ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

འཛམ་གླིང་ས་གནས་ཁག་གིས་“རྒྱལ་སྤྱིའི་ཡོ་གའི་ཉིན་མོར་”རྟེན་འབྲེལ་ཞུས་པ།

2016-06-23

        ཟླ་6ཚེས་21ཉིན་ཨ་རིའི་ཉིའུ་གཡོད་གྲོང་ཁྱེར་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་རུ་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་དཔོན་དང་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་སྒྲུབ་པ་ཚོས་ཡོ་ག་གཤར་སྦྱང་བྱས་ཏེ་“རྒྱལ་སྤྱིའི་ཡོ་གའི་ཉིན་མོར་”རྟེན་འབྲེལ་ཞུས་པ་རེད།2014ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་རེའི་ཟླ་6ཚེས་21ཉིན་ནི་རྒྱལ་སྤྱིའི་ཡོ་གའི་ཉིན་མོར་གཏན་ཁེལ་བྱས་པ་རེད།

        ཟླ་6ཚེས་21ཉིན་རྒྱ་གར་གྱི་སྐབས་གཉིས་པའི་རྒྱལ་སྤྱིའི་ཡོ་གའི་ཉིན་མོའི་བརྗོད་བྱ་གཙོ་བོའི་བྱེད་སྒོ་དེ་རྒྱ་གར་བྱང་རྒྱུད་ཀྱི་གྲོང་ཁྱེར་ཁྲང་ཏི་ཅར་དུ་སྤེལ་ཞིང་རྒྱ་གར་གྱི་ཙུང་ལི་མོ་ཏི་དང་བཅས་པའི་མི་ཁྲི་འགས་སྐྱ་རེངས་ཡོ་ག་གཤར་སྦྱང་བྱེད་བཞིན་ཡོད་པ།

        ཟླ་6ཚེས་21ཉིན་མ་ལེ་ཞི་ཡ་རྒྱལ་ཁབ་ཀྱི་རྒྱལ་ས་ཁྭ་ལ་ལུམ་ཕུར་གྲོང་ཁྱེར་དུ་ཡོ་གར་དགའ་པོ་བྱེད་མཁན་ཚོས་མཉམ་འཛོམས་ཀྱིས་ཡོ་ག་གཤར་སྦྱང་བྱེད་བཞིན་པ། ཉིན་དེར་མ་ལེ་ཞི་ཡའི་དམངས་ཚོགས་བརྒྱ་ལྷག་ཁྭ་ལ་ལུམ་ཕུར་གྲོང་ཁྱེར་གྱི་རང་བཙན་ཐང་ཆེན་དུ་འདུ་ཚོགས་བྱས་ནས་ཡོ་ག་གཤར་སྦྱང་བྱས་ཏེ་རྒྱལ་སྤྱིའི་ཡོ་གའི་ཉིན་མོར་རྟེན་འབྲེལ་ཞུས་པ་རེད།

        ཟླ་6ཚེས་21ཉིན་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་ཞི་ཉི་གྲོང་ཁྱེར་དུ་མི་རྣམས་ཀྱིས་མཚོ་ཁའི་ཟམ་ཆེན་སྟེང་དུ་ཡོ་ག་འཁྲབ་སྟོན་བྱས་ཏེ་རྒྱལ་སྤྱིའི་ཡོ་གའི་ཉིན་མོར་རྟེན་འབྲེལ་ཞུས་པ་རེད།

        ཟླ་6ཚེས་21ཉིན་ཡོ་གར་དགའ་པོ་བྱེད་མཁན་ཚོས་ཧྲན་ཞི་ཞིང་ཆེན་ལིན་ཧྥེང་གྲོང་ཁྱེར་ཧོང་ཐུང་རྫོང་གི་ནགས་ཚལ་སྤྱི་གླིང་ནང་དུ་ཡོ་ག་གཤར་སྦྱང་བྱས་ནས་རྒྱལ་སྤྱིའི་ཡོ་གའི་ཉིན་མོར་རྟེན་འབྲེལ་ཞུས་པ་རེད།

འབྲེལ་ཡོད་རྩོམ་ཡིག