《འོད་ཀྱི་ལམ་བུ》དངོས་ཞུས་བརྙན་ཐུང་།
2014-12-15
wwwwwwwwwwwwwwww_副本_副本.jpg
ངོ་སྤྲོད།
  《འོད་ཀྱི་ལམ་བུ》ཞེས་པའི་དངོས་ཞུས་བརྙན་ཐུང་འདིར་ཕ་ཡུལ་ཨ་མདོའི་ཀླུ་ཆུ་ནས་ཡིན་པའི་མགོན་པོ་བཀྲ་ཤིས་ཀྱིས་དགུང་ལོ་གྱ་ལྔ་ཅན་གྱི་མ་ཡུམ་ཤིང་རྟར་དྲུད་དེ་སྤྱི་ལེ་ཉིས་སྟོང་ལྷག་གི་དབུས་ལམ་བརྒལ་བའི་གཏམ་རྒྱུད་བརྗོད་ཡོད་ཅིང་། དངོས་ཞུས་བརྙན་ཐུང་འདི་མེ་ཆ་གློག་བརྙན་སྒྱུར་སྐྲུན་ལྟེ་གནས་དང་ཐོན་མི་ལོ་ཙཱ་ལས་ཤག་གིས་ཕབ་སྐྲུན་བྱས།
  ད་ལོའི་ཟླ་དྲུག་པའི་ཟླ་མཇུག་གི་ཉིན་མོ་ཞིག་ལ། མགོན་པོ་བཀྲ་ཤིས་བདེ་བླག་ངང་ལྷ་སར་འབྱོར། ཁོ་ཚོས་གཏམ་འདི་ཐོས་འཕྲལ་ཁོ་མ་བུ་གཉིས་ལ་མཚམས་འདྲིར་ཕྱིན་པ་མ་ཟད། ཁོ་ཚོའི་བཅར་འདྲི་ཡང་དང་དུ་བླངས་ཏེ་མ་བུ་གཉིས་ཀྱི་དབུས་ལམ་གྱི་གཏམ་རྒྱུད་ལ་རོལ་བའི་གོ་སྐབས་བྱུང་།
རེབ་གོང་གོ་རེ།

《རེབ་གོང་གོ་རེ》ཡི་དམ་ཚེ་རིང་གིས་ཕབ་པའི་དངོས་ཞུས་བརྙན་ཐུང་།

2014-12-03