ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས།

2018-03-22 མཁའ་མཚོ་སྐྱིད།
          ཟླ3པའི་ཚེས21ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མཛད་སྒོར་འགོ་འཛིན་མཛད་པར་མ་ཟད་དམ་བཅའ་འཇོག་པར་ལྟ་སྐུལ་གནང་། 
          ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མཛད་སྒོར་འགོ་འཛིན་མཛད་པར་མ་ཟད་དམ་བཅའ་འཇོག་པར་ལྟ་སྐུལ་གནང་།
          སྔ་དྲོའི་དུས་ཚོད་བཅུ་གཅིག་ཡས་མས་སུ། ལིས་ཀྲན་ཧྲུའུ་ཡིས་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་མཛད་སྒོ་འགོ་ཚུགས་པ་ཁྱབ་སྒྲོག་མཛད། ཚང་མ་ཡར་ལངས་ཏེ་མཉམ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས། དམ་བཅའ་འཇོག་པའི་སྣེ་ཁྲིད་མཁན། གསར་དུ་བསྐོས་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཞིན་ཁྲུན་དབྱིན་གྱིས་ལག་པ་རྩ་ཁྲིམས་སྟེང་དུ་བཞག་སྟེ་དམ་ཚིག་སྒྲོག་འདོན་བྱས། གསར་དུ་བསྐོས་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཧན་ཞོ་བུའུ་དང་ཀའོ་ལོས། ཀུའུ་ཞོ་ཡུས། ཀའོ་ཀྲིན་ཧྭ། ཁི་ལིང་ཏུང་། ཧི་ཞིན། སྔོན་རྩིས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྲི་ཡོ་པིན། ཞང་ཀང་གཞི་རྩའི་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲུའུ་རིན། ཨོ་མིན་གཞི་རྩའི་བཅའ་ཁྲིམས་ཨུ་ཡོན་ལཧན་ཁང་གི་ཀྲུའུ་རིན་ཧྲིན་ཁྲུན་ཡོ་བཅས་ཀྱིས་རྗེས་འབྲངས་ཏེ་དམ་ཚིག་སྒྲོག་འདོན་བྱས།
          རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ལས་ཁུངས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་དམ་བཅའ་འཇོག་པའི་བྱ་འགུལ་ཁྲོད་ཞུགས།
འབྲེལ་ཡོད་རྩོམ་ཡིག