ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

སྐབས་གསར་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩ་ཁྲིམས་ཀྱི་མདུན་ནས་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས།

2018-04-17 སངས་སྐྱབས་ཀྱིས་བསྒྲིགས།
           ཟླ་བཞི་བའི་ཚེས་བཅུ་དྲུག་ཉིན། སྐབས་གསར་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིན་ཀྲུང་ནན་ཧེ་ནས་རྩ་ཁྲིམས་ཀྱི་མདུན་ནས་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་དམ་བཅའ་འཇོག་པར་ལྟ་སྐུལ་མཛད།
           ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4བའི་ཚེས16ཉིན། སྐབས་གསར་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིན་ཀྲུང་ནན་ཧེ་ནས་རྩ་ཁྲིམས་ཀྱི་མདུན་ནས་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་དམ་བཅའ་འཇོག་པར་ལྟ་སྐུལ་མཛད།
           གསར་དུ་བཟོ་བཅོས་བྱས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་ལས་ཁུངས་སོ་སོས་བསྐོ་འཇོག་བྱས་པའི་རྒྱལ་ཁབ་ལས་བྱེད་མི་སྣས་རྩ་ཁྲིམས་ཀྱི་མདུན་ནས་དམ་བཅའ་འཇོག་པའི་རྩ་འཛུགས་བྱེད་ཐབས་གཞིར་བཟུང་སྟེ། 2017ལོའི་ཟླ་དྲུག་པ་ནས2018ལོའི་ཟླ་གསུམ་པའི་བར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྐོ་འཇོག་བྱས་པའི་ལས་ཁུངས་ཞེ་གཉིས་ཀྱི་འགན་ཁུར་མི་སྣ་གོ་གཉིས་ཀྱིས་ཁྲིམས་ལྟར་རྩ་ཁྲིམས་ཀྱི་མདུན་ནས་དམ་བཅའ་འཇོག་དགོས།
           སྔ་དྲོའི་དུས་ཚོད་བཅུ་གཅིག་ཡས་མས་སུ། རྒྱལ་སྲིད་ཨུ་ཡོན་ཞོར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་ཁུར་མཁན་ཞའོ་ཅེ་ཡིས་རྩ་ཁྲིམས་ཀྱི་མདུན་ནས་དམ་བཅའ་འཇོག་པའི་མཛད་སྒོ་འགོ་ཚུགས་པ་ཁྱབ་སྒྲོག་བྱས་པ་ན། མི་ཡོངས་རྫོགས་ཡར་ལངས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས། དེའི་རྗེས་སུ་དམ་བཅའ་འཇོག་པའི་སྣེ་ཁྲིད་མཁན་གྱིས་དམ་ཚིག་སྒྲོག་འདོན་བྱས་པ་དང་། དམ་བཅའ་འཇོག་མཁན་གཞན་པས་དེའི་རྗེས་འབྲངས་ཏེ་དམ་ཚིག་སྒྲོག་འདོན་བྱས།
           དམ་བཅའ་འཇོག་པའི་མཛད་སྒོ་གྲོལ་རྗེས། ལིས་ཁི་ཆང་གིས་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། རྩ་ཁྲིམས་ལ་བློ་དཀར་བ་དང་། རྩ་ཁྲིམས་ལྟར་སྲིད་སྐྱོང་བ། དམིགས་འབེན་ལག་བསྟར་བྱེད་པ། འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་བྱེད་པ། སྤྱོད་གཙང་རང་གཅུན་བཅས་བྱེད་དགོས་པར་མ་ཟད། འཕེལ་རྒྱས་སུ་གཏོང་བ་ནི་ལས་འགན་གཙོ་བོ་ཡིན་པ་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱེད་པ། སྤྱི་ཚོགས་ཁྱོན་ཡོངས་ནས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བ། དམངས་ཕན་ལས་དོན་གང་མང་སྐྲུན་པ། དམངས་ཚིས་ཀྱི་དཀའ་སྡུག་སེལ་བ་བཅས་བྱས་ནས། རྒྱལ་ཁབ་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་བ་སྐྲུན་པར་འབད་བརྩོན་བྱེད་དགོས་པའི་རེ་བ་བཏོན།
           རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་དང་སུན་ཁྲུན་ལན། ཧུའུ་ཁྲུན་ཧྭ། ལིག་ཧི། རྒྱལ་སྲིད་ཨུ་ཡོན་ཝེ་ཧྥིན་ཧི་དང་ཝང་ཡུང་། ཀྲའོ་ཁི་ཀྲི། འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་བཅས་དམ་བཅའ་འཇོག་པའི་མཛད་སྒོར་ཞུགས། 
འབྲེལ་ཡོད་རྩོམ་ཡིག