཙུགས།
ཤིང་གཟེར་རྡེབ་པའི་ཐོག་མའི་དམིགས་ཡུལ་ནི་ཚོ་བ་གཞན་ཞེན་ཆགས་བྲལ་བ་བྱེད་སྤྱད་དུ་ཡིན། ཚོ་བ་འདིར་བཞུགས་པའི་བུད་མེད་རྒན་པ་དག་ལས་ལོ་རྒྱུས་སུ་ཚོ་བ་འདི་དཀའ་སྡུག་གི་གནས་བབ་གང་ལ་འཕྲད་པ་རྟོགས་འོང་།
མཉམ་པར་ཁྲོད་ཀྱི་ན་གཞོན་མ་དག་གིས་སྡུག་བསྔལ་འདི་མྱོང་མ་དགོས་མོད། རྒན་མོ་འདི་དག་གིས་ཚེ་མཇུག་འང་གདོང་རིས་དང་སྣ་གཟེར་བཏགས་ནས་བསྐྱལ་དགོས།
ཚོ་བ་འདིའི་གཞན་དུ་མེད་པའི་སྲོལ་རྒྱུན་འདིས་ལྗོངས་རྒྱུ་བ་མང་པོའི་ཡིད་ཀྱི་དང་བ་དྲངས།
པར་ཁྲོད་ནས་གདོང་རིས་སྔོ་ཤུར་དཔྲལ་བ་ནས་མ་ནེའི་བར་གནས་པ་མཐོང་ཐུབ། འདས་པའི་ལོ་ཟླའི་ཁྲོད་བུད་མེད་ཀྱི་ཟླ་མཚན་ཐོག་མ་བབ་རྗེས་ཆོ་ག་འདི་ངེས་པར་བརྒྱུད་དགོས།
ཚོ་བ་འདིས་ལོ་ཏོག་གཙོས་སུ་བཟུང་བས་བུད་མེད་མང་ཤོས་རླན་བཤེར་གྱི་ས་ཞིང་དུ་ལས་སུ་ཞུགས་དགོས། ཉིན་རྒྱུན་གྱི་ཚོ་བ་འབྲས་དང་ཉ་རིགས་ཀྱིས་སྐྱེལ་བཞིན་མཆིས། དངོས་པོ་དེ་དག་གིས་ཚོང་གཉེར་བ་ཡང་བཤད་ཅི་དགོས།
ཚོ་བ་འདིས་ལོ་ཏོག་གཙོས་སུ་བཟུང་བས་བུད་མེད་མང་ཤོས་རླན་བཤེར་གྱི་ས་ཞིང་དུ་ལས་སུ་ཞུགས་དགོས། ཉིན་རྒྱུན་གྱི་ཚོ་བ་འབྲས་དང་ཉ་རིགས་ཀྱིས་སྐྱེལ་བཞིན་མཆིས། དངོས་པོ་དེ་དག་གིས་ཚོང་གཉེར་བ་ཡང་བཤད་ཅི་དགོས།