ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ཀྱི་མི་རིགས་གྱོན་ཆས་དང་དེང་རབས་ཀྱི་གྱོན་ཆས་འགྲེམས་འཁྲབ་བྱེད་སྒོ་ལྷ་སར་སྤེལ་བ།

2018-08-13 སངས་སྐྱབས་ཀྱིས་བསྒྲིགས།
འདི་ནི་གྱོན་ཆས་འགྲེམས་འཁྲབ་ཀྱི་ཚོགས་ར་ཡིན་པ།
          འདི་ག་དྲ་བ་ལྷ་ས་ནས་སྤེལ་བའི་གནས་ཚུལ། ཟླ་8ཚེས་12ཉིན་ནི་2018ལོའི་ཀྲུང་གོ་ལྷ་སའི་ཞོ་སྟོན་གྱི་ཉིན་གཉིས་པ་ཡིན་ཞིང་།  ཞོ་སྟོན་གྱི་ཉིན་དང་པོར་གོས་སྐུ་བཤམས་པ་དང་། ནོར་བུ་གླིང་ག་དང་རྫོང་རྒྱབ་ཀླུ་ཁང་ལ་སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་སྟོན་བྱེད་སྒོ་སྤེལ་བཞིན་ཡོད། ད་ལོའི་ཞོ་སྟོན་གྱི་བྱེད་སྒོའི་ཁྲོད་སྔོན་གྱི་ལོའི་བྱེད་སྒོ་དང་མི་འདྲ་བ་བཀྲག་མདངས་ཆེས་འཚེར་བའི་གྱོན་གོས་འགྲེམས་འཁྲབ་ཀྱི་བྱེད་སྒོ་དེ་ཟླ་8ཚེས་12ཉིན་བོད་ལྗོངས་ཀྲུའུ་ཅི་ཨར་ཁང་ཆེ་མོར་སྤེལ་ཡོད། 
འདི་ནི་གྱོན་ཆས་འགྲེམས་འཁྲབ་ཀྱི་ཚོགས་ར་དངོས་ཡིན་པ།
          ད་ཐེངས་ཀྱི་བྱེད་སྒོ་འདི“གཙང་མཛེས་ཞོ་སྟོན།  བདེ་སྐྱིད་འཚོ་བ”བརྗོད་དོན་དུ་བྱས་པའི་གྱོན་གོས་འགྲེམས་འཁྲབ་ནི་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དང་པེ་ཅིང་གྱོན་ཆས་སློབ་གླིང་གཉིས་ཀྱིས་མཉམ་ལས་ཐོག་ཕན་ཚུན་སློབ་སྦྱོང་བྱེད་པའི་གྱོན་ཆས་ཀྱི་འགྲེམས་འཁྲབ་བྱེད་སྒོ་ཞིག་ཡིན། 
འདི་ནི་ལྗོངས་གླུ་གར་ཚོགས་པས་གྱོན་ཆས་འགྲེམས་འཁྲབ་བྱེད་སྒོའི་བར་དུ་གླུ་གར་འཁྲབ་སྟོན་བྱེད་བཞིན་པ།
          “གཙང་མཛེས་ཞོ་སྟོན།  བདེ་སྐྱིད་འཚོ་བ”ཞེས་པའི་བརྗོད་དོན་གཙོ་བོའི་གྱོན་ཆས་འགྲེམས་འཁྲབ་ཀྱི་བྱེད་སྒོའི་ནང་ཁྱོན་འཆར་འགོད་མཁས་ཅན་མི་12ཡོད་ཅིང་དེའི་ཁྲོད་དུ་པེ་ཅིང་གྱོན་ཆས་སློབ་གླིང་གི་གྱོན་ཆས་འཆར་འགོད་པ་མི་7དང་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་གྱོན་ཆས་འཆར་འགོད་པ་མི་5བཅས་ཡོད།  གསར་གཏོད་བྱས་པའི་འཆར་འགོད་ཀྱི་གྱོན་ཆས་གྲངས་58ཡོད་པ་དང་། བོད་རིགས་ཀྱི་སྲོལ་རྒྱུན་གྱོན་ཆས་གྲངས་26བསྡུ་རུབ་བྱས་པ་བཅས་ཁྱོན་གྱོན་ཆས་གྲངས་84འགྲེམས་འཁྲབ་བྱས་པ་རེད།   གྱོན་ཆས་འགྲེམས་འཁྲབ་ཀྱི་མོ་ཐྲོལ་མི་གྲངས་ཁྱོན་54ཡོད་ལ་དེའི་ཁྲོད་པེ་ཅིང་གྱོན་ཆས་སློབ་གླིང་གི་མོ་ཐྲོལ་མི་གྲངས་30ཡོད་ཅིང་གཞན་དག་རྣམས་ནི་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་མོ་ཐྲོལ་རེད། 
འདི་ནི་ལེའུ་དང་པོ་སྲོལ་རྒྱུན་གྱི་ལེའུ་ཞེས་པའི་ནང་དུ་བོད་རིགས་ཀྱི་སྲོལ་རྒྱུན་གྱོན་ཆས་འགྲེམས་འཁྲབ་བྱེད་བཞིན་པ།
འདི་ནི་ལེའུ་དང་པོ་སྲོལ་རྒྱུན་གྱི་ལེའུ་ཞེས་པའི་ནང་དུ་བོད་རིགས་ཀྱི་སྲོལ་རྒྱུན་གྱོན་ཆས་འགྲེམས་འཁྲབ་བྱེད་བཞིན་པ།
          ད་ཐེངས་ཀྱི་གྱོན་ཆས་འགྲེམས་འཁྲབ་བྱེད་སྒོ་ཁྱོན་ལེའུ་གསུམ་དུ་དབྱེ་ཞིང་། ལེའུ་དང་པོ་ནི་སྲོལ་རྒྱུན་གྱི་ལེའུ་དང་། ལེའུ་གཉིས་པ་དེང་རབས་ཀྱི་ལེའུ། ལེའུ་གསུམ་པ་མ་འོངས་ཀྱི་ལེའུ་བཅས་རེད། ལེའུ་དང་པོའི་སྲོལ་རྒྱུན་གྱི་ལེའུ་ཞེས་པའི་ནང་གི་བོད་རིགས་ཀྱི་སྲོལ་རྒྱུན་གྱོན་ཆས་རྣམས་ནི་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས་ཉོ་སྒྲུབ་བྱས་པ་དང་།  ལེའུ་གཉིས་པའི་དེང་རབས་ཀྱི་ལེའུ་ཞེས་པའི་ནང་གི་གྱོན་ཆས་རྣམས་ནི་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས་འཆར་འགོད་དང་སྒྱུར་བཟོ་བྱས་པ། ལེའུ་གསུམ་པ་མ་འོངས་ཀྱི་ལེའུ་ཞེས་པའི་ནང་གི་གྱོན་ཆས་རྣམས་ནི་པེ་ཅིང་གྱོན་ཆས་སློབ་གླིང་གིས་སྣེ་ཁྲིད་དེ་འཆར་འགོད་བྱས་པ་རེད། ལེའུ་རེ་རེའི་གྱོན་ཆས་ཀྱི་འཁྲབ་སྟོན་སྔོན་དུ་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པ་དང་། ལྗོངས་གླུ་གར་ཚོགས་པ།  བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་བཅས་ཀྱིས་གླུ་གར་འཁྲབ་སྟོན་བྱས་ཡོད། 
འདི་ནི་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས་འཆར་འགོད་བྱས་པའི་དེང་རབས་ཀྱི་ལེའུ་ཞེས་པའི་གྱོན་ཆས་འགྲེམས་འཁྲབ་བྱེད་བཞིན་པ།
          ད་ཐེངས་ཀྱི་གྱོན་ཆས་འགྲེམས་འཁྲབ་ནི་ལྷ་ས་གྲོང་ཁྱེར་ཞོ་སྟོན་དུས་ཆེན་གྱི་ལོ་རྒྱུས་ཐོག་ཐེངས་དང་པོའི་གྱོན་ཆས་ཀྱི་འགྲེམས་འཁྲབ་བྱེད་སྒོ་ཡིན་ལ། ལས་རིགས་ཁག་གི་གྲོགས་པོ་ཚོའི་སྤྱན་ལམ་དུ་སྲོལ་རྒྱུན་གྱི་མཛེས་པ་དང་དེང་རབས་ཀྱི་ཉམས་འགྱུར་ལྡན་པའི་གྱོན་ཆས་ཀྱི་ལག་རྩལ་དང་། གསར་བཟོ། ཕུགས་འདུན་བཅས་ཁྲ་ཆུང་མིག་གི་སྟོན་མོ་ཆེན་པོ་ཞིག་བཤམས་ཡོད། 
འདི་ནི་པེ་ཅིང་གྱོན་ཆས་སློབ་གླིང་གིས་འཆར་འགོད་བྱས་པའི་ལེའུ་གསུམ་པ་མ་འོངས་ཀྱི་ལེའུ་ཞེས་པའི་གྱོན་ཆས་འགྲེམས་འ
འབྲེལ་ཡོད་རྩོམ་ཡིག