ཀྲུང་གོའི་བོད་ལྗོངས་དྲ་བ།>དཔེ་ཀློག

བོད་ཀྱི་བུད་མེད་སྙན་ངག་པ་ཆུང་སྐྱིད་ཀྱི་སྙན་ངག་གཅེས་བསྡུས《ལྷ་སའི་ལྷ་མོ》ཞེས་པ་པར་འགྲེམས་བྱས་པ།

2016-02-29 བསྟན་འཛིན་ཉི་མ།
བོད་ཀྱི་བུད་མེད་རྩོམ་པ་པོ་ཆུང་སྐྱིད།
        རྩོམ་པ་པོ་དཔེ་སྐྲུན་ཁང་ནས་པར་འགྲེམས་བྱས་པའི་བོད་ཀྱི་བུད་མེད་རྩོམ་པ་པོ་ཆུང་སྐྱིད་ཀྱི་སྙན་ངག་གཅེས་བསྡུས《ལྷ་སའི་ལྷ་མོ》ཞེས་པ་རྒྱལ་ཡོངས་སུ་གཅིག་གྱུར་འགྲེམས་སྤེལ་བྱས་ནས་དཔེ་ཚོང་ཁང་ཁག་ནང་བྲིན་ཚོང་བྱེད་ཀྱི་ཡོད། སྙན་ངག་གཅེས་བསྡུས་《ལྷ་སའི་ལྷ་མོ》ཞེས་པའི་ནང་སྙན་ངག་པ་ཆུང་སྐྱིད་ཀྱིས་ཉེ་དུས་གསར་རྩོམ་གནང་བའི་སྙན་ངག་166ལྷག་ཙམ་བཀོད་ཡོད་པ་དང་། བརྩེ་དུངས་དང་མཛའ་གྲོགས། སྤུན་བརྩེ། ཡུལ་དུངས། དེ་བཞིན་དད་སེམས། དངོས་ཡོད། མ་འོངས་སོགས་ཀྱི་ཐད་ནས་དེང་རབས་བོད་རིགས་ཀྱི་ཕུགས་བསམ་དང་ཚེ་སྲོག་གི་གནས་སྟངས་མཚོན་པར་བྱས་ཡོད་ལ། རྩོམ་པ་པོས་བོད་ཡུལ་ལ་བཅངས་པའི་བརྩེ་སེམས་དེ་སྤྱི་ཡོངས་དང་ཟབ་ཚད་ཅིག་གི་ཐོག་ནས་མངོན་གང་ཐུབ་བྱས་ཡོད། བརྩམས་ཆོས་དེ་དག་ནི་རྒྱ་ཡིག་གི་ཐོག་ནས་བརྩམས་པ་ཞིག་ཡིན་པ་དང་ཚིག་སྦྱོར་རྣ་བར་སྙན་ལ་ཡིད་དབང་འཕྲོག་ཅིང་། བརྗོད་བྱའི་ནང་དོན་ཟབ་པ། རྩོམ་པ་པོས་བསམ་གཞིག་གཏིང་ཟབ་བྱས་ནས་བོད་རིགས་ཀྱི་ནང་བསམ་པའི་རྒྱུ་བ་མཚོན་པར་བྱས་ཡོད་པ་མ་ཟད། དྭངས་གཙང་ལྷད་མེད་དང་མཛེས་ཆོས་ལ་སྙེགས་པའི་སྙན་ངག་གི་ཉམས་འགྱུར་ཐོག་ནས་མི་རིགས་ཀྱི་ཁྱད་ཆོས་དང་སྲོལ་རྒྱུན། དེང་རབས་སྙན་ངག་བཅས་ཆུ་དང་འོ་མ་བཞིན་འདྲེས་པར་བྱས་ནས། ཐུན་མིན་ཁྱད་ཆོས་ལྡན་པའི་སྙན་ངག་གི་ཉམས་འགྱུར་དང་དེའི་བརྗོད་དོན་མཚོན་པར་བྱས་ཁར། ད་དུང་བུད་མེད་ཀྱི་སེམས་ཁམས་ཞིབ་མོ་དང་མཉེན་འཇམ་གྱི་རང་གཤིས། མི་རིགས་ཀྱི་ཁྱད་ཆོས་ཟབ་མོ། དེ་བཞིན་རང་དབང་ལྡན་པའི་སོར་མོའི་འཁྱུག་རྩལ་བཅས་ལ་བརྟེན་ནས། བརྩེ་དུངས་དང་ཚེ་སྲོག་ལ་འོད་སྣང་གི་སྒྲོན་མེ་སྤར་བར་བྱས་པ་མ་ཟད། ཀློག་པ་པོར་སྙན་ངག་བརྒྱུད་ནས་བོད་ཡུལ་གྱི་མཛེས་སྡུག་ལ་ཡིད་སེམས་ཕྱོགས་པའི་གཞི་མ་ཞིག་བསྐྲུན་པར་བྱས་ཡོད།
 
བོད་ཀྱི་བུད་མེད་རྩོམ་པ་པོ་ཆུང་སྐྱིད་ཀྱི་སྙན་ངག་གཅེས་བསྡུས《ལྷ་སའི་ལྷ་མོ》
འབྲེལ་ཡོད་རྩོམ་ཡིག