ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

སློབ་གྲྭའི་སློབ་གསོའི་ཁྲོད། རྩ་ཁྲིམས་སློབ་གསོ་སྔར་བས་འགངས་ཆེ་སར་འཇོག་དགོས་ཟེར།

2014-12-08

  འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ ༡༢ ཚེས ༤ ཉིན་གློག་འཕྲིན་འབྱོར་གསལ། ཟླ ༡༢ ཚེས ༤ ཉིན་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་དང་པོ་ཡིན་ཞིང་། དེ་ཉིན་སྔ་དྲོ“རྒྱལ་ཁབ་རྩ་ཁྲིམས་ཉིན་མོའི་སློབ་གྲྭའི་བརྗོད་བྱ་གཙོ་བོའི་བྱེད་སྒོ”པེ་ཅིང་ཅིང་ཧྲན་སློབ་གྲྭར་གཉེར་བ་དང་། རྒྱལ་ཁབ་སློབ་གསོ་པུའི་པུའུ་ཀྲང་ཡོན་ཀུའེ་རེན་བྱེད་སྒོར་ཞུགས་པ་དང་འབྲེལ་སྔར་ལས་ལྷག་པའི་ངང་སློབ་གྲྭའི་སློབ་གསོའི་ཁྲོད་ཀྱི་རྩ་ཁྲིམས་སློབ་གསོའི་གལ་ཆེའི་གནས་བབ་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་ཞེས་བརྗོད་པ་རེད། ཡོན་ཀུའེ་རེན་གྱིས་ཁྲིམས་སྐྱོང་སློབ་གསོའི་རྩ་འཛིན་ཞིབ་འཇུག་བྱས་ནས་བཟོ་བ་དང་།སློབ་གྲྭ་འབྲིང་ཆུང་ཁག་ཏུ་ཁྲིམས་སྐྱོང་ཤེས་བྱའི་སློབ་ཚན་བཀོད་སྒྲིག་ཇུས་གཞི་བཟོ་བ། རྩ་ཁྲིམས་ཀྱི་ནང་དོན་སློབ་རིམ་འཕར་བའི་ཡིག་རྒྱུགས་ནང་འཇུག་རྒྱུའི་བྱ་ཐབས་ལ་ཞིབ་འཇུག་བཅས་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
  ཡོན་ཀུའེ་རེན་གྱིས་དེ་རིང་རྒྱལ་ཡོངས་སློབ་གྲྭ་འབྲིང་ཆུང་ཁག་ཏུ་རྩ་ཁྲིམས་དྲིལ་བསྒྲགས་ཀྱི་སློབ་གྲྭའི་རིག་གནས་བྱེད་སྒོ་ཡོངས་ཁྱབ་ཏུ་སྤེལ་བ་དང་དམིགས་བསལ་གྱི་རྒྱལ་དར་སྒྲེང་བའི་བྱེད་སྒོ་སྤེལ་བ་མ་ཟད། རྩ་ཁྲིམས་སློབ་གསོའི་སློབ་ཚན་འཁྲིད་པ་རེད། བྱེད་སྒོ་དེ་འདྲ་སླད་ཕྱིན་ལོ་ལྟར་རྒྱལ་ཁབ་རྩ་ཁྲིམས་ཉིན་མོར་སྤེལ་ནས་ལམ་ལུགས་ཆགས་པ་དང་། སྲོལ་རྒྱུན་ཆགས་པ། རིག་གནས་སུ་འགྱུར་བ་བཅས་བྱེད་དགོས་ཞེས་བརྗོད་པ་རེད།
  ཁོང་གིས་རིམ་ཁག་སློབ་གསོའི་སྡེ་ཚན་དང་སློབ་གྲྭ་ཁག་གིས་གཞོན་ནུ་ལོ་ཆུང་གི་ཁྱད་ཆོས་དང་མཐུན་པའི་རྩ་ཁྲིམས་སློབ་གསོའི་ནང་དོན་དང་སློབ་ཁྲིད་བྱ་ཐབས་འཚོལ་ཞིབ་ཧུར་ཐག་གིས་ཁྲིམས་འཛུགས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་ཁྲིམས་འཛིན་ལས་ཁུངས་དང་ཕྱོཌ་ཁག་གི་སྟོབས་ཤུཌ་སློབ་གྲྭའི་དྲིལ་བསྒྲཌ་སློབ་གསོའི་ནང་ཞུགས་ཐུབ་པ་བྱས་ཏེ་གསར་གཏོད་ལྡན་པའི་ཁྲིམས་སྐྱོང་སློབ་གསོའི་ཐོན་ཁུངས་གསར་སྤེལ་བྱེད་དགོས་ཞེས་བརྗོད་པ་རེད།
  ཡོན་ཀུའི་རེན་གྱིས་རིམ་ཁག་སློབ་གསོའི་སྡེ་ཚན་དང་སློབ་གྲྭ་ཁག་གིས་བསླབ་གཞི་རྩོམ་འབྲི་དང་། སློབ་ཚན་བཀོད་སྒྲིག སློབ་ཁྲིད་གདེང་འཇོག དགེ་རྒན་དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་ཐད་དུས་ཚོད་དམ་འཛིན་གྱིས་རྩ་ཁྲིམས་དང་ཁྲིམས་སྐྱོང་སློབ་གསོའི་འགན་ལེན་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་སྔར་ལས་ལྷག་པའི་ངང་སློབ་གྲྭའི་སློབ་གསོའི་ཁྲོད་ཀྱི་རྩ་ཁྲིམས་སློབ་གསོའི་གལ་ཆེའི་གནས་བབ་མངོན་གསལ་དོད་དུ་བཏང་ནས་རྒྱལ་ཁབ་རྩ་ཁྲིམས་མཚོན་རྟགས་སུ་བྱས་པའི་སློབ་གྲྭའི་རྩ་ཁྲིམས་སློབ་གསོའི་ལམ་ལུགས་ཤིག་ཆགས་པ་བྱེད་དགོས་ཞེས་བརྗོད་པ་རེད།(རྩོམ་འགན་པ། ལྷ་དབང)
འབྲེལ་ཡོད་རྩོམ་ཡིག