ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

འཇུ་གྲོང་ཚོས་སྣོད་བཅུད་ཕྱུག་འགྱུར་ལམ་བུ་སྲུང་སྐྱོང་བྱས་པ།

2018-11-22 རིན་སྒྲོལ་གྱིས་བསྒྲིགས།
ཚང་ཚིང་གཡུ་ལོ་འཁྲིགས་པའི་འཇུ་གྲོང་ཚོའི་ཟུར་ཞིག
       ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། འཇུ་གྲོང་ཚོ་ནི་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་དུ་གནས་ཡོད་པ་དང་། རྫོང་དང་བར་ཐག་སྤྱི་ལེ་7ཡོད། ཆ་སྙོམས་ས་བབ་མཐོ་ཚད་སྨི་3860ཡོད་ཅིང་། ཞིང་ལས་གཙོ་བོར་བྱེད་པ་དང་འབྲོག་ལས་ཞོར་དུ་བྱེད་པའི་སྲིད་འཛིན་གྲོང་ཚོ་ཞིག་ཡིན་པ་དེར་རྨོ་ཞིང་རྒྱ་ཁྱོན་མུའུ་1877.25དང་། རྩྭ་རའི་རྒྱ་ཁྱོན་མུའུ་ཁྲི་5.89ཡོད། ལོ་མང་པོའི་རིང“གྲོང་ཚོ་ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་སྣེ་ཁྲིད་འོག་གྲོང་ཚོ་ཡོངས་སུ་ཤིང་འཛུགས་ནགས་གསོ་མུའུ་ཆིག་སྟོང་ཙམ་བྱས་ཡོད་པ་རེད།
       “བདེ་སྐྱིད་འཚོ་བ་ནི་འབད་འཐབ་ལ་བརྟེན་ནས་བྱུང་བ་རེད”ཅེས་པ་དེ་ནི་འཇུ་གྲོང་ཚོའི་གྲོང་མིས་རྟག་ཏུ་ཤོད་པའི་སྐད་ཆ་ཞིག་རེད། དེ་སྔོན་གྲོང་མིའི་ཚོང་གཉེར་འདུ་ཤེས་ཞན་པ་དང་། ཕྱིར་འགྲོ་འདོད་མེད་པ། བསམ་བློའི་གོ་རྟོགས་ཀྱང་མཐོ་པོ་མེད། ད་ཆ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་སོགས་བརྒྱུད་གྲོང་ཚོར་རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བས། མི་དེ་བས་མང་བ་ཕྱི་ཕྱོགས་སུ་ལས་ཀ་འཚོལ་བར་འགྲོ་འདོད་བྱེད་ཀྱི་ཡོད། མིག་སྔར་དུད་ཚང་མི་རེ་ངོ་རེར་ཕྱི་ཕྱོགས་སུ་གླ་པ་རྒྱུག་མཁན་མི་གཅིག་ནས་གཉིས་བར་ཡོད་པ་དང་། གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་2008ལོ་དང་བསྡུར་ན་ལྡབ་གསུམ་འཕར་ནས་སྒོར་ཁྲི་གཅིག་ལྷག་ཙམ་ཟིན་གྱི་ཡོད།
       2006ལོར་ལག་བསྟར་བྱས་པའི་བདེ་སྡོད་ལས་གྲྭས་དུད་ཚང་མི་རེ་ངོ་རེ་ཡངས་ཤིང་དཀར་ཆ་དོད་པའི་ཁང་པ་གསར་པར་སྡོད་རྒྱུ་བྱུང་བ་དང་། འཚོ་བའི་གད་སྙིགས་གཅིག་སྡུད་གཙང་སེལ་བྱས་ཏེ་གྲོང་མི་ཚོས་སྐྱོན་བྲལ་དང་ཤེས་དཔལ་ལྡན་པའི་འཚོ་བ་གསར་པ་སྐྱེལ་བ། 2007ལོར་གྲོང་ཚོ་ཡོངས་སུ་གློག་ཤར་གཏོང་ཐུབ་པ། གྲོང་མིས་བརྙན་འཕྲིན་དང་ལག་ཐོགས་ཁ་པར་བརྒྱུད་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་དང་སྔོན་ཐོན་ཚན་རིག་ལག་རྩལ་ཤེས་རྟོགས་བྱེད་པ། གྲོང་མི་མང་ཆེ་བས་ལག་ཐོགས་ཁ་པར་ནས་དངུལ་སྒྱུར་ཤེས་ཀྱི་ཡོད་པས་ཐོན་སྐྱེད་དང་འཚོ་བར་སྟབས་བདེ་ཆེན་པོ་བསྐྲུན་ཡོད། 2013ལོར་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་བྱེད་པའི་རྣམ་གྲངས་ལག་བསྟར་བྱས་པ་དང་། 2015ལོར་གྲོང་ཚོར་གྲོང་ལམ་མཁྲེགས་འགྱུར་ལས་གྲྭ་ལེགས་གྲུབ་ཟིན་ནས་མཁྲེགས་འགྱུར་བྱེད་ཚད་100%ཟིན་ཡོད། གནམ་དྭངས་དུས་ཐལ་བས་ཁེངས་པ་དང་། ཆར་ཞོད་དུས་སུ་འདམ་རྫབ་ཀྱིས་ཁེངས་པའི་འཚོ་བ་དེ་ནས་མཇུག་འགྲིལ་བ་རེད།
       ཉེ་བའི་ལོ་ཤས་རིང་། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་སྣེ་ཁྲིད་འོག་འཇུ་གྲོང་ཚོའི་གྲོང་མིའི་འཕེལ་རྒྱས་ཀྱི་ལམ་བུ་དེ་བས་གཏན་འཁེལ་བྱུང་བ་དང་འཚོ་བ་དེ་བས་ཕྱུག་པོར་གྱུར་ནས་ཁོར་ཡུག་མཛེས་སྡུག་ལྡན་པའི་གྲོང་ཚོ་འཛུགས་སྐྲུན་བྱེད་པ་དེ་ཚང་མའི་དམིགས་ཚད་གསར་པར་གྱུར་ཡོད།
       གྲོང་མིའི་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་རིམ་བཞིན་ཆེ་རུ་སོང་བ་དང་བསྟུན་ནས། ལོ་ལྟར་དཔྱིད་ཀ་གྲོང་ཚོའི་འོས་འགན་ཤིང་འཛུགས་ནགས་གསོ་བྱེད་པའི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བ་དང་། གྲོང་མིའི་ཚོགས་ཆུང་ལྔ་ཡིས་ཁྱོན་ལྕང་མ་མུའུ་ཆིག་སྟོང་ཙམ་བཏབ་པ་དང་། གྲོང་ཚོའི་སྒྲིག་སྲོལ་གཞིར་བཟུང་ལོ་ལྟར་མི་རེས་ངེས་པར་དུ་ལྕང་རྐང་10ནས་20བར་འདེབས་དགོས་ཀྱི་ཡོད། ཞིང་ཁ་དང་རྩྭ་རར་གཏོར་བཤིག་མི་གཏོང་བའི་རྨང་གཞིའི་འོག་ས་ཆ་སྟོང་པ་གང་དུ་ཡོད་ཀྱང་གྲོང་མིས་དེར་ལྕང་མ་འདེབས་ཀྱི་ཡོད།
       ཁོར་ཡུག་ལེགས་སུ་ཕྱིན་པ་དང་སྲོག་ཆགས་དེ་བས་མང་བ་འཇུ་གྲོང་ཚོར་སླེབས་ཡོད། སྲོག་ཆགས་དེ་དག་ལ་སྲུང་སྐྱོབ་བྱ་ཆེད་གྲོང་ཚོར་ནགས་སྐྱོང་བ་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོབ་མཁན་སོགས་ཀྱི་ལས་གནས་ཆེད་མངགས་བཙུགས་ཡོད་པ་དང་། གྲོང་ཚོ་དེ་གའི་འཚོ་བར་དཀའ་ངལ་ཡོད་པའི་གྲོང་མིས་འགན་ཁུར་ཏེ་ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་དུས་མཚུངས་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་དཔལ་འབྱོར་ཀྱི་ཡོང་འབབ་གསོག་རོགས་བྱས་ཡོད་པ་རེད།
འབྲེལ་ཡོད་རྩོམ་ཡིག