ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ལྷ་ས་གྲོང་ཁྱེར་གྱིས་འགྲིམ་འགྲུལ་“ +”མཉམ་འདྲེས་འཕེལ་རྒྱས་ཀྱི་དུས་རབས་གསར་པ་བསུས།

2018-07-19 བྱམས་པས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།   2016ལོ་ནས་བཟུང་།   ཅང་སུའུ་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་སྔ་རྗེས་སུ་བོད་སྐྱོར་མ་དངུལ་སྒོར་ཁྲི་800ལྷག་ཙམ་ལག་བསྟར་བྱས་ཏེ།   ཡུལ་སྐོར་འགྲུལ་སྐྱེལ་དང་དུས་གཏོང་འགྲུལ་སྐྱེལ།   འགྲིམ་འགྲུལ་ཟོག་འགྲེམས་ཐོན་ལས་ཕྱོགས་སྒྱུར་འཕེལ་རྒྱས་ལ་ལྟ་ཁྲིད་བྱེད་པའི་ལྷ་སའི་འགྲིམ་འགྲུལ་ཡུལ་སྐོར་གཞི་གྲངས་ཆེན་པོའི་ལྟེ་གནས་དབུ་བརྙེས་པ་དང་།   “འབྲི་གཡག་ཕྱིར་སྐྱོད་”APPཤར་གཏོང་བྱས།   ཞབས་ཞུའི་སྤུས་རྟགས་དང་འགྲིམ་འགྲུལ་ལས་རིགས་ཀྱི་ཞབས་ཞུའི་སྤུས་ཚད་ཟམ་མི་ཆད་པར་བསྐྱེད་སྲིང་བྱས།   ཅང་སུའུ་འགྲིམ་འགྲུལ་གྱི་ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པའི་ཤེས་ལྡན་མི་སྣས་ཟོལ་མེད་བརྩེ་སེམས་དང་ཁ་ཞེ་གཉིས་མེད་ཀྱིས་ལྷ་སའི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་ཐད་ཐབས་ཇུས་དང་།   ཐེངས་དང་པོར་མ་ལག་ཚང་བའི་ལྷ་སའི་སྤྱི་པའི་འགྲིམ་འགྲུལ་རྒྱུན་མཐུད་འཕེལ་རྒྱས་དང་གྲོང་ཁྱེར་གྱི་འགྲིམ་འགྲུལ་འཚང་ཁ་ཆེ་བ་སེལ་བའི་ཐབས་ཇུས་བཏོན།   ལྷ་ས་གྲོང་ཁྱེར་གྱིས་ཐོག་མར་རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་གཱ་ཕན་ཚུན་སྦྲེལ་མཐུད་སོགས་རིམ་པ་མང་པོའི་འགྲིམ་འགྲུལ་“+”འཕེལ་རྒྱས་ཀྱི་ཐབས་ལམ་སྔོན་ལ་མངོན་དུ་འགྱུར་པར་སྐུལ་འདེད་བཏང་།   བོད་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཐད་“ལྷ་སའི་མྱུར་ཚད་”དང་“ལྷ་སའི་རྣམ་པ་”གསར་སྐྲུན་བྱས།
འགྲིམ་འགྲུལ་+སྒྲིག་སྲོལ་བསྒྱུར་བཅོས།
            བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་གཞུང་ལམ་སྐྱེལ་འདྲེན་སྒྲིག་སྲོལ་བསྒྱུར་བཅོས་བྱ་བའི་དགོས་མཁོ་ལྟར།   ཅང་སུའུ་འགྲིམ་འགྲུལ་མ་ལག་གིས་ཐོག་མར་སྐྱེལ་འདྲེན་དོ་དམ་ལས་བྱེད་པ་དང་ཤེས་ལྡན་མི་སྣ་བོད་ལྗོངས་སུ་ལས་ཀ་བྱེད་པར་བདམས་མངགས་བྱས།   ལོ་གཉིས་རིང་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་གྱི་གཞུང་ལམ་སྐྱེལ་འདྲེན་དོ་དམ་ཅུས་ཀྱི་རྫོང་རིམ་པ་གཞོན་པའི་གོ་གནས་སྤར་བ་དང་འགོ་ཁྲིད་ཚན་པ་བསྐོ་གཞག   ཚན་ཁག་བཅོས་སྒྲིག་ལས་དོན་ལེགས་འགྲུབ་དང་།   ལྷ་སའི་འགྲིམ་འགྲུལ་ཕྱོགས་བསྡུས་ཁྲིམས་འཛིན་ཡན་ལག་རུ་ཁག་ཀྱི་སྦྲེལ་མཐུད་ལས་དོན་ལེགས་གྲུབ་བྱུང་བས།   ལྷ་སའི་འགྲིམ་འགྲུལ་ཁྲིམས་འཛིན་དཔུང་ཁག་མེད་པའི་ལོ་རྒྱུས་མཇུག་རྫོགས་པ་རེད།
ཧུར་ཐག་གིས་ཆེད་དོན་བཅོས་སྒྲིག་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ་དང་།   འགོག་གཤོང་ཟུང་འབྲེལ་བྱེད་པར་དོ་སྣང་དང་རྩ་བ་ནས་བཅོས་སྐྱོང་བྱས་ཏེ།   2017ལོར་2016ལོ་ཧྲིལ་པོའི་ཁྲིམས་འགལ་སྐྱེལ་འདྲེན་ཐག་གཅོད་བྱས་པའི་གྲངས་འབོར་ཚད་ཀྱི་400%ལེགས་འགྲུབ་བྱུང་བས།   སྐྱེལ་འདྲེན་ཁྲོམ་ར་ཚད་ལྡན་དུ་གཏོང་བ་དང་།   སྐྱེལ་འདྲེན་བདེ་འཇགས་ལ་འགན་སྲུང་ཐུབ་པ་རེད།   གཞུང་རྒྱ་ལམ་སྐྱེལ་འདྲེན་ལས་རིགས་“གཤམ་སྤྲོད་དོ་དམ་ཞབས་ཞུ་གསུམ་”གྱི་བསྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་།   བཅའ་ཁྲིམས་དང་ཁྲིམས་སྲོལ།   ལས་འགན་བགོས་པ་ལ་གཞིགས་ནས།   ཁོངས་གཏོགས་ས་ཆ་དོ་དམ་བྱེད་པའི་རྩ་དོན་ལྟར།   སྐྱེལ་འདྲེན་དོ་དམ་ལས་ཀ་དང་ཁྲིམས་འཛིན་ལས་ཀ་དེ་རྫོང་(ཆུས་)གི་འགྲིམ་འགྲུལ་སྡེ་ཚན་ལ་གཤམ་སྤྲོད་བྱས།
འགྲིམ་འགྲུལ་ཉེན་རྟོག་པས་ཁྲིམས་ལུགས་ལག་བསྟར་བྱེད་བཞིན་པ།
འགྲིམ་འགྲུལ་+བདེ་འཇགས།
            ལྷ་སའི་དངོས་ཡོད་གནས་ཚུལ་གཞི་རྩར་བཟུང་ནས་“ལམ་ལུགས་བདེ་འཇགས་ལ་དོ་དམ་དང་གསོ་སྦྱོང་ལ་བརྟེན་ནས་བདེ་འཇགས་ལ་སྐུལ་འདེད།   ལྡོག་བཤེར་གྱིས་བདེ་འཇགས་འགན་ལེན་”བཅས་བདེ་འཇགས་གོམ་སྟབས་རིམ་པ་གསུམ་བཏོན་ནས་ལག་བསྟར་བྱས།   བདེ་འཇགས་ཐོན་སྐྱེད་བྱེད་པའི་“སྒོ་རྒྱག་དོ་དམ་གསུམ་”ལ་ཤུགས་སྣོན་བརྒྱབ་ནས།   བདེ་འཇགས་ཐོན་སྐྱེད་ལས་འཛོལ་གྲངས་དང་མི་སྣ་འཆི་རྨས་གྲངས་ཆེས་ཆེར་ཉུང་དུ་མངོན་འགྱུར་བྱུང་།   གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་ལས་འཛོལ་ཅུང་ཆེ་རིགས་གང་ཡང་ཐོན་མེད་པ་དང་།   དམིགས་ཚད་ནང་ལོག་གི་གྲོང་ཁྱེར་ལས་ཀྱང་སྔོན་ཐོན་ཡིན་པས།   འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་“དུས་བདེའི་འགྲིམ་འགྲུལ་ལོའི་”སྔོན་ཐོན་སྡེ་ཚན་དུ་བདམས།
ལག་རྩལ་དང་དོ་དམ་གཉིས་ཀ་དམ་འཛིན་བགྱིས་ནས་“འགྲུལ་འཁོར་གཉིས་དང་ཉེན་རྫས་འདྲུད་འཁོར་གཅིག་”བཅས་གཙོ་གནད་ལས་གཉེར་སྐྱེལ་འདྲེན་རླངས་འཁོར་སྦྲེལ་མཐུད་དང་དཀྱུས་གཅིག་ཏུ་ཚོད་འཛིན་མ་ལག་རིག་ནུས་ཅན་གྱི་ཆུ་ཚད་མཐོར་འདེགས་བཏང་།   དོ་དམ་ལམ་ལུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།   ཁེ་ལས་ལྟ་སྐུལ་ཚོད་འཛིན་མི་སྣ་ལ་གནད་ཁེལ་བའི་ལྟ་སྐུལ་ཚོད་འཛིན་བྱེད་ཐབས་གསོ་སྦྱོང་བྱས་ནས།   ལྟ་སྐུལ་ཚོད་འཛིན་དཔྱད་ཞིབ་དམིགས་ཚད་ཁག་མཐོར་འདེགས་ཆེན་པོ་བྱུང་ཡོད་པས།   བོད་རང་སྐྱོང་ལྗོངས་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་བསྟོད་བསྔགས་གནང་།
འགྲིམ་འགྲུལ་+གཞི་གྲངས་ཆེ་མོ།
བོད་ལྗོངས་ཡུལ་བསྐོར་གཞི་གྲངས་གཞི་ཆེ་མོའི་ལྟེ་གནས་དབུ་ཚུགས་པའི་མཛད་སྒོ།
            ལྷ་སའི་“དྲ་སྦྲེལ་+འགྲིམ་འགྲུལ་”འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་།   ཡུལ་སྐོར་འགྲུལ་སྐྱེལ་དང་དུས་གཏོང་འགྲུལ་སྐྱེལ།   འགྲིམ་འགྲུལ་ཟོག་འགྲེམས་ཐོན་ལས་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྣེ་ཁྲིད་ནས་ལྷ་སའི་འགྲིམ་འགྲུལ་ཡུལ་སྐོར་གཞི་གྲངས་གཞི་ཆེ་མོའི་ལྟེ་གནས་དབུ་བརྙེས།
བོད་ལྗོངས་ཀྱིས་ཡུལ་སྐོར་འགྲུལ་འཁོར་བསྒྱུར་བཅོས་དང་།   གྲོང་ཁྱེར་བར་དང་རྫོང་བར་གྱི་འགྲུལ་སྐྱེལ་ལམ་ཐིག་བསྒྱུར་བཅོས།   ལྷ་ས་གྲོང་ཁྱེར་སྐྱེལ་འདྲེན་དོ་དམ་དང་འགྲིམ་འགྲུལ་ཕྱོགས་བསྡུས་ཁྲིམས་བསྟར་གྱི་སྒྲིག་སྲོལ་བསྒྱུར་བཅོས།   ལྷ་ས་གྲོང་ཁྱེར་“ལོ་ལྔ་ཚན་བཅུ་གསུམ་པའི་”ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་འཆར་འགོད་སྒྲིག་བཟོ་སོགས་ཀྱི་ལས་དོན་སྔ་རྗེས་སུ་སྔོན་དུ་ལེགས་གྲུབ་བྱུང་།   ལྷ་ས་གྲོང་ཁྱེར་གྱིས་གླ་གཏོང་རླངས་འཁོར་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བསམ་འཆར་དང་དྲ་རྒྱའི་རླངས་འཁོར་མངགས་གཏོང་ཚད་ལྡན་འཕེལ་རྒྱས་ཀྱི་ཇུས་གཞིའི་འཆར་ཟིན་བཟོ་བའི་ལས་ཀ་ཡོངས་སུ་འགྲུབ་པས།   རེས་སྐོར་གཉིས་པའི་གླ་གཏོང་རླངས་འཁོར་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་།
གསར་དུ་གཉེར་བའི་ཡུལ་སྐོར་འཁོར་ཁང་།
འགྲིམ་འགྲུལ་+དམངས་འཚོ།
            རྒྱལ་ཁབ་“སྤྱི་སྤྱོད་རླངས་འཁོར་གྱི་གྲོང་ཁྱེར་”གཏོད་པའི་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་ཆེད།   ལྷ་སའི་དོན་དངོས་དང་གྲོང་ཁྱེར་གྱི་འཕེལ་རྒྱས་ངེས་གནས་ཟུང་འབྲེལ་གྱིས་རྒྱལ་ཁབ་“སྤྱི་སྤྱོད་རླངས་འཁོར་གྱི་གྲོང་ཁྱེར་”ལག་བསྟར་ཇུས་གཞི་བཟོས།   ཐེངས་དང་པོར་ལྷ་སའི་སྤྱི་པའི་འགྲིམ་འགྲུལ་རྒྱུན་མཐུད་འཕེལ་རྒྱས་དང་གྲོང་ཁྱེར་གྱི་འགྲིམ་འགྲུལ་འཚང་ཁ་སེལ་བའི་ཐབས་ཇུས་མ་ལག་ཆ་ཚང་བ་བཏོན།   མགྱོགས་མྱུར་གྱིས་མཉམ་སྤྱོད་རྐང་འཁོར་6800ནང་འདྲེན་མཁོ་སྤྲོད་བྱས།
ལྷ་སའི་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་དཔེ་སྟོན་ལམ་ཐིག
མལ་གྲོ་གུང་དཀར་རྫོང་གྲོང་གསེབ་ཀྱི་སྤྱི་སྤྱོད་རླངས་འཁོར།
            དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་དང་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ལ་རམ་འདེགས་དང་།   གྲོང་གསེབ་ཀྱི་འགྲུལ་སྐྱེལ་གོང་འཕེལ་མགྱོགས་སུ་གཏོང་ཆེད།   ཆུ་ཤུར་དང་སྟོད་ལུང་།   ལྷུན་གྲུབ།   མལ་གྲོ་བཅས་རྫོང་4ཡིས་ལྗོངས་ཡོངས་ཀྱི་སྔོན་ལ་གྲོང་གསེབ་འགྲུལ་སྐྱེལ་ཤར་གཏོང་བྱས།   2018ལོར་གྲོང་ཁྱེར་ཡོངས་ཀྱི་ཤང་གྲོང་ཤར་གཏོང་ཐུབ་ཚད་100%ཟིན།   སྲིད་འཛིན་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་26%ནས་80%ཡན་བར་མཐོ་རུ་ཕྱིན་ཡོད།   གྲོང་གསེབ་འགྲུལ་སྐྱེལ་ལམ་ཐིག་རྒྱུད་ཀྱི་གྲོང་གསེབ་30ལྷག་ཙམ་གྱི་གྲོང་གསེབ་དཔལ་འབྱོར་མཉམ་ལས་ཁང་གི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས།   གྲོང་ཁྱེར་ཡོངས་ཀྱི་གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་ལ་ཞབས་ཞུ་དང་།   མི་སེར་ལས་ཞུགས་ལ་སྐུལ་ཁྲིད་བྱས།   བོད་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ལྗོངས་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲུལ་སྐྱེལ་གཞི་གཅིག་ཅན་དུ་འཕེལ་རྒྱས་འགྲོ་བའི་“ལྷ་སའི་མ་དཔེ་”ཁྱབ་སྤེལ་བྱས།   སྐྱེལ་འདྲེན་ལས་གཉེར་མི་སྣ་ལ་དྲ་རྒྱའི་སྟེང་ནས་རྒྱུན་མཐུད་སློབ་གསོ་ལ་སྐུལ་འདེད་ལག་བསྟར་བྱས་པས་མི་སེར་གྱིས་སློབ་སྦྱོང་བྱེད་པར་སྟབས་བདེར་སོང་བ་དང་དམངས་འཚོའི་ཞབས་ཞུའི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད།
ལྷུན་གྲུབ་རྫོང་གྲོང་གསེབ་ཀྱི་སྤྱི་སྤྱོད་རླངས་འཁོར།
འགྲིམ་འགྲུལ་+ཤེས་ལྡན་མི་སྣ།
            “ཁྲག་འདྲེན་”དང་“ཁྲག་བཟོ་”བ་ཟུང་འབྲེལ་བྱེད་པ་མཐའ་འཁྱོངས་དང་།   ཤེས་ལྡན་མི་སྣ་གསོ་སྦྱོང་དང་སྤེལ་རེས་འགྲོ་འོང་ལས་དོན་ཤུགས་ཆེར་བཏང་།   ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་དང་ནན་ཐུང་མཚོ་ཐོག་སྐྱེལ་འདྲེན་ལས་རིགས་ལག་རྩལ་སློབ་གླིང་བར་ཤེས་ལྡན་མི་སྣ་གསོ་སྦྱོང་བྱེད་པའི་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད།   ལྷ་ས་འགྲིམ་འགྲུལ་ཐོན་ལས་ཚོགས་པ་དང་ཁྲང་ཀྲིག་སྤྱི་སྤྱོད་རླངས་འཁོར་ཚོགས་པའི་བར་རྒྱུན་རྣམ་ཅན་གྱི་སྤེལ་རེས་དང་མཉམ་ལས་ལམ་སྲོལ་བཙུགས།   སྔ་རྗེས་སུ་རིགས་ཁག་གི་མི་སྣ་མི་ཐེངས་600ལྷག་གསོ་སྦྱོང་བྱས།   “ཕྱིར་བསྐྱོད་པ་དང་ནང་དུ་གདན་འདྲེན་པའི་”རྨང་གཞིའི་ཐོག་ཅང་སུའུ་འགྲིམ་འགྲུལ་བོད་སྐྱོར་ལས་བྱེད་ཤེས་ལྡན་མི་སྣས་ཆེད་ལས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས།   ལྗོངས་ཡོངས་ཀྱི་བཟོ་ལས་དང་གྲོང་ཁྱེར་ཡོངས་ཀྱི་གཞུང་ལམ་སྐྱེལ་འདྲེན་ལས་རིགས་ཀྱི་མི་སྣར་གསོ་སྦྱོང་སློབ་ཁྲིད་བྱས།   བོད་རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་ཀྱི་ཡིག་ཆ་ལ་ཞིབ་འཇུག་དང་གསར་བཟོ་བྱེད་པར་ཧུར་ཐག་གིས་ཞུགས།   སྐྱེལ་འདྲེན་དོ་དམ་འཆད་ཁྲིད་ཆེན་མོ་སྤེལ་ནས།   ལས་རིགས་དོ་དམ་མི་སྣའི་ལས་སྒོའི་བྱང་ཚད་མཐོ་རུ་ནུས་ལྡན་བཏང་སྟེ།   ལྷ་སའི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ལ་ཡིད་རྟོན་ཆོག་པའི་ཤེས་ལྡན་མི་སྣ་ཁག་གཅིག་གསོ་སྐྱོང་བྱས་ཡོད།
2018ལོའི་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ལས་དོན་གོང་འཕེལ་གཏོང་བའི་གསོ་སྦྱོང་འཛིན་གྲྭ།
ལྷ་ས་གྲོང་ཁྱེར་ལས་སྒོའི་རྐང་འཛིན་པ་ཅང་སུའུ་རུ་སོང་ནས་གསོ་སྦྱོང་བྱས།
ཅང་སུའུ་ཞིང་ཆེན་གྱི་ཆེད་མཁས་པ་བོད་ལྗོངས་སུ་ཕེབས་ནས་སློབ་ཁྲིད་བྱེད་པ།
འབྲེལ་ཡོད་རྩོམ་ཡིག